མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་ཐའེ་ཝན་རང་བཙན་གྱི་ལག་ཆར་སྤྱད་ན་ཕན་གནོད་ཐེ་ཚོམ་རེད།

བོད་ཀྱི་དུས་བབ།
༢༠༡༤/༠༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཐའེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་སུ་ཐའེ་ཝན་ནང་གི་བོད་པ་ཚོའི་འཚོ་བའི་གནས་སྟངས་དང་ཐའེ་ཝན་གཞུང་དམངས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གནང་ཕྱོགས། དེ་བཞིན་བོད་པའི་ནང་ཆོས་དར་སྤེལ་གནང་ཕྱོགས་བཅས་ཀྱི་སྐོར་ལ་བཅར་འདྲི་ཞུས།

དྲི་བ། ཐའེ་ཝན་སྐུ་ཚབ་དོན་གཅོད་ཀྱི་ལས་འགན་གཙོ་བོ་གང་ཡིན་པ་དང་། དེ་སྔ་སྐུ་ཉིད་ཀྱིས་ལས་དོན་གཙོ་བོ་གང་དག་བསྒྲུབས་ཡོད།

ལན། ཐའེ་ཝན་སྐུ་ཚབ་དོན་གཅོད་ཀྱི་ལས་འགན་གཙོ་བོ། ཐའེ་ཝན་ནང་ཡོད་པའི་བོད་པའི་སྤྱི་ཚོགས་དང་བོད་ཀྱི་ནང་ཆོས་ལ་དོ་སྣང་བྱེད་མཁན་འབུམ་གཅིག་ལྷག་ཡོད་པ་དེ་དང་། བོད་དོན་རྒྱབ་སྐྱོར་བ་བཅས་སྡེ་ཚན་གསུམ་ལ་ལྟ་རྟོག་བྱེད་རྒྱུ་དེ་རེད། ང་ཐོག་མར་ཕར་འབྱོར་སྐབས། བོད་པ་དང་ཐའེ་ཝན་མི་ཆང་ས་རྒྱག་མཁན་ལ་ཡིག་ཆ་རག་གི་མེད་པའི་དཀའ་ངལ་ཞིག་འདུག གཙོ་བོ་ཐའེ་ཝན་གཞུང་གིས་རྒྱལ་ཁབ་ཀྱི་དབྱེ་བ་བཀར་ཏེ་དུས་ཡུན་ག་ཚོད་ནང་ཡིག་ཆ་སྤྲོད་མིན་གྱི་གཏན་འབེབས་བྱས་པ་དང་། རྒྱལ་ཁབ་མེད་པའི་མིར་དམིགས་བསལ་གཏན་འབེབས་མེད་པའི་ཁྲིམས་ཐོག་གི་དཀའ་ངལ་ཞིག་རེད། ང་མ་སོང་སྔོན་ལ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཐའེ་ཝན་ནང་གི་བོད་པར་སྐྱབས་བཅོལ་དང་། ཆང་ས་རྒྱག་མཁན་གྱི་དཀའ་ངལ་ཁག་ལ་ཁྲིམས་མཐུན་རོགས་པ་བྱེད་དགོས་ཞེས་བཀའ་གསལ་བོ་གནང་སོང་། ངས་དོན་གཅོད་ཀྱི་ལས་ཀ་བྱས་ཏེ་བདུན་ཕྲག་གཅིག་མ་འགོར་བར་བོད་མི་ཁག་ཅིག་ཡོང་སྟེ་མིག་ཆུ་གཏོང་གི་འདུག ངས་ལས་ཀ་མགོ་འཛུགས་བྱས་པ་ནས་དེའི་ཐོག་ལ་སྐད་ཆ་བཤད་པ་དང་དྲི་བ་དྲིས་ལན་ཁག་ལ་ལན་བརྒྱབ་པ་ཡིན། རྗེས་སུ་སྐྱབས་བཅོལ་ཐོབ་ཡོད་ལ། ཆང་ས་རྒྱག་མཁན་ཚོར་ཡང་ཡིག་ཆ་རག་སྟེ་བོད་པར་ཁྲིམས་ཐོག་ནས་ཡིག་ཆ་བཟོ་ཐུབ་པ་བྱུང་བ་རེད། དེ་བཞིན། བོད་པ་ནང་ཁུལ་གཏམ་འཆལ་རིགས་ལས་ནང་ཁུལ་མ་འཆམ་པའི་གནས་ཚུལ་ཆུང་ཚགས་རེ་ཟུང་ཕན་ཚུན་གཉིས་ཀ་སྐད་བཏང་བ་དང་། ངོ་ཐུག་བཅུག་ཏེ་གཙང་མ་བཟོས་རྗེས་ད་ལྟ་ཡག་པོ་ཆགས་ཡོད།

དྲི་བ། དེང་སྐབས་ཐའེ་ཝན་ནང་ཆོས་ཚོགས་ཁག་གཙོས་བོད་པའི་ཚོགས་པ་སྐྱིད་སྡུག་ག་ཚོད་ཡོད་པ་དང་། ཁྱོན་བསྡོམས་ཐའེ་ཝན་ནང་བོད་མི་ག་ཚོད་འདུག

ལན། ཐའེ་ཝན་ནང་ད་ཆར་གཞུང་ལ་དེབ་སྐྱེལ་བྱས་ཡོད་པའི་ནང་ཆོས་ཀྱི་ཆོས་ཚོགས་ ༢༠༠ ལྷག་དང་། བོད་པའི་བླ་སྤྲུལ་དང་དགེ་བཤེས། དགེ་འདུན་པ་བཅས་ཀྱིས་བཙུགས་པའི་ཆོས་ཚོགས་ ༡༠༠ ཡས་མས་ཤིག དོན་གཅོད་ལས་ཁུངས་དང་འབྲེལ་བ་ཡོད་པའི་ཆོས་ཚོགས་ ༨༠ ལྷག་བཅས་ཡོད་པ་རེད། ཡིན་ཡང་ཁག་ཅིག་རྫུན་མ་རེད། ཆོས་ཚོགས་དེ་དག་སྔོན་མ་ཁ་འཐོར་ཡིན་ཡང་འདས་པའི་ལོ་གཉིས་གོང་ནས་བཟུང་དོན་གཅོད་ལས་ཁུངས་ཀྱི་མགོ་བཟུང་སྟེ་ཐའེ་ཝན་རང་གི་མི་ཡིན་པའི་ནང་པའི་ཆོས་ཚོགས་ཁག་མཉམ་རུབ་ཐོག་༼ནང་ཆོས་མཐུན་ཚོགས༽ ཞེས་པ་ཞིག་བཙུགས་ཡོད་པ་རེད། དེའི་ཚོགས་གཙོ་ས་དགེ་བཀའ་རྙིང་བརྗེ་བོ་བརྒྱབ་ནས་འགྲོ་བཞིན་ཡོད་ལ། ཐའེ་ཝན་གྱི་ནང་ཆོས་སློབ་གཉེར་བར་ལམ་སྟོན་དང་ཆོས་སྤེལ་ཆེད་༼ ཞིབ་འཇུག་ཚོགས་པ༽ཞེས་པ་ཞིག་བཙུགས་ཡོད། དེའི་མིང་ཐོག་ནས་དྲ་ལམ་བརྙན་འཕྲིན་ཞིག་བཙུགས་ཏེ་འགྲོ་བཞིན་པ་རེད། དེ་བཞིན་བོད་རིགས་ཚོགས་པ་དང་། ས་གནས་གཞོན་ནུ། བུད་མེད་ཚོགས་པ། ཆུ་བཞི་སྒང་དྲུག་སོགས་ཡོད་པ་རེད། བོད་སོག་ལས་ཁུངས་ཀྱི་རྒྱབ་སྐྱོར་འོག་བོད་རིགས་ཚོགས་པ་ཞེས་པ་ཞིག་བཙུགས་ཡོད་ཀྱང་། དེའི་ནང་མི་ཁ་ཤས་ལས་ཡོད་པ་མ་རེད། སྤྱིར་བཏང་ཐའེ་ཝན་ནང་བོད་མི་ཉུང་ཉུང་རེད། མི་འབོར་ཞིབ་བཤེར་སྐབས་བོད་མི་ ༡༣༠ ཡས་མས་ཤིག་རེད། སྔོན་མ་བོད་སོག་ལས་ཁུངས་ཀྱི་སློབ་གྲྭ་ཁག་ནས་ཡོང་བསྡད་པའི་བོད་མི་ཁག་ཅིག་ཡོད་ཀྱང་། དེ་དག་རྒྱ་མིའི་ནང་འཐིམ་སྟེ་རྒྱ་མི་ལྟ་བུ་ཆཊ་འདུག བོད་མི་རེ་ཟུང་ཞིག་མི་འབོར་ནང་བསླེབས་མེད་པ་སོགས་ཁྱོན་ཡོངས་ནས་བོད་མི་ ༡༥༠ ཡས་མས་ལས་མི་འདུག

དྲི་བ། ཐའེ་ཝན་ནང་སྐུ་ཚབ་དོན་གཅོད་ཀྱི་ཕྱག་ལས་གནང་བའི་བརྒྱུད་རིམ་ཁྲོད་དཀའ་ངལ་གཙོ་བོ་གང་དག་འཕྲད་ཡོད་དམ།

ལན། ང་ལ་མཚོན་ན་དཀའ་ངལ་གཙོ་བོ་ནང་པ་མིན་ཡང་ཡིན་ལབ་ཏེ་རྫུན་བཤད་མཁན་དང་། ནང་པར་མཚན་སྨད་ཞུ་མཁན་དག་ལ་ཁ་གཏད་གཅོག་དགོས་པ་དེ་དང་། ནང་ཆོས་མཐུན་ཚོགས་བར་གྱི་དཀའ་ངལ་ཆུང་ཚགས་རིཊ་སོཊ་རེད། ཐོག་མར་ང་ཕར་འགྲོ་དུས་༸གོང་ས་མཆོག་གི་སྐུ་ཚབ་རེད་ཅེས་འགྲོ་གི་ཡོད་སྟབས། བོད་ཀྱི་ནང་ཆོས་དང་འབྲེལ་བའི་དཀའ་ངལ་དང་དྲི་བ་ཁག་ཚང་མ་ང་ཚོར་བཏང་ཡོང་གི་འདུག དྲི་བ་གཏོང་མཁན་དེ་དག་ཀྱང་མཐོ་རིམ་སློབ་གྲྭའི་དགེ་རྒན་ཆེན་མོ་དང་སྨན་པ་སོཊ་ཤེས་ཚད་མཐོ་བོ་དེ་འདྲ་རེད། དཀའ་ངལ་གཉིས་པ་ཐའེ་ཝན་དང་རྒྱ་ནག་གཞུང་གཉིས་ཉེ་བོ་རེད། ང་འགྲོ་དུས་གཞུང་དེ་གོ་མིན་ཏང་གི་གཞུང་འཁེལ་ཡོད་སྟབས་བོད་སོག་ལས་ཁུངས་ཏོག་ཙམ་ཚ་བོ་ཆཊ་ཏེ་དཀའ་ངལ་མང་པོ་བཟོ་བཞིན་འདུག ཡིན་ནའང་བོད་སོག་ལས་ཁུངས་ལ་ཞེད་སྣང་གང་ཡང་སྐྱེས་མ་སོང་མོད། ནང་ཆོས་མ་ཤེས་པ་དེས་ཞབས་འདྲེན་བཞག་མི་ཡོང་ངམ་སྙམ་པའི་ཞེད་སྣང་ཏོག་ཙམ་སྐྱེས་སོང་།

དྲི་བ། ཐའེ་ཝན་བོད་སོག་ལས་ཁུངས་ཀྱི་ད་ལྟའི་གནས་སྟངས་གང་འདྲ་ཡིན་པ་དང་། དེང་སྐབས་ཁོང་ཚོས་བཙན་བྱོལ་སྤྱི་ཚོཊ་ནང་དངོས་ཤུཊ་བརྒྱུད་གསུམ་ནས་ལག་པ་རྐྱོང་གི་ཡོད་དམ།

ལན། ང་ཐའེ་ཝན་ནང་ཐོག་མར་འབྱོར་སྐབས་ཀྱི་དོན་གཅོད་ད་ལྟའི་སྐུ་སྒེར་དྲུང་ཆེ་ཚེ་རྒྱམ་ལཊ་རེད། ཁོང་ཐའེ་ཝན་གྱི་དཔོན་རིགས་ཁག་ལ་འབྲེལ་བ་ཡག་པོ་འདུག ང་ཕར་སོང་བའི་ཉིན་གཅིག་གཉིས་རྗེས་ད་ལྟའི་སྲིད་འཛིན་ལས་ཐོཊ་ལ་འགྲོ་མཁན་མཱ་ཡོན་ཅིག་ལ་ཐུག་སོང་། སྐབས་དེར་ངས་མཱ་ཡོན་ཅིག་ལ་ང་རང་༸སྐུ་མདུན་གྱིས་ཐའེ་ཝན་དོན་གཅོད་དུ་བསྐོ་བཞག་བྱས་པ་དང་མཉམ་དུ་སྲིད་འཛིན་མཱ་ཡོན་ཅིག་ལ་རྒྱལ་ཁ་ཐོབ་པར་བོད་མི་མང་གི་ཚབ་བྱས་ཏེ་བཀྲ་ཤིས་བདེ་ལེཊ་ཞུས་བ་ཡིན། དེ་དང་མཉམ་དུ་བཙན་བྱོལ་ནང་བོད་མི་དང་ཚོཊ་པ་མང་པོས་མ་འོངས་པར་ཐའེ་ཝན་དང་བོད་ཀྱི་འབྲེལ་བ་གང་འདྲ་ཆགས་མིན་དང་། བོད་སོག་ལས་ཁུངས་རོ་ལངས་རྒྱག་གི་མེད་དམ་སྙམ་པའི་སེམས་ཁྲལ་འདུག་ཅེས་ཞུས་པ་ཡིན། སྐབས་དེར་སྲིན་འཛིན་གྱིས་དེའི་ཕྱོགས་ལ་སྣང་དོགས་ཡོད་པ་མ་རེད། ང་རང་ཏཱ་ལའི་བླ་མར་གུས་ཞབས་བྱེད་མཁན་ཞིག་ཡིན། ཐའེ་ཝན་དང་བོད་གཉིས་ཀྱི་གནས་བབ་སྡུག་ཏུ་འགྲོ་བ་མ་རེད། བོད་སོག་ལས་ཁུངས་ང་ཚོས་རིམ་པས་སྒོ་རྒྱག་རྒྱུ་ཡིན་ཞེས་ལབ་སོང་། རྗེས་སུ་བོད་སོག་ལས་ཁུངས་ཀྱིས་ལས་འགུལ་མང་པོ་སྤེལ་སོང་ལ། སྔོན་མ་ཤི་བསྡད་མཁན་ཚོ་རོ་ལངས་བརྒྱབ་སྟེ་འདྲ་མི་འདྲ་བྱས་པ་རེ་རེ་བཞིན་ང་ཚོས་ཁ་གཏད་བཅག་པ་ཡིན། གཞུང་འབྲེལ་གྱི་ཚོགས་པ་དེ་འདྲས་ང་ཚོ་ཕྱོགས་གཉིས་ཀ་སྐད་བཏང་སྐབས་ཕན་ཚུན་ཁ་རྩོད་ཤོར་བ་དེ་འདྲ་ཡང་བྱུང་བ་རེད། ང་ཚོའི་ངོས་ནས་བོད་སོག་ལས་ཁུངས་ལ་འབྲེལ་བ་གཏན་ནས་བྱེད་ཀྱི་མིན་པའི་བརྡ་གསལ་བོར་བསྟན་པ་ཡིན། དེའི་རྗེས་བོད་སོག་ལས་ཁུངས་སྒོ་རྒྱག་རྒྱུ་ཁྲིམས་ཐོག་ནས་ཐག་བཅད་དེ། ད་ལྟ་ལྷག་བསྡད་པ་དེ་བོད་སོག་ལས་ཁུངས་ཕར་ལས་ཁུངས་གཞན་དང་ཟླ་སྒྲིལ་སྐབས་ས་མིག་བཟོ་བ་དང་སྒྲིག་གཞི་ཆ་ཚང་གྲོས་ཚོཊ་ཀྱི་ལས་རིམ་ནང་རྙོག་དྲ་ཆེན་པོའི་དབང་གིས་གྲོས་ཚོགས་ཀྱི་གྲོས་གཞིའི་ནང་བསླེབས་ཐུབ་ཀྱི་མེད་པ་དེ་རེད། ད་ལྟ་ཁོང་ཚོས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ལག་པ་བརྐྱང་རྒྱུའི་ནུས་པ་ཡོད་པ་མ་རེད། གང་ཡིན་ཟེར་ན། ད་ལོ་བོད་སོག་ལས་ཁུངས་ཀྱི་སྔོན་རྩིས་ནང་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་ཞུས་ཡོད་པ་རེད། བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་གྲོས་ཚོགས་འཐུས་མི་ཚོས་བྱེ་བ་ལྔ་ཙམ་བཀག་པ་རེད། དེ་འདྲའི་དབང་གིས་ད་ལོ་བོད་སོག་ལས་ཁུངས་ཀྱི་སྔོན་རྩིས་ཐའེ་སྒོར་དུང་ཕྱུར་ ༡ དང་བྱེ་བ་ ༢ ཙམ་རེད། དངུལ་དེ་དག་ལས་སྒོར་བྱེ་བ་ ༨ ལྷག་ལས་ཁུངས་དེའི་ལས་བྱེད་ ༦༠ ལྷག་གི་གླ་ཕོགས་རེད། གླ་ཕོགས་ཕུད་པའི་ལས་ཁུངས་ཀྱི་འགྲོ་སོང་ཆ་ཚང་སྒོར་བྱེ་བ་ ༣ ཙམ་ལས་ལྷག་ཡོད་པ་མ་རེད། བྱེ་བ་གསུམ་མི་དྲུག་བཅུའི་ལོ་གཅིག་གི་འགྲོ་སོང་ལ་ཡང་ཁག་པོ་ཆགས་ཡོད་སྟབས། བོད་སོག་ལས་ཁུངས་གནས་ཡོད་པ་ཙམ་ལས་བཙན་བྱོལ་སྤྱི་ཚོགས་ནང་དངོས་ཤུགས་བརྒྱུད་གསུམ་ནས་ལས་ཀ་གང་ཡང་བྱེད་ཐབས་ཡོད་པ་མ་རེད།

དྲི་བ། ཐའེ་ཝན་ནང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་ཤོས་ཚོགས་པ་དང་མི་སྒེར་གང་དག་ཡིན་པ་དང་། ཁོང་ཚོས་བོད་དོན་རྒྱབ་སྐྱོར་གནང་ཕྱོགས་གང་འདྲ་ཡོད་པ་རེད།

ལན། ཐའེ་ཝན་ནང་བོད་དོན་རྒྱབ་སྐྱོར་གནང་མཁན་ཚོགས་པ་གསུམ་ཡོད་པ་རེད། དེའི་ཁྲོད་ཀྱི་བོད་རྒྱ་ཚོགས་པར་མཚོན་ན་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་མཁན་རེད། སློབ་ཕྲུག་ཚོགས་པར་མཚོན་ན་ལངས་ཕྱོགས་རང་བཙན་ཡིན་ཡང་། བོད་མིའི་སྒྲིག་འཛུཊ་ཀྱི་སྲིད་བྱུས་དབུ་མའི་ལམ་ལ་རྒྱབ་སྐྱོར་དང་བརྩི་བཀུར་ཡོད་པ་མ་ཟད། བོད་མིའི་མངོན་འདོད་ལ་རྒྱབ་སྐྱོར་གནང་གི་ཡོད་པ་རེད། བོད་ཀྱི་གྲོགས་པོ་ཚོགས་པར་མཚོན་ན་ཐའེ་ཝན་རང་བཙན་དགོས་ཞེས་ལབ་མཁན་གྲས་རེད། དེ་བཞིན། བོད་མིའི་སྒྲིག་འཛུགས་ཀྱིས་རང་བཙན་རྩོད་དགོས་པ་རེད། རང་བཙན་ལ་རྒྱབ་སྐྱོར་གནང་མཁན་ཁོ་ན་ཙམ་མིན་པར། བོད་མིའི་སྒྲིག་འཛུགས་ཀྱི་བྱེད་སྟངས་འགྲིག་གི་མི་འདུག་ཟེར་མཁན་གྲས་རེད། ཐ་ན་ཁོང་ཚོའི་ཁྲོད་ཀྱི་ཁག་ཅིག་གིས་ཏཱ་ལའི་བླ་མའི་གནས་སྟངས་དེ་འདྲ་ཞིག་བོད་པའི་སྤྱི་ཚོགས་ནང་གནས་པ་ཡིན་ན། བོད་ལ་དམངས་གཙོ་ཚད་ལྡན་ཞིག་ཡོང་ཁག་པོ་ཡིན་པ་དང་། བོད་མིའི་སྒྲིག་འཛུཊ་ཀྱི་བྱེད་སྟངས་འགྲིག་གི་མི་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་མ་ཟད། ཐའེ་ཝན་གྱི་ནང་སྲིད་ལའང་ཐེ་གཏོགས་བྱས་ཏེ་ག་དུས་ཡིན་ཡང་སྐད་འབོད་སྐབས་བོད་རང་བཙན་དགོས། མཱ་ཡོན་ཅིག་མར་ཕབ་དགོས། ཞེས་སོགས་སྐད་རྒྱག་གི་རེད། མཱ་ཡོན་ཅིག་མར་འབབ་མིན་བོད་མིར་འབྲེལ་བ་ཡོད་པ་མ་རེད། གང་ལྟར། སྐབས་རེར་བོད་ཀྱི་གནས་ཚུལ་དེ་ཐའེ་ཝན་རང་བཙན་གྱི་ལག་ཆར་བེད་སྤྱོད་བྱེད་ཀྱི་ཡོད་པའི་གནས་སྟངས་ཆཊ་ཏེ། ང་ཚོར་ག་ཚོད་ཕན་གྱི་ཡོད་མེད་ཐེ་ཚོམ་སྐྱེ་དགོས་པ་ཞིག་རེད། མི་སྒེར་གྱི་ཐོག་ནས་དགེ་རྒན་ཆེན་མོ་ཙིན་ཅེན་ཡཱན་ལ་མཚོན་ན། ཐའེ་ཝན་རང་བཙན་ལ་ཤུགས་རྒྱག་མཁན་རེད། འོན་ཀྱང་། ཁོས་རྒྱ་ནག་དམངས་གཙོ་ཚོགས་པ་དང་བོད་དོན་ལ་རྒྱབ་སྐྱོར་བྱས་ཏེ། ཁོ་རང་གི་ལྟ་བ་དེ་ང་ཚོའི་སྒང་ལ་འཁུར་མི་ཡོང་བར་ལས་འགུལ་དང་བགྲོ་གླེང་། ཚོགས་འདུ་སོགས་ལ་ཞུཊ་ཀྱི་ཡོད་པ་རེད། སྔར་ལོ་ཁོང་གིས་སློབ་ཕྲུག་ ༨ ལྷག་འཁྲིད་དེ་ས་རཱ་མཐོ་སློབ་དང་མཉམ་དུ་འབྲེལ་བ་བྱས་ཡོད་པ་རེད། ཁོ་རང་སྔ་ཕྱི་བར་གསུམ་དུ་སོ་སོའི་ལྟ་བ་དང་ཁེ་ཕན་ཆེད་མིན་པར་བོད་པར་རྒྱབ་སྐྱོར་གནང་མཁན་དེ་འདྲ་རེད། དགེ་རྒན་ཆེན་མོ་སུའུ་ཅཱ་ཧོན་ལ་མཚོན་ན་༼བཙན་བྱོལ་ནང་གི་མང་གཙོ༽ཞེས་པའི་དེབ་དེ་བརྩམས་པ་རེད། ད་ལོའི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་༼བཙན་བྱོལ་ནང་གི་མང་གཙོའི་འགྱུར་འགྲོས༽ཞེས་པའི་དེབ་ཅིག་བྲིས་ཡོད་པ་རེད།

དྲི་བ། ཐའེ་ཝན་ནང་ཆོས་རྒྱུད་དང་ཆོས་ཚོགས་སོགས་ཀྱི་དཀའ་རྙོག་ཅིག་འཕྲད་ཀྱི་འདུག དཀའ་ངལ་དེ་དག་གི་འབྱུང་གཞི་གཙོ་བོ་ཅི་ཞིག་རེད་དམ།

ལན། བོད་པ་དང་རྒྱ་མིའི་བླ་མ་སྤྲུལ་སྐུ་རྫུན་མ་དེ་འདྲ་ཡོང་གི་འདུག དེ་དག་གིས་སྐབས་རེར་དཀའ་ངལ་ཆེན་པོ་བཟོ་བཞིན་འདུག དེའི་ཁྲོད་ཀྱི་གཅིག་དེ་རྒྱ་མིའི་ནང་པ་ཞིག་རྒྱའི་དགོན་པ་ཞིག་ཏུ་ལོ་ ༦ ལྷག་གྲྭ་བ་བྱས། ཕྱིས་སུ་བླ་མ་དང་མ་མཐུན་པར་ཕྱིར་ཐོན་ཏེ་རང་ཁྱིམ་དུ་ཉིན་ ༡༨ བསྡད་རྗེས་སངས་རྒྱས་རྡོ་རྗེ་གདན་དུ་ཉིན་མཚན་དྲུག་བཞུགས་ནས་སངས་རྒྱས་པ་དེར་དཔེར་བྱས་ནས། ཁོ་ཉིན་བཅོ་བརྒྱད་རིང་ནང་དུ་བསྡད་དེ་སངས་རྒྱས་པ་ཡིན་ཞེས་ཆོས་ཚོགས་ཤིག་བཙུགས་ཡོད་པ་རེད། ཁོས་བོད་ཀྱི་ནང་ཆོས་རྫུན་མ་རེད། བོད་ཀྱི་བླ་མ་ཚོས་སྐྱེས་དམན་ལོངས་སུ་སྤྱོད་ཀྱི་ཡོད་པ་རེད་ཅེས་ཡིག་ཆ་བྱེ་བ་མང་པོ་བཀྲམས། སྐུ་མདུན་ཆིབས་བསྒྱུར་སྐབས་ངོ་རྒོལ་གནང་བ་མ་ཟད། ཐའེ་ཝན་གྱི་ཚགས་པར་ཤིག་གི་མདུན་ཤོག་ཕྱེད་ཀ་ཉོས་ཏེ་ཚགས་པར་ཆེན་པོ་བཞིའི་ནང་། ༸སྐུ་མདུན་ཐའེ་ཝན་དུ་སྒོར་མོ་བཟོ་རུ་ཡོང་བ་རེད། ཐའེ་ཝན་གྱི་དངུལ་དུང་ཕྱུར་མང་པོ་བསྡུས་ཏེ་ཕྱིན་སོང་ཞེས་གསལ་བསྒྲགས་སྦེལ་བ་རེད། གནས་ཚུལ་དེ་དངོས་ཡོད་ཆགས་རྒྱུའི་ཉེན་ཁ་ཡོད་སྟབས་ཁྲིམས་གཏུག་བྱས་པ་རེད། ང་ཚོས་ཕར་ཁྲིམས་གཅིག་གཏུག་སྐབས་ཚུར་ཁྲིམས་གསུམ་བཞི་གཏུག་པ་རེད། མཐའ་མར་ང་ཚོར་རྒྱལ་ཁ་ཐོབ་པ་རེད། དེ་ཡང་གཙོ་བོ་སྐབས་དེར་སྐུ་མདུན་གྱིས་མ་འོངས་ལུང་བསྟན་རང་གི་ཐོག ཕར་ཆིབས་བསྒྱུར་སྐབས་ད་རེབ་ང་ཚོས་ཐའེ་ཝན་མི་མང་ལ་རོགས་པ་རང་ཡིན་པ་ལས། ང་ཚོས་རྒྱུ་དངོས་སྣེ་གཅིག་ཀྱང་ཚུར་ལེན་རྒྱུ་མིན། ཞེས་གསུངས་ཏེ་ཕར་འགྲོ་དུས་འགྲོ་སོང་དོན་གཅོད་ཀྱིས་གཏོང་དགོས་པ་དང་། གལ་སྲིད་འདང་གི་མེད་ཚེ་ཡིག་ཚང་རང་ནས་གཏོང་གི་ཡིན་ཞེས་བཀའ་གསལ་བོ་གནང་པ་ལྟར། འགྲོ་སོང་ཆ་ཚང་དོན་གཅོད་ལས་ཁུངས་ཀྱིས་བཏང་བ་དང་། སྐུ་མདུན་ཕར་ཕེབས་སྐབས་གནོད་འཚེ་ཕོག་ཡུལ་དུ་ཨ་སྒོར་ཁྲི་ ༥ གསོལ་རས་གནང་བ་རེད། དངུལ་དེ་ང་ཚོས་ཕྱི་རྒྱལ་བརྒྱུད་ནས་ཚུར་བཏང་བ་བཅས་ང་དཔང་པོ་བྱས་ཏེ་གནས་ཚུལ་ཆ་ཚང་དང་རྩིས་ཁྲ་ཆ་ཚང་ཕུལ་རྗེས་ཁྲིམས་ཐོག་ནས་ང་ཚོར་རྒྱལ་ཁ་ཐོབ་སྟེ། སངས་རྒྱས་ཡིན་ལབ་མཁན་ཁོ་ཉིན་ ༣༥ རིང་བཙོན་འཇུག་བྱས་པ་རེད། གཞན། ཁོ་རྡོ་རྗེ་འཆང་སྐུ་ཕྲེང་གསུམ་པ་ཡིན་ཟེར་མཁན་ཞིག་གིས། རྡོ་རྗེ་འཆང་དེ་སངས་རྒྱས་ཤཱཀྱ་ཐུབ་པའི་དབུ་བླ་ཡིན་པ་དང་། ཁོ་འཛམ་གླིང་གི་ནང་ཆོས་ཀྱི་དབུ་ཁྲིད་ཡིན་ཞེས་ཁོ་ཚོ་ཁག་ཅིག་གིས་རྡོ་རྗེ་འཆང་དང་ཡེ་ཤེས་ཡོན་ཏན་ཞེས་བོད་མིང་བཏགས་ཏེ། ཁོ་ཚོ་བོད་པའི་བླ་མ་ཡིན་ཞེས་གང་ས་གང་དུ་སྐྱག་རྫུན་བཤད་བསྡད་ཡོད་པ་མ་ཟད། ས་སྐྱ་གོང་མ་གཙོས་བླ་ཆེན་ ༦༠ ལྷག་གིས་ངོས་འཛིན་བྱས་ཡོད་ཅེས་བཤད་དེ་ཁོའི་པར་དཀྱིལ་དུ་བཞག བོད་ཀྱི་བླ་ཆེན་ཁག་གི་པར་ཆུང་ཆུང་མཐའ་རུ་བཞག་ནས་ཐའེ་སྒོར་ས་ཡ་བཞིའི་འགྲོ་སོང་བཏང་སྟེ་ཚགས་པར་གྱི་མདུན་ཤོག་ཏུ་བཞག གོང་མ་རིན་པོ་ཆེས་ང་ཚོ་ངོས་འཛིན་བྱེད་པར་ཐུགས་རྗེ་ཆེ་ཞེས་སོགས་ཡིག་ཆ་སྣ་ཚོགས་ཆོས་ཚོགས་ཁག་ལ་བཀྲམས་འདུག དངོས་ནས་ཡིག་ཆ་བཟོ་མཁན་གོང་མ་རིན་པོ་ཆེའི་འོག་གི་གྲྭ་བ་ཞིག་ལ་སྐྱག་རྫུན་བཤད་པ་དང་སྒོར་མོ་སྤྲད་དེ་ཡིག་ཆ་རྫུན་མ་བཟོ་བཅུག་འདུག ཕྱིས་སུ་ང་ཚོས་དོན་གཅོད་ཀྱི་དྲ་རྒྱའི་ཐོག་ཁོ་རྫུན་མ་ཡིན་པའི་སྐོར་སོགས་བྲིས་ཏེ་སློབ་མ་གང་འཚམ་ཉུང་དུ་ཡོད་འདུག ཐའེ་ཝན་ནང་བོད་ཀྱི་ནང་ཆོས་སྐུ་ཚབ་དོན་གཅོད་ལས་ཁུངས་བརྩི་གི་ཡོད་པ་རེད། དོན་གཅོད་ལས་ཁུངས་ཀྱི་དྲ་རྒྱའི་སྟེང་ཁོ་རྫུན་མ་རེད་ཅེས་ལབ་ཡོད་སྟབས། ཚང་མས་དོན་གཅོད་ལས་ཁུངས་ཀྱི་གནས་ཚུལ་ལུང་དྲངས་ཏེ་ཁོ་རྫུན་མ་རེད་ཅེས་བཤད་དེ་ཁྲིམས་ ༢༠༠ ལྷག་གཏུག་ཏེ་མཐའ་མར་ཁོ་ཚོ་ཕམ་ཏེ། ཁྲིམས་ཐོག་ནས་ཁོ་རང་རྫུན་མ་ཡིན་པ་དག་སེལ་བྱེད་ཐུབ་པ་བྱུང་བ་རེད།

དྲི་བ། ད་ལྟའི་ཐའེ་ཝན་གྱི་སྲིད་འཛིན་མཱ་ཡོན་ཅིག་གིས་བོད་དང་བོད་དོན་ཐོག་ལྟ་སྟངས་གང་འདྲ་ཡོད་པ་དང་། ༧གོང་ས་མཆོག་ཐའེ་ཝན་ནང་གདན་འདྲེན་ཞུ་ཐུབ་པར་རེ་བ་མཐོང་གི་འདུག་གམ།

ལན། སྲིད་འཛིན་མཱ་ཡོན་ཅིག་ལ་མཚོན་ན། ཁོང་རང་ཉིད་ཀྱི་ངོས་ནས་སྐུ་མདུན་ལ་གུས་ཞབས་བྱེད་མཁན་ཞིག་ཡིན་ཟེར་གྱི་འདུག སྔོན་མ་སྐུ་མདུན་ཐའེ་ཝན་ནང་ཆིབས་བསྒྱུར་གནང་སྐབས་ཁོང་ཐའེ་པེ་གྲོང་ཁྱེར་གྱི་སྤྱི་ཁྱབ་རེད། སྐབས་དེར་ཉིན་རྟག་པར་སྐུ་མདུན་ལ་ཤིང་ཏོག་དང་མེ་ཏོག་སྐྱེལ་མཁན་དེ་འདྲ་རེད། ད་ལྟ་ཁོ་རང་སྲིད་འཛིན་ཆགས་པ་རེད། སྲིད་འཛིན་ཆགས་རྗེས་མི་ཚང་མ་འགྱུར་འགྲོ་ཡི་ཡོད་པ་རེད་ལ། ཁོས་ཆབ་སྲིད་དང་སོ་སོའི་ཁེ་ཕན་ཨང་དང་པོར་བལྟ་དགོས་སྟབས། སྐུ་མདུན་ཆིབས་བསྒྱུར་གནང་རྒྱུ་གཙོས་པའི་ལས་དོན་ཁག་གི་ཐད་ང་ལ་དཀའ་ངལ་འདུག་རྐྱང་རྐྱང་ལབ་སྡོད་ཀྱི་འདུག དེ་མ་གཏོཊ་བོད་པར་མ་དགའ་བ་དང་སྡང་ཟུག་བྱེད་པ་དེ་འདྲ་མ་རེད། ༸གོང་ས་མཆོག་ཐའེ་ཝན་ནང་ཕེབས་རྒྱུའི་སྐོར་ལ་དཀའ་ངལ་གཙོ་བོ། ད་ལྟ་ཐའེ་ཝན་དང་རྒྱ་ནག་གཉིས་འབྲེལ་བ་ཐོག་མ་བཙུགས་ཏེ་ཚོང་འབྲེལ་སོགས་ཀྱི་གྲོས་མོལ་དེ་རྙོག་དྲའི་སྒང་བསྡད་ཡོད་པ་རེད། ཐའེ་ཝན་གཞུང་གི་ངོས་ནས་དོགས་པ་གཙོ་བོ། སྐུ་མདུན་ཆིབས་བསྒྱུར་གནང་བ་ཡིན་ན་གྲོས་མོལ་གྱི་སྒང་ནས་དཀའ་ངལ་ཞིག་འཕྲད་མི་ཡོང་ངམ་དྲན་གྱི་ཡོད་ས་རེད། ང་ཚོས་སྐུ་མདུན་ཐའེ་ཝན་ནང་གདན་ཞུའི་སྐོར་ཞུས་སྐབས། སྲིད་འཛིན་ལས་ཁུངས་ཀྱིས་ང་ཚོར་ལན་འབྱོར་ཏེ་རྒྱ་ནག་དང་འབྲེལ་བ་བྱེད་བསྡད་པ་དེའི་ཐོག་ཐའེ་ཝན་དང་གྱོང་མི་རག་ཆེད་ང་ཚོ་སྐུ་མདུན་ལ་གུས་ཞབས་དང་དགའ་བསུ་ཡོད། འོན་ཀྱང་། གནས་སྐབས་མ་ཕེབས་རོཊ་ཞེས་བཤད་བསྡད་ཡོད་པ་རེད། ད་ལྟ་ཡོད་བཞིན་པའི་རྒྱ་ནག་དང་ཐའེ་ཝན་གཉིས་ཀྱི་འབྲེལ་ལམ་དེ་ཚོང་འབྲེལ་གཅིག་པུ་མིན་པར་གནད་འགག་མང་པོ་ཞིག་ལ་ཐུག་ཡོད་པ་རེད། དེའི་ཐོག་སྐུ་མདུན་གྱི་དགོངས་པ་ཡང་ཐའེ་ཝན་མི་མང་ལ་དཀའ་ངལ་མི་བཟོ་རྒྱུའི་དགོངས་པ་ཨང་དང་པོ་བཞེས་བསྡད་ཀྱི་འདུག དེའི་དབང་གིས་ང་ཚོས་ཨུ་ཚུགས་རྒྱག་གི་ཡོད་པ་མ་རེད། ང་ཚོས་ཨུ་ཚུགས་བརྒྱབ་ཏེ་ཡིན་གཅིག་མིན་གཅིག་གདན་འདྲེན་ཞུ་དགོས་ལབ་པ་ཡིན་ན་ཐའེ་ཝན་གཞུང་གིས་འགོག་ཐབས་ཡོད་པ་མ་རེད། ཡིན་ནའང་ང་ཚོས་ཨུ་ཚུགས་རྒྱག་གི་ཡོད་པ་མ་རེད།

དྲི་བ། ཐའེ་ཝན་མི་མང་གི་ངོས་ནས་བོད་དང་བོད་དོན་ཐོག་ལྟ་སྟངས་དང་རྒྱབ་སྐྱོར་གང་འདྲ་ཡོད་དམ།

ལན། སྤྱིར་བཏང་ཐའེ་ཝན་མི་མང་དེ་ཆོས་དད་ཆེན་པོ་དང་། བོད་པའི་བླ་མ་གྲྭ་བ་དང་། ལྷག་པར་དུ་༧གོང་ས་མཆོག་ལ་དད་གུས་ཆེན་པོ་རེད། བོད་པའི་བླ་མ་གྲྭ་བ་ཚོ་ཆོས་ཀྱི་ཤེས་ཡོན་གཏིང་ཟབ་པོ་ཡོད་མཁན་དང་ཉམས་ལེན་གནང་མཁན་དེ་འདྲ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་རེད། ཡིན་ནའང་ཆབ་སྲིད་ཀྱི་ཐད་ནས་ཁོང་ཚོ་ཞེད་ཐག་ཆོད་འགྲོ་བ་རེད། ཐའེ་ཝན་སྔོན་མ་ཉི་ཧོང་སོགས་རྒྱལ་ཁབ་མང་པོས་དབང་བསྒྱུར་བྱས་བསྡད་སྟབས། སྤྱི་ཚོགས་ཀྱི་གཤིས་ཀའི་ནང་མི་མང་ཆབ་སྲིད་ནང་ཞུགས་པ་ཡིན་ན་གྱོང་རག་གི་རེད་བསམ་པ་དང་། ཆབ་སྲིད་ནང་ལག་པ་བརྐྱང་པར་སྤྱི་ཡོངས་ནས་འཚེར་སྣང་ཡོད་པ་དེ་འདྲ་རེད། ཡིན་ནའང་ཐའེ་ཝན་ནང་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཚོགས་པ་དང་མི་སྒེར་གང་འཚམ་ཡོད་པ་རེད། རྒྱ་ནག་ལ་ཞེན་ཁོག་ཡོད་མཁན་ཚོས་ཀྱང་སྐུ་མདུན་གྱི་དབུ་མའི་ལམ་ལ་ངོ་རྒོལ་གནང་མཁན་ད་བར་གཅིག་ཀྱང་མཐོང་མ་མྱོང་།

དྲི་བ། ཐའེ་ཝན་དང་རྒྱ་ནག་གི་འབྲེལ་ལམ་གང་འདྲ་ཆཊ་ཡོད་མེད་དང་། གནས་སྟངས་དེས་བོད་དོན་ལ་ཤུཊ་རྐྱེན་ཐེབས་ཀྱི་འདུག་གམ།

ལན། ཐའེ་ཝན་དང་རྒྱ་ནག་གཉིས་ཀྱི་ཚོང་ལས་ཐོག་འབྲེལ་ལམ་འགྲོ་བསྡད་ཡོད་པ་རེད་ལ། དེའི་ཐོག་མ་འོངས་པར་ཕན་ཚུན་བར་ལས་ཁུངས་འཛུགས་འཆར་རེད། འཛམ་གླིང་གི་དཔལ་འབྱོར་མུ་མཐུད་ཡར་རྒྱས་འགྲོ་མ་ཐུབ་པ་ཡིན་ན། ཐའེ་ཝན་གྱི་དཔལ་འབྱོར་མང་ཆེ་ཤོས་རྒྱ་ནག་ལ་བརྟེན་དགོས་མིན་འགྲོ་བསམ་བསམ་ཆགས་ཡོད་པ་རེད། འབྲེལ་ལམ་དེས་བོད་ལ་ཕན་གནོད་གཉིས་ཀ་ཡོད་པ་རེད། གནོད་པའི་ཕྱོགས་ནས་རྒྱ་ནག་གི་ཤུགས་རྐྱེན་ཐའེ་ཝན་ནང་ཤུགས་ཆེ་རུ་ཕྱིན་པ་ཡིན་ན། བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཉུང་དུ་འགྲོ་སྲིད་པ་རེད། དེའི་མངོན་རྟགས་ད་ལྟ་ནས་ཡོང་གི་འདུག ཕྱོགས་གཞན་ཞིག་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་བཙུགས་རྗེས། ཐའེ་ཝན་ནང་ཉིན་རེར་ཆ་སྙོམས་རྒྱ་མི་ཡུལ་སྐོར་བ་ ༤༠༠༠ ལྷག་ཡོང་གི་ཡོད་པ་རེད། དེ་དག་གི་ལག་ཏུ་ཐའེ་ཝན་གྱི་དེབ་མང་པོ་འགྲོ་གི་ཡོད་པ་རེད་ལ། ང་ཚོས་གོ་སྐབས་འདི་དང་བསྟུན་ཏེ་གངས་ལྗོངས་དཔར་བསྐྲུན་ཁང་གསར་འཛུགས་ཀྱིས་དེབ་ ༡༤ ལྷག་བཏོན་ཡོད། དེབ་དང་ཡིག་ཆ་འདྲ་མིན་ཐད་ཀར་རྒྱ་ནག་ནས་ཡོང་བའི་རྒྱ་རིགས་ཚོར་འགྲེམ་སྤེལ་བྱེད་ཀྱི་ཡོད། དེའི་ཐོག་ནས་གོ་སྐབས་ཆེན་པོ་ཞིག་རག་ཡོད་པ་རེད། ཐའེ་ཝན་མི་མང་གིས་རྒྱ་ནག་ལ་འབྲེལ་བ་བྱེད་བཞིན་དུ་རྒྱ་ནག་དང་སེམས་ཐག་རིང་དུ་འགྲོ་གི་འདུག བཟང་ངན་གཉིས་ཀ་ཡོང་བའི་ནང་ནས། ང་རང་གི་བསམ་ན་བཟང་དེ་མང་བ་མིན་འགྲོ་བསམ་བསམ་འདུག

གསར་འགོད་པ། དོན་གོ

༼ བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད། ༽

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༢༣ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

མཆན། 9

  1. choedak11 says:
    ལོ་ 11 སྔོན།

    tibettimes

    Reply
  2. choedak11 says:
    ལོ་ 11 སྔོན།

    དེབ་དང་ཡིག་ཆ་འདྲ་མིན་ཐད་ཀར་རྒྱ་ནག་ནས་ཡོང་བའི་རྒྱ་རིགས་ཚོར་འགྲེམ་སྤེལ་བྱེད་ཀྱི་ཡོད། དེའི་ཐོག་ནས་གོ་སྐབས་ཆེན་པོ་ཞིག་རག་ཡོད་པ་རེད། ཐའེ་ཝན་མི་མང་གིས་རྒྱ་ནག་ལ་འབྲེལ་བ་བྱེད་བཞིན་དུ་རྒྱ་ནག་དང་སེམས་ཐག་རིང་དུ་འགྲོ་གི་འདུག བཟང་ངན་གཉིས་ཀ་ཡོང་བའི་ནང་ནས། ང་རང་གི་བསམ་ན་བཟང་དེ་མང་བ་མིན་འགྲོ་བསམ་བསམ་འདུག

    Reply
  3. དོན་འགྲུབ་བཀྲ་ཤིས། says:
    ལོ་ 11 སྔོན།

    སྡངྡསངྶདངྶདངྶདང

    Reply
  4. དོན་འགྲུབ་བཀྲ་ཤིས། says:
    ལོ་ 11 སྔོན།

    ྡསངྡངྶདང

    Reply
  5. ཚེ་རིང་། says:
    ལོ་ 11 སྔོན།

    ང་ནི་བོད་པའི་བུ་ཡིན།

    Reply
  6. བོད་ཀྱི་བུ། says:
    ལོ་ 12 སྔོན།

    ཐེ་ཝན་བོད་གཞུང་དོན་གཅོད་ནི་དབུ་ལམ་གྱི་དིན་གཅོད་ཡིན་པ་ལས། བོད་མི་ས་ཡ་དྲུག་གི་དོན་གཅོད་མིན། གང་ཡིན་ཞེ་ན་འདས་ལོ་ཀླུ་མཁར་བྱམས་དགུ་བཅུ་གསུམ་གྱི་མིང་ཐོག་ནས་ཐེ་ཝན་ལ་འགྲོ་དུས་ཐེ་ཝན་ནས་དོན་གཅོད་ཀྱིས་ཀླུ་མཁར་བྱམས་བོད་རང་བཙན་རྩོད་མཁན་རེད་ལབ་ནས་ཁ་ཡ་བྱས་ཡོད་པ་མ་རེད། དེའི་ཕྱིར་ཐེ་ཝན་དོན་གཅོད་དེ་སུས་ཁ་སྒོ་སྲུང་མཁན་ཡིན་པ་གསལ་བོ་ཆགས་ཚར་རེད། མ་གཞི་ནས་ཕྱི་འཇམ་ནང་སྟོང་གི་ཟླ་ཚེ་སྐབས་འཚོལ་བ་འདི་ཚོར་ངོ་མ་ཐང་ཆད་ཡོད།

    Reply
  7. རྡོ་རྗེ་ལྷུན་གྲུབ། says:
    ལོ་ 12 སྔོན།

    བཙན་བྱོལ་བོད་གཞུང་གི་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་ལས་གྲུབ་འབྲས་ཐོན་ཤོས་དང་བྱས་རྗེས་ཆེ་ཤོས། ཤེས་འཇོན་ལྡན་ཤོས་དེ་ཐེ་ཝན་དང་ཨ་རིའི་སྐུ་ཚབ་དོན་གཅོད་རིམ་པ་ཆགས་ཡོད། ཐེ་ཝན་གྱི་སྐུ་ཚབ་དོན་གཅོད་སྔོན་མ་རྔ་བ་ཚེ་རྒྱམ་དང་ཐེངས་འདིའི་སྐུ་ཚབ་ཟླ་བ་ཚེ་རིང་རྣམ་གཉིས་ཀྱིས་བོད་སྤྱི་བའི་ལས་དོན་ཐོག་གྲུབ་འབྲས་ཆེན་པོ་བླངས་དང་ལེན་བཞིན་ཡོད་པར་བོད་མི་ས་ཡ་དྲུག་གི་ཚབ་བྱས་ཏེ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
    བཙན་བྱོལ་བོད་གཞུང་ལ་ཕྱི་རྒྱལ་ཁག་ཏུ་སྐུ་ཚབ་དོན་གཅོད་བཅུ་གྲངས་ཤིག་ཡོད་ཀྱང་། དེ་དག་ལ་དཔལ་འབྱོར་གྱི་འགྲོ་སོང་ལས་གྲགས་འགུལ་གང་ཡང་མེད་པ་མ་ཟད། ས་གནས་བོད་མི་ཚོར་ཡང་ཕན་ཐོགས་ཀྱི་མེད་པ་དང་རྣམ་འགྱུར་ཡག་པོ་མེད་པ་སོགས་ཀྱི་སྐད་ཆ་མང་པོ་ཡོང་གི་འདུག

    Reply
  8. ཁུ་བྱུག says:
    ལོ་ 12 སྔོན།

    སྐུ་ཚབ་དོན་གཅོད་མཆོག་གི་བཀའ་ལན་ལ་དོན་སྙིང་ཆེན་པོ་འདུག ཐུགས་རྗེ་ཆེ། ཐེ་ཝན་ནང་གི་རྒྱ་ནག་གི་རྒྱུག་ཁྱི་ནང་པའི་ཆོས་ཚོགས་ཁག་དང་། བོད་སོག་ལས་ཁུངས། དེ་བཞིན་བོད་སོག་ལས་ཁུངས་ཀྱི་རྒྱུག་ཁྱི་བོད་མི་ཁག་ཅིག་བཅས་ཀྱིས་ཐོག་མཐའ་བར་གསུམ་དུ་བོད་གཞུང་དང་སྐུ་མདུན་ལ་དཀའ་རྙོག་བཟོས་པ་མ་ཟད་བོད་སྤྱི་ཚོགས་དང་བོད་གཞིས་བྱེས། དེ་བཞིན་བོད་དོན་འཐབ་རྩོད་ཐོག་ཏུ་རྙོག་དྲ་མང་པོ་བཟོས་ཡོད་པ་རེད།

    Reply
  9. བཀྲ་ཤིས་རྣམ་རྒྱལ། says:
    ལོ་ 12 སྔོན།

    ཐེ་ཝན་དོན་གཅོད་ཟླ་བ་ཚེ་རིང་ལགས་སུ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད། སྐུ་ངོ་ལགས་ཐེ་ཝན་དུ་ཕེབས་རྗེས་ཐེ་ཝན་ནང་གི་ཆོས་ལུགས་ཀྱི་རྙོག་དྲ་མང་པོ་ཞིག་གཙང་སེལ་བཟོ་ཐུབ་ཡོད་པ་མ་ཟད། བོད་དོན་རྒྱབ་སྐྱོར་བ་དང་ལྷག་པར་དུ་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དང་ཆོས་ཚོགས་ཁག་དང་འབྲེལ་ལམ་ཡར་རྒྱས་ཆེན་པོ་ཕྱིན་ཡོད། ཟླ་བ་ཚེ་རིང་ལགས་སྔོན་མ་བོད་གཞུང་ནང་ཕྱག་ལས་གནང་བཞིན་པའི་སྐབས་སུའང་ལས་དོན་རླབས་ཆེན་མང་པོ་བསྒྲུབ་ཡོད་པ་མ་ཟད་དྲིལ་བསྒྲགས་ལས་ཁུངས་ཀྱི་རྒྱ་ཡིག་ཐོག་ཕྱག་རྗེས་གལ་ཆེན་མང་པོ་བསྒྲུབས་ཡོད། ང་ཚོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཁོང་ལྟ་བུ་ཁ་ཤས་ཡོད་པ་ཡིན་ན་བོད་དོན་འཐབ་རྩོད་ལ་གྲུབ་འབྲས་མངོན་གསལ་འཐོན་ཐུབ་རྒྱུ་ཡིན་པ་མ་ཟད། སྤྱི་ཚོགས་དང་ཤེས་ཡོན། དཔལ་འབྱོར་སོགས་ཕྱོགས་གང་ཐད་ནས་ད་ལྟའི་གནས་སྟངས་འདི་ལས་ཡག་ཙམ་ཡོད་ངེས་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese