མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚོཊ་ཐེངས་དགུ་བ་ཏྰ་ལའི་བླ་མའི་མཐོ་སློབ་དུ་ཚོཊ་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༤/༠༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐོག སློབ་མ་ཚོས་བོད་རྒྱ་དབྱིན་གསུམ་དང་། ཧིན་རྡུ་བཅས་སྐད་ཡིག་བཞི་ཡོད་པའི་མཐོ་རིམ་སློབ་མའི་དུས་དེབ་ཅིག་པར་བསྐྲུན་བྱ་རྒྱུའི་ཐག་གཅོད་བྱས་འདུག

ཟླ་འདིའི་ཚེས་ ༡༡ ནས་ ༡༤ བར་རྒྱ་གར་རྒྱལ་ཡོངས་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བརྒྱད་པ་རྒྱ་གར་བྱང་ཕྱོགས་གྷོ་ཇི་ར་ཊི་མངའ་སྡེའི་གྲོང་ཁྱེར་བྷ་རོ་ཌར་ཚོགས་ཏེ། མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་དམིགས་ཡུལ་གཉིས་དང་། བོད་ནང་གི་རང་ལུས་མེར་བསྲེཊ་གཙོས་པའི་གྲོས་གཞི་ཁག་ ༦ ཐོག་བགྲོ་གླེང་གོ་བསྡུར་གནང་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༡༤ ཉིན་བྷ་རོ་ཌ་གཙུག་ལག་སློབ་གྲྭའི་རྒྱལ་རབས་སྡེ་ཚན་གྱི་འགན་འཛིན་ཌོག་ཌར་ཨ་དྷི་ཡ་བི་སཱ་སེན་ནཱ་མཆོག་དང་། བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐོག་མར་དབུ་འཛུགས་གནང་མཁན་དང་། ད་ལྟའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་ས་གནས་ཚོགས་གཙོ་རྡོ་རྗེ་ཚེ་བརྟན་རྣམ་གཉིས་ཕེབས་ཏེ་གཏམ་བཤད་བཅས་གནང་རྗེས་ཚོགས་འདུ་མཇུ་སྒྲིལ་ཡོད་འདུག

ཐེངས་འདིའི་ཚོགས་འདུའི་ཐོག་གྲོས་ཆོད་ཁག་ ༨ དང་། ཞུ་སྐུལ་ཁག་ ༡༣ ། བསམ་ཚུལ་ཁག་ ༡༠ བཅས་ཐག་གཅོད་གནང་ཡོད་འདུག་ལ། གྲོས་ཆོད་ཁག་ལས་དང་པོ། བོད་རིགས་མཐོ་རིམ་སློབ་གཉེར་བ་ཡོངས་ཀྱི་ཉིན་གཅིག་དུས་གཅིག་ཏུ་དཔུང་རྟགས་ནག་པོ་བཏགས་པ་དང། ངོ་དེབ་དང་དྲ་རྒྱའི་ཐོག་བོད་དོན་ལས་འགུལ་སྤེལ་རྒྱུ། གཉིས་པ། ༧གོང་ས་མཆོག་གི་འཁྲུངས་སྐར་དུས་བཟང་བདུན་གཅིག་གི་རིང་༼༧གོང་ས་མཆོག་གི་བདུན་ཕྲག༽ ཅེས་སྲུང་གཙི་བྱ་རྒྱུ། གསུམ་པ། མཐོ་སློབ་སོ་སོར་ལྷག་དཀར་སྲུང་གཙི་བྱ་རྒྱུ། བཞི་བ། བོད་ཡིག་དང་རྒྱ་ཡིག དབྱིན་ཇི། ཧིན་རྡུ་བཅས་སྐད་ཡིག་བཞི་ཡོད་པའི་མཐོ་རིམ་སློབ་མའི་དུས་དེབ་ཅིག་པར་བསྐྲུན་བྱ་རྒྱུ།

ལྔ་བ། ཚོགས་ཆེན་ཚོགས་སའི་ས་གནས་ཀྱི་གསར་འགོད་བརྒྱུད་ལམ་དམ་འཛིན་བྱ་རྒྱུ། དྲུག་པ། མ་འོངས་པར་མཐོ་རིམ་སློབ་མའི་ཚོགས་ཆེན་འཚོགས་ཡུལ་ས་གནས་བོད་པའི་སློབ་གྲྭ་དང་གཞིས་ཆགས། དེ་བཞིན་མཐོ་སློབ་ཆ་རྐྱེན་འཛོམས་པའི་ས་ཁུལ། ལྡི་ལི་བོད་ཁྱིམ་སྡོད་ཁང། ནོར་གླིང་མཐོ་སློབ། ཝཱ་ཎ་མཐོ་སློབ། ས་ར་མཐོ་སློབ། ཤེས་རབ་དགའ་ཚལ་སློབ་གླིང་། བྷེང་ལོར། ཏྰ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་། དགོན་སྡེ་ཁག་བཅས་སུ་རེས་མོས་སུ་འཚོགས་རྒྱུ། བདུན་པ། མཐོ་སློབ་ཁག་སོ་སོ་ནས་འཐུས་མི་ས་གནས་འབྲེལ་མཐུད་པ་རེ་རེ་བསྐོ་བཞག་བྱ་རྒྱུ། བརྒྱད་པ། ཚོགས་ཆེན་གྱི་འགྲོ་གྲོན་སླད་ས་གནས་འབྲེལ་མཐུད་པའི་འགན་འཁུར་གྱིས་དཔའ་འབྱོར་བསྡུ་རུབ་གང་ཡོང་བྱ་རྒྱུ་བཅས་ཡིན་འདུག

ད་དུང་། ཚོགས་འདུའི་ཐོག་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་དགུ་བའི་སྤྱི་ཁྱབ་འབྲེལ་མཐུད་པར་མེ་སོར་མཐོ་སློབ་ཀྱི་སློབ་མ་ཚེ་ལོ་རྒྱལ་ལགས་བདམས་ཡོད་པ་དང་། ཚོགས་ཆེན་ཐེངས་དགུ་བ་༧གོང་ས་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་དུ་འཚོགས་རྒྱུའི་གཏན་ཁེལ་བྱུང་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༧ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༩ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༡
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese