མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམར་ཤོག་ཚོགས་པའི་ཤི་གསོན་གྱི་འཐབ་འཛིང་།

བོད་ཀྱི་དུས་བབ།
༢༠༡༤/༠༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཀྲོ་ཨིར་ཅིན་གྱིས་བརྩམས། པདྨ་མཚོས་བསྒྱུར།

མི་རྣམས་ཀྱིས་དོ་སྣང་བྱེད་ཡུལ་དུ་གྱུར་བའི་རྒྱ་གཞུང་གིས་གསར་དུ་བཙུགས་པའི་བཅོས་བསྒྱུར་གཏིང་ཟབ་སྣེ་ཁྲིད་ཚོགས་ཆུང་དང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་ཞེས་པའི་ནང་། སྲིད་བློན་ལི་ཁེ་ཆིང་སྣེ་ཁྲིད་ཚོགས་ཆུང་གི་ཚོགས་གཞོན་དང་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་གཞོན་པར་བསྐོ་བཞག་བྱས་ཡོད། རྒྱ་གཞུང་གི་དབང་འཛིན་སྒྲིག་གཞི་གསར་པའི་ཆབ་སྲིད་ལམ་ལུགས་ལ་རིགས་བསྒྲེ་བ་ཡིན་ན། ཞི་ཅིན་ཕིན་སྲིད་འཛིན་དང་ལི་ཁེ་ཆིང་སྲིད་འཛིན་གཞོན་པ་ཡིན་ལ།ལི་ཁེ་ཆིང་སྲིད་བློན་ཡིན་པའི་ཆ་ནས་ཁོ་བོའི་ལས་འགན་གཙོ་བོ་རྒྱལ་ཁབ་ཀྱི་དཔལ་འབྱོར་ལས་དོན་ཡིན་ནའང་། ཁོས་ཅིའི་ཕྱིར་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་གཞོན་པའི་འགན་འཁུར་བ་རེད། འདི་ལྟར་བཀོད་སྒྲིག་བྱས་པའི་དགེ་མཚན་ནི། གལ་སྲིད་ཞི་ཅིན་ཕིན་ལ་གནད་དོན་ཞིག་བྱུང་ཚེ། ལི་ཁེ་ཆིང་གིས་མགྱོགས་མྱུར་ངང་ཞི་ཅིན་ཕིན་གྱི་དབང་ཆ་རྒྱུན་འཛིན་བྱེད་ཐུབ་པ་རེད།

ཀྲུག་ཡོང་ཁཱང་འཛིན་བཟུང་བྱས་རྗེས། ཞི་ཅིན་ཕིན་སྲིད་གཞུང་གི་ཁ་གཏད་དུ་ལངས་བའི་ཅང་ཙེ་མེན་ཚོགས་པའི་རྒན་རབས་པ་ཅང་ཙེ་མེན་དང་ཙིན་ཆིན་ཧོང་གཉིས་སེམས་པ་གནག་ཅིང་སྦྱོར་བ་རྩུབ་པ། ལྐོག་གསོད་ཀྱི་ལས་ལ་བྱང་ཆུབ་པའི་མི་སྣ་གཉིས་ཡིན་ལ། ཁོ་བོ་གཉིས་ཀྱིས་ཞི་ཅིན་ཕིན་ཚོགས་པ་མགོ་གཏིང་སློག་པར་སྨྱོ་ཧམ་ཆེན་པོས་འཕག་འཚག་རྒྱག་གི་ཡོད་པ་མ་ཟད། ཡང་བསྐྱར་ཞི་ཅིན་ཕིན་ལྐོག་གསོད་བྱེད་པའི་ངན་ཇུས་བཤམ་སྲིད་སྟབས།ཞི་ཅིན་ཕིན་ཚོགས་པས་འགོག་སྲུང་དོགས་ཟོན་མི་བྱེད་ཐབས་མེད་ཅིག་ཆགས་ཡོད།

རྒྱ་གཞུང་གི་མཐོ་རིམ་དཔོན་རིགས་ཚོས་དངུལ་དངོས་ཕོན་ཆེན་ལྐོག་ཟ་བྱས་ཏེ་ཕྱི་ཕྱོགས་སུ་གསོག་ཉར་བའི་གནད་དོན་ཕྱིར་གྱར་བ་བརྒྱུད། ཅང་ཚོགས་པས་ཞི་ཅིན་ཕིན་ཚོགས་པར་མཉམ་དུ་རྩ་མེད་འགྲོ་བའི་ངན་བལྟས་བསྟན་ཡོད་པ་མ་ཟད། ཕྱིས་ཀྱི་དབང་ཆ་འཐབ་རྩོད་ཀྱི་བརྒྱུད་རིམ་ཁྲོད་ཅང་ཚོགས་པས་འགུལ་སྐྱོད་གང་འདྲ་བྱེད་རྒྱུ་ཡིན་མིན་ཚོད་དཔག་བྱེད་དཀའ་བའི་གནད་དོན་ཞིག་ཏུ་གྱུར་ཡོད། འདིས་གནས་བབ་སྤྱི་ཡོངས་ལ་སྔར་ལས་ཉེན་ཁ་དང་ངེས་གཏན་མེད་པའི་རྒྱུ་རྐྱེན་མང་པོ་བསྐྲུན་ཡོད། སྔོན་ཆད་ཅང་ཚོགས་པས་ཐེངས་ ༣ ལ་ཧུའུ་ཅིན་ཐའོ་ལྐོག་གསོད་བྱེད་རྩིས་དང་། ཐེངས་ ༢ ལ་ཞི་ཅིན་ཕིན་ལྐོག་གསོད་བྱེད་རྩིས་བྱས་ཡོད་ཀྱང་ལེགས་འགྲུབ་བྱུང་མེད། འོན་ཀྱང་། ཅང་ཚོགས་པའི་ལྐོག་གསོད་ཀྱི་དམིགས་འབེན་དེར་ནམ་ནམ་ཞར་ཞར་ལ་ལྷ་མོ་འོད་ཟེར་ཅན་མས་ཞལ་གཟིགས་དང་མགོན་སྐྱབས་གནང་མི་སྲིད་སྟབས། ནམ་ཞིག་ཅང་ཚོགས་ཀྱི་འགུལ་སྐྱོད་ཅིག་ལམ་ལྷོངས་བྱུང་བ་ཡིན་ན།ཞི་ཚོགས་པ་རྩ་མེད་དུ་འགྲོ་བའི་ཆག་སྒོ་ཆེན་པོ་ཞིག་རེད། དེའི་ཕྱིར་ལི་ཁེ་ཆིང་ཐད་ཀར་ཞི་ཅིན་ཕིན་གྱི་རྒྱུན་འཛིན་པའི་གོ་གནས་སུ་བཀོད་སྒྲིག་བྱས་ཏེ།ཞི་ཚོགས་པའི་འབྱུང་འགྱུར་གྱི་ཉེན་ཁ་ཆེ་བའི་གནས་བབ་ཆུང་ཕྲ་ནས་འགུལ་སྐྱོད་གྲ་སྒྲིག་བྱས་ཡོད། དེ་ཡིས་ཞི་ཚོགས་པས་ཆེས་སྡུག་ས་ནས་གྲ་སྒྲིག་བྱས་ཟིན་པ་མཚོན་གྱི་ཡོད།

ཅང་ཚོགས་ཀྱི་དཔོན་རིགས་པའོ་ཞི་ལེ་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་སྟབས། པའོ་ཡི་ནག་ཉེས་ལས་ལྡབ་འགྱུར་གྱིས་ཚབས་ཆེ་བའི་ཀྲུའུ་ཡོང་ཁཱང་གི་ནག་ཉེས་དེར་སྲོག་ཁྲིམས་གཅོད་སྲིད། དེས་ན་ཀྲུའུ་ཡི་རྒྱབ་ལོགས་སུ་ཡོད་པའི་ཅང་ཙེ་མེན་དང་ཙིན་ཆིན་ཧོང་གཉིས་ལ་ག་རེ་བྱེད་དམ། རྒྱ་གཞུང་གི་ཉེས་ཁྲིམས་ཚད་གཞི་ལྟར་བྱས་ན་སྔ་ས་ནས་སྲོག་ཁྲིམས་གཅོད་པའི་གནས་སུ་བསླེབས་ཟིན། ཅང་ཙེ་མེན་ལ་མཚོན་ནས་བཤད་ན། ཞི་ཅིན་ཕིན་དང་དབང་ཆ་རྩོད་ལེན་བྱེད་པ་དེ་ཤི་གསོན་གྱི་འཐབ་འཛིང་ཞིག་ཡིན་སྟབས།གལ་སྲིད་འཐབ་འཛིང་ལས་རྣམ་པར་རྒྱལ་ཐུབ་ཚེ། ཁོ་ཚོས་ལྐོག་གསོད་དང་སྲིད་བསྒྱུར།དཔལ་འབྱོར་འཇིག་ཉེན་གྱིས་སྤྱི་ཚོགས་ལ་ཟང་ཟིང་སློང་བ་སོགས་ཇུས་ངན་ག་རེ་ཡིན་ནའང་ལག་བསྟར་བྱེད་སྲིད། ཡིན་ནའང་། ཞི་ཅིན་ཕིན་ཚོགས་པར་མཚོན་ན། ད་ལྟའི་གནས་བབ་དེ་མེ་ཆུ་ལྟར་མཐུན་ཐབས་མེད་པའི་ཚབས་ཆེན་རང་བཞིན་དུ་བསླེབ་མེད་པ་འདྲ། དེ་བས་མུ་མཐུད་དུ་གོམ་རེའི་མཚམས་སུ་སྒར་རེ་བཏབས་ཏེ་ཕར་རྒོལ་འགོག་སྲུང་གི་ཐབས་ཇུས་ལག་བསྟར་བྱེད་ཀྱི་ཡོད་པ་ལས།ཆེད་དམིགས་ཀྱིས་ཅང་ཚོགས་ཀྱི་ཉེས་དོན་ལ་ཕྱོགས་ཡོངས་ནས་ཞིབ་རྩིས་བརྒྱབ་མེད།

ཞི་ཅིན་ཕིན་ཚོགས་པར་མཚོན་ནས་བཤད་ན། པའོ་ཞེ་ལེ་ཡི་སྔོན་བཤད་ཕྱི་འགྱུར་གྱི་ཁྲིམས་རའི་བྱ་སྤྱོད་དང་། ཁྲིན་ཀང་པོའོ་ཡི་དགོད་བྲོ་བའི་ཟློས་གར། རྒྱུ་དངོས་ཕྱི་ཉར་གྱི་གནད་དོན་སོགས་ཚུད་པའི་ཅང་ཚོགས་ཀྱི་རང་སྲོག་བློས་གཏོང་གི་འགུལ་སྐྱོད་དེ་དག་ལ་འགྲེལ་བརྗོད་བྱེད་ཐབས་མེད། གང་ཡིན་ཟེར་ན། ཁོ་ཚོ་ཅང་ཚོགས་པའི་ཕྱོགས་སུ་ལངས་ཏེ་གནད་དོན་ལ་བསམ་གཞིག་བྱས་མེད་པས་རེད། ནག་ཉེས་ཚབས་ཆེན་བསགས་པའི་ཚོགས་པ་ཞིག་ཡིན་པའི་ཆ་ནས་ཅང་ཚོགས་ཀྱི་དབང་ཆ་མེད་པར་གྱུར་ཚེ། དབང་ཆ་སྒེར་སྤྱོད་ཀྱིས་ནག་ཉེས་འགེབ་སྲུང་བྱེད་ཐབས་མེད་པར་ཕྱོགས་གཏོགས་པ་ཚང་མ་འཇིགས་སྐྲག་གི་ཁྲོད་འཚོ་དགོས། གནས་བབ་དེ་ཁོ་ཚོ་ཐད་ཀར་དམར་གསོད་བཏང་བ་ལས་ཀྱང་གཟོད་དཀའ་བ་ཞིག་ཡིན་སྟབས།ཞི་ཅིན་ཕིན་ཚོགས་པས་སྲིད་དབང་འཛིན་པའི་ནུས་པ་ཇི་ལྟར་མངོན་གསལ་དང་རྒྱ་སྐྱེད་པ་ཡིན་ན། ཅང་ཚོགས་པར་དེ་ལྟར་དབང་ཆ་ཤོར་བཞིན་པའི་ཚོར་བ་ཤུགས་དྲག་གིས་བསླེབས་ཏེ། ཐབས་ཇུས་སྣ་ཚོགས་ཀྱིས་ཞི་ཅིན་ཕིན་ཚོགས་པ་ཕམ་པར་རྒྱག་པའི་ཧམ་སེམས་ཆེ་རུ་འགྲོ་བཞིན་ཡོད།

ཞི་དང་ཅང་ཚོགས་པ་བར་གྱི་ཤི་གསོན་འཐབ་འཛིང་དེ་འདྲ་མཉམ་མིན་པའི་ཆབ་སྲིད་ཀྱི་དབང་ཆའི་འཐབ་རྩོད་ཅིག་ཆགས་ཡོད། ཞི་ཅིན་ཕིན་ཚོགས་པས་ཆབ་སྲིད་ཐད་ཅང་ཚོགས་ལ་སྟབས་བསྟུན་མི་དགོས་པའི་རང་སྐྱ་འཕེལ་བ་ཞིག་བྱེད་འདོད་ཀྱི་ཡོད་ཀྱང་། ཅང་ཙེ་མེན་ཚོགས་པས་ཞི་ཚོགས་པ་ནི་ཤི་གསོན་གྱི་འགག་རྩར་ཐུག་པའི་སྟོབས་ཤུགས་ཐ་དད་པ་ཞིག་ཡིན་སྟབས་ངེས་པར་དུ་མེད་པ་བཟོ་དགོས་པ་ཞིག་ཏུ་སེམས་ཀྱི་ཡོད། འདི་ནི་ཅིའི་ཕྱིར་ཅང་དང་ཞི་ཡི་འཐབ་རྩོད་དེ་གཅིག་ལྷོད་གཅིག་དམ་དང་འགལ་བ་མང་བའི་རྒྱུ་རྐྱེན་རེད།

ཅང་ཚོགས་པས་རྒྱུན་མི་ཆད་པར་དུད་མདའ་འཕངས་ཏེ་ཞི་ཚོགས་པ་སྦྲིད་དུ་འཇུག་གི་ཡོད་ལ། ལྷག་པར་དུ་རྒྱབ་སྐྱོར་སྲོག་ཤིང་དུ་འཛིན་པ་དང་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གཏོང་བ། སྲིད་དབང་ལ་གཏོར་བཤིག་གཏོང་བར་འགོག་རྒོལ་བྱེད་པ་སོགས་ནི་ཅང་ཙེ་མེན་ཚོགས་པས་དུད་མདའ་འཕེན་ས་གཙོ་བོ་རེད། གང་ལྟར་ཞི་ཅིན་ཕིན་ཚོགས་པས་སྟག་རྒན་གྱི་རྔ་མ་ནས་འཇུས་ཚར་སྟབས།ཅང་ཚོགས་པ་ལྟ་བུའི་མི་ཤ་ཟ་མྱོང་བའི་སྟག་རྒན་ཞིག་གི་རྔ་མ་ནས་འཇུ་བ་ཕར་ཞོག་རག་པ་ཙམ་གྱིས་ཁྱོད་ཤི་ང་གསོན་གྱི་དམར་འཛིང་བྱེད་དགོས།སུ་ཞིག་གིས་སྟག་རྒན་རྔོན་རྒྱུ་ཡིན་ཟེར་ན་དེ་གསོན་འཆའ་བྱེད་པར་དུས་ཡུན་རིང་པོ་མི་དགོས།ག་དུས་ཞི་ཅིན་ཕིན་ཚོགས་པས་འཛེམས་ཟོན་མེད་པར་ཅང་ཚོགས་ཀྱི་ནག་ཉེས་ཐེར་འདོན་བྱས་ན། དེ་དུས་ཅང་དང་ཞི་ཡིས་ཁྱོད་ཤི་ང་གསོན་གྱི་འཐབ་འཛིང་བྱེད་པའི་མཐོ་རླབས་སུ་བསླེབས་པ་རེད།   

མ་རྩོམ།http://www.epochtimes.com/gb/14/2/3/n4074308.htm

 

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༩ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༠ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༡༣ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 5

  1. ཚེ་རིང་རྡོ་རྗེ། says:
    ལོ་ 12 སྔོན།

    བསྒྱུར་བ་ལེགས་སོ།། བཀའ་དྲིན་ཞུ།

    རྒྱ་ནག་དམར་ཤོག་གི་དཔོན་ངན་ཚོའི་ནང་ན་དཀར་ནག་གི་དབྱེ་བ་འབྱེད་རྒྱུ་ཆེར་མེད་པ་དང་། ནང་ཁུལ་དུ་ཤོག་ཁག་འདུག་ཟེར་བ་ནི་དམར་ཤོག་གི་ཁྱིམ་རྒྱུད་ཆེན་པོ་དག་གི་དབང་ཤུགས་ལ་ཆེ་ཆུང་ཤོར་བ་ཙམ་ཡིན། ཁོ་ཚོའི་ནང་འགལ་ཇི་ཙམ་ཆེ་ཡང་དམར་ཤོག་ཚོགས་པ་ཐོར་ན། ཁོ་ཚོ་ཚང་མ་མཉམ་དུ་རང་ཤི་བརྒྱབ་པ་དང་མཚུངས་པས། དམར་ཤོག་ཚོགས་པ་སྐྱོབ་པའི་ཆ་ནས་ཁོ་ཚོ་ཚང་མ་མ་གྲོས་རང་མཐུན་ཡིན། འདི་ནི་ཁོ་ཚོའི་འཐབ་རྩོད་ཀྱི་ས་མཚམས་ཡིན་པ་དང་། གལ་སྲིད་དེ་ལས་བརྒལ་ན། བོད་མི་དང་རྒྱ་མི་ཕལ་བ་ཚོར་བཀྲ་ཤིས་པའི་ཉི་མ་ཞིག་འཆར་སྲིད་པས། ང་ཚོ་དགའ་ན་འགྲིག

    Reply
  2. འབྲོག་ཕྲུག་བྷེ་ལོ། says:
    ལོ་ 12 སྔོན།

    བསྒྱུར་བ་པོ་པདྨ་མཚོ་ལ་བཀའ་དྲིན་ཆེ།
    ད་ལྟའི་རྒྱ་ནག་མི་དམངས་ལ་མཚོན་ན། ཞི་ཅིང་ཕིང་ནི་ཀྲུང་གོ་མི་རབས་གསར་པ་དང་དུས་རབས་གསར་པའི་ཁྲོད་དུ་མིག་དཔེ་བལྟ་ཡུལ་གྱི་འགོ་འཁྲིད་ཅིག་ཏུ་གྱུར་དང་འགྱུར་བཞིན་ཡོད།
    འོན་ཀྱང་བོད་གཙོས་པས་གྲངས་ཉུང་མི་རིགས་ཁག་ལ་མཚོན་ན། ཞི་ཅིང་ཕིང་ནི་གནས་སྐབས་བར་ལྟ་བུར་ཚོར་མོད། ནམ་ཞིག་བལྟ་བཟོད་མུ་ནུས་པའི་དུས་རབས་ཉེར་གཅིག་གི་ཐུན་མོང་དམིགས་བསལ་ཅན་གྱི་ཆེས་གདུག་རྩུབ་ཅན་གྱི་དཔོན་ངན་ཞིག་ཏུའང་འགྱུར་ངེས།
    སྤྱི་ཡོངས་ནས་བཤད་ན། ཞི་ཅིང་ཕིང་ནི་མའོ་དང་ཏིང་གི་དོ་ཟླ་རུ་ལངས་ཐུབ་པ་མངོན་ཟིན་ལ། ནམ་ཞིག་དེ་དག་ལས་ཀྱང་དཔག་ཚད་གཉིས་ཙམ་མཐོ་བར་ནམ་འཕང་བསྐྱོད་དེ་ཉེ་རབས་འཛམ་གླིང་ལོ་རྒྱུས་ཁྲོད་དུ་ཐ་ན་གནམ་ས་བླ་འོག་བསྒྱུར་ནུས་པའི་མི་སྣ་གལ་ཆེན་ཞིག་ཏུའང་འགྱུར་སྲིད། འོན་ཀྱང་དེ་ལྟར་འགྱུར་བར་ཕྱི་ནང་བར་གྱི་རྒྱུ་རྐྱེན་ཇི་སྙེད་ཅིག་ཀྱང་གཞོགས་འདེབས་སུ་ཚང་དགོས་པ་ནི་སྨྲོས་མེད་རེད།
    རྒྱུ་མཚན་དེའི་དབང་གིས་གུས་པས་མིག་ཤེལ་ནག་པོ་གྱོན་ཏེ་ཞི་ཅིང་ཕིང་ལ་ལྟ་སྐབས། ཁོང་གི་མཁྱེན་ཡོན་དང་མཛངས་སྤྱོད་ལ་ཤིན་ཏུ་ནས་ཡི་རངས་ཤིང་མངོན་པར་བསྟོད། འོན་ཀྱང་མིག་ཤེལ་དཀར་པོའི་བརྒྱུད་ནས་བལྟས་ཚེ། ཞེ་གཏིང་ནས་སྡང་ཞིང་སྙིང་ནས་འཁོན་བཞིན་་་་་་་་་་་་་་་་་་་་་་་

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་ ལྐོག་གསོད་ཀྱི་ལས་ལ་བྱང་ཆུབ་པའི་མི་སྣ་གཉིས་ཡིན་ལ། ་་་་་་་

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་ ཀྲུག་ཡོང་ཁཱང་འཛིན་བཟུང་བྱས་རྗེས། ཞི་ཅིན་ཕིན་སྲིད་གཞུང་གི་ཁ་གཏད་དུ་ལངས་བའི་ཅང་ཙེ་མེན་ཚོགས་པའི་རྒན་རབས་པ་ཅང་ཙེ་མེན་དང་ཙིན་ཆིན་ཧོང་གཉིས་སེམས་པ་གནག་ཅིང་སྦྱོར་བ་རྩུབ་པ། ལྐོག་གསོད་ཀྱི་ལས་ལ་བྱང་ཆུབ་པའི་མི་སྣ་གཉིས་ཡིན་ལ། ཁོ་བོ་གཉིས་ཀྱིས་ཞི་ཅིན་ཕིན་ཚོགས་པ་མགོ་གཏིང་སློག་པར་སྨྱོ་ཧམ་ཆེན་པོས་འཕག་འཚག་རྒྱག་གི་ཡོད་པ་མ་ཟད། ཡང་བསྐྱར་ཞི་ཅིན་ཕིན་ལྐོག་གསོད་བྱེད་པའི་ངན་ཇུས་བཤམ་སྲིད་སྟབས།ཞི་ཅིན་ཕིན་ཚོགས་པས་འགོག་སྲུང་དོགས་ཟོན་མི་བྱེད་ཐབས་མེད་ཅིག་ཆགས་ཡོད། ་་་་་་

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    སྟགགསོད་རྔོན་ཆེན་ཞི་ཅིན་ཕིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese