ཁ་སང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ ‘ཀྲུང་གོའི་བོད་ལྗོངས་དྲ་བ’ ཞེས་པའི་སྟེང་། རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་གཞོན་པ་ཟུར་པ་དང་ད་ལྟའི་ཆོས་ལུགས་ལས་དོན་སྡེ་ཚན་གྱི་འགན་འཛིན་ཀྲུའུ་ཝེ་ཆོན་གྱིས་ ༼ ནུབ་ཕྱོགས་ཀྱིས་བོད་ལྗོངས་དང་ཞིན་ཅང་གནད་དོན་ཐོག་ནས་ཀྲུང་གོར་སྙད་བརྐོ་དོན་ཅི་ཞིག་ཡིན་པའི་སྐོར་གླེང་བ། ༽ ཞེས་པའི་མགོ་བརྗོད་འོག་བོད་དང་ཡུ་གུར་གཙོས་པའི་རྒྱ་ནག་འོག་གི་གྲངས་ཉུང་མི་རིགས་ཁག་གི་གནད་དོན་དེ་རྒྱལ་སྤྱིའི་གནས་ཚུལ་བྱེ་བྲག་པ་འགའ་དང་ཞིབ་བསྡུར་གྱི་ཚུལ་དུ་སྤེལ་བའི་རྩོམ་ཡིག་རིང་བོ་ཞིག་བཀོད་འདུག་པ་ཧྲིལ་བོ་གཤམ་དུ་བཀོད་ཡོད། ཀྲུང་གོ་གསར་བ་དབུ་བརྙེས་པའི་བཟུང་། ནུབ་ཕྱོགས་ཀྱིས་བོད་ལྗོངས་དང་ཤིན་ཅང་གི་གནད་དོན་ཐད་ལ་ཐེ་གཏོགས་བྱ་རྒྱུ་བར་མཚམས་ཆད་མེད། ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་རྗེས་སུ་ནུབ་ཕྱོགས་ཀྱིས་ཀྲུང་གོར་བཟུང་བའི་འབྲེལ་བ་སྤྱིའི་ཆ་ནས་ཡར་རྒྱས་བྱུང་ན་ཡང་། དེ་འདྲའི་ཐེ་གཏོགས་བྱ་རྒྱུན་ནམ་ཡང་མ་ལྷོད་པ་མ་ཟད། དམིགས་འཁེལ་གྱི་ཆ་རྐྱེན་འོག་ནས་ད་དུང་ཤུགས་ཇེ་དྲག་ཏུ་བཏང་སྟེ་དུས་སྐབས་ཤིག་གི་ནང་ཕྱོགས་གཉིས་ཀྱི་འབྲེལ་བར་ཡར་རྒྱས་བྱུང་མེད་ལ། ཧ་ལམ་ཉམས་ཆག་ཏུ་འགྲོ་ཚུལ་བྱུང་། དེ་ནི་ཀྲུང་གོར་རྙོག་དྲ་བཟོས་པ་ཤ་སྟག་ཡིན་མོད། དེ་དང་འབྲེལ་ནས་ནུབ་ཕྱོགས་རང་ཉིད་ལ་ཡང་གནོད་སྐྱོན་མི་ཉུང་བ་ཞིག་ལྷག་ཡོད། འོ་ན་ནུབ་ཕྱོགས་ཀྱིས་ད་ལྟ་བར་དུ་ཡང་རང་གཞན་གཉིས་ཀར་གནོད་པའི་བྱ་སྤྱོད་དེ་མཚམས་མི་འཇོག་པའི་རྒྱུ་མཚན་གང་ཡིན་ནམ། ༼ བོད་རང་བཙན ༽་དང་༼ ཤར་གྲུ་གུ་སི་ཐིན་དབྱི་སི་ལན་རྒྱལ་ཁབ་ ༽ཅེས་པའི་ཀྲུང་གོ་ཁ་བྲལ་གཏོང་བའི་ཐ་སྙད་དེ་གཉིས་ནི་ཀྲུང་གོ་རང་ས་ནས་བྱུང་བ་ཞིག་མ་ཡིན་པར། བཙན་རྒྱལ་རིང་ལུགས་ཀྱིས་ཀྲུང་གོར་བཙན་འཛུལ་བྱས་པ་དང་བསྟུན་ནས་ཕྱི་ནས་དར་བ་ཞིག་ཡིན། ༡༨༨༠ལོ་དང་། ༡༩༠༤ལོར་དབྱིན་ཇིས་རང་གི་མི་སེར་སྤེལ་བའི་དབང་སྒྱུར་བྱས་པའི་རྒྱ་གར་དེ་ཉིད་གནས་གཞི་བྱས་ཏེ། ཀྲུང་གོའི་བོད་ལྗོངས་སུ་བཙན་འཛུལ་ཐེངས་གཉིས་བྱས། ༡༩༡༣ལོ་ནས་༡༩༡༤ལོའི་བར་དུ་༼ཞི་མུ་ལ་གྲོས་ཚོགས་༽སྟེང་དབྱིན་ཇི་རྒྱལ་ཁབ་ཀྱིས་ཁྲིམས་འགལ་ངང་༼མེ་ཁེ་མ་ཧོང་ས་མཚམས་༽བཟོས་ནས་བོད་ཀྱི་གོང་རིམ་དཔོན་པོ་མི་ཉུང་བ་ཞིག་ལ་མགོ་སྐོར་དང་བཙན་ཤུགས་ཀྱིས་བོད་ཀྱི་ས་ཞིང་ལེ་དབར་གྲུ་བཞི་མ་ཁྲི༩་དབྱིན་ཇིས་བདག་བཟུང་ཡོད་ཚུལ་ཁས་ལེན་བྱེད་དུ་བཅུག། དེའི་གོ་རིམ་ཁྲོད་དབྱིན་ཇིས་རྫུན་གཏམ་གང་མང་བཟོས་ཏེ་ཀྲུང་གོས་བོད་ལ་ ༼ ཆོས་ལུགས་བདག་དབང་ ༽ཕུད། ༼ བོད་ལ་རང་བཙན་བྱེད་པའི་དབང་ཆ་ ༽ཡོད་པ་སོགས་ཀྱི་ཐ་སྙད་རྫུན་མ་བོད་ཀྱི་གོང་རིམ་གྱི་དཔོན་པོ་འགའི་བསམ་བློར་བཅུག། ཤིན་ཅང་ལ་མཚོན་ན། དབྱིན་ཇིས་ཧྲ་ཨོ་དང་འཕྲོག་རྩོད་བྱེད་པའི་ཁྲོད་དུ་ཐིན་ཧྲན་རི་བོའི་ལྷོ་ངོགས་ཀྱི་ཡངས་པའི་ས་ཁམས་ཡོངས་རང་གི་མངའ་དབང་དུ་བསྒྱུར་བའི་ཧམ་སེམས་བཅངས་ནས། ཀྲུང་གོའི་ས་ཞིང་ཧམ་ཟ་དང་། ལུགས་མེད་ཀྱིས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱས་པ་དང་། ཁྲིམས་འགལ་གྱིས་དམག་མི་བཅའ་སྡོད་བྱས། སྔོན་དུས་རབས་༡༩པའི་དུས་སུ་ཨ་ཀུ་པོས་ཤིན་ཅང་ལ་བཙན་འཛུལ་བྱེད་སྐབས། དབྱིན་ཇིས་དེར་གྲོན་དངུལ་དང་དམག་ཆས་འབོར་ཆེན་གྱིས་རྒྱབ་སྐྱོར་བྱས་པ་མ་ཟད། ཨ་ཁུ་པོའི་བར་ལ་ཤིན་ཅང་ཁ་བྲལ་གཏོང་བའི་ཆིངས་ཡིག་བཞག་པ་དང་། དུས་མཚུངས་སུ་དབྱིན་ཇིས་ཤིན་ཅང་ཁ་ཧྲིར་དོན་གཅོད་ཁང་འཛུགས་པ་དང་། ཚོང་གཉེར། བཅའ་སྡོད་སོགས་བྱེད་ཆོག་པའི་དམིགས་བསལ་གྱི་དབང་ཆ་ཐོབ། ༡༩༣༣ལོར་ཁ་ཧྲིར་སྡོད་པའི་དབྱིན་ཇིའི་དོན་གཅོད་ཁང་དེ་ཉིད་ཁ་བྲལ་བྱེད་སྒོར་དངོས་སུ་ཞུགས་པའི་འོག་ཁ་བྲལ་སྟོབས་ཤུགས་པ་ཚོས་ཤིན་ཅང་དུ་ཐེངས་དང་པོར་༼ཤར་གྲུ་གུ་སི་ཐིན་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་༽ཀྱི་དར་ཆ་བཟོས་ནས་སྲིད་དབང་ཐོག་མར་བཙུགས་ཤིང་། གྲུ་གུ་སྐད་ཀྱི་མི་རིགས་དང་དབྱི་སི་ལན་ཆོས་ལུགས་ལ་དད་མོས་མཁན་མི་རིགས་རྣམས་མཉམ་འབྲེལ་བྱས་ནས་རྒྱལ་ཁབ་འཛུགས་དགོས་པའི་འུད་སྒྲོག་བྱས། དེ་མིན་དབྱིན་ཇིས་དེ་ལ་གྲོན་དངུལ་དང་མཚོན་ཆས། དམག་ཤུགས་སོགས་རྒྱབ་སྐྱོར་ཤུགས་ཆེན་བྱས། དང་ཐོག་ཨེ་ཤ་ཡ་དབུས་མར་བྱུང་བའི་དབྱི་སི་ལན་རིང་ལུགས་པ་དང་། གྲུ་གུ་རིང་ལུགས་པ། དེ་མིན་དེ་དག་གི་བསྡུས་གཟུགས་ཤར་གྲུ་གུ་སི་ཐིན་དབྱི་སི་ལན་རྒྱལ་ཁབ་ཀྱི་བསམ་བློའི་རླབས་རྒྱུན་དེ་ཤིན་ཅང་དུ་བཀྲམས་ནས་མི་རིགས་ཁག་ལ་གནོད་འཚེ་བཟོས། |
ཀྲུང་གོ་གསར་བ་དབུ་བརྙེས་རྗེས། བོད་ལྗོངས་གནད་དོན་དང་། ཤིན་ཅང་གནད་དོན་དེ་ཡང་བསྐྱར་ནུབ་ཕྱོགས་ཀྱིས་ཤུགས་སྐྱིལ་དང་ཐ་ན་ཀྲུང་གོ་ཁ་བྲལ་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཏུ་གྱུར། ཨ་རིས་ཐོག་མར་བོད་ལྗོངས་ཀྱི་གོང་རིམ་ལ་ཀྲུང་གོ་དང་གྲོས་མོལ་བྱེད་འདོད་མེད་པའི་ངན་སྐུལ་བཏང་བ་མ་ཟད། བོད་ལྗོངས་ལ་འབར་རྡེལ་མཚོན་ཆ་མཁོ་འདོན་བྱས་པ་དང་། དམག་དོན་གློག་འཕྲིན་བཅས་བཙུགས་ཐོག དྲག་ཤུགས་ལ་བརྟེན་ནས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བོད་དུ་བསྐྱོད་པར་འགོག་རྐྱེན་བཟོས། དེ་ནས་༡༩༥༤ལོར་ཨ་རི་ཀྲུང་དབྱང་གསང་འཕྲིན་ཅུས་ཀྱིས་ཨ་རིར་བོད་རང་བཙན་གྱི་དྲག་ཆས་གསང་མྱུལ་བ་འབོར་ཆེན་སྦྱོང་བརྡར་བྱས་རྗེས། ཕྱིར་བོད་ཁུལ་དུ་མངགས་ནས་ངོ་ལོག་ཟིང་འཁྲུག་སློང་དུ་བཅུག་པ་དང་། ཀྲུང་གོར་གསང་བའི་འཐབ་རྩོད་སྐུལ་སློང་བྱས། ༡༩༥༩ལོར་ཏཱ་ལའི་རུ་ཚོགས་ཀྱི་ངོ་ལོག་ཟིང་འཁྲུག་ལ་ཕམ་ཁ་བྱུང་རྗེས་ཀྲུང་དབྱང་གསང་འཕྲིན་ཅུས་ཀྱིས་ཏཱ་ལའི་བླ་མའི་སྟོབས་ཤུགས་ལྷག་མ་རྒྱ་གར་དུ་བྲོས་བྱོལ་འགྲོ་བར་ཁྲིད་སྟོན་བྱས་ཏེ། ༼བོད་རང་བཙན་༽གྱི་དར་རྟགས་ཡོངས་བསྒྲགས་བྱས་པ་མ་ཟད། བོད་ལྗོངས་སུ་དུས་ཡུན་རིང་བོར་དྲག་ཆས་ཀྱིས་འཇབ་རྒོལ་བྱེད་པར་ཡང་རྒྱབ་སྐྱོར་བྱེད་ཀྱི་ཡོད། དུས་དེ་ནས་ད་ལྟའི་བར་དུ་ཨ་རི་ནི་ཏཱ་ལའི་རུ་ཚོགས་ཀྱི་ཆབ་སྲིད་རྒྱབ་རྟེན་དང་དངོས་པའི་སྦྱིན་བདག་ཆེ་ཤོས་དེ་ཡིན་ཅིང་། ཏཱ་ལའི་རུ་ཚོགས་ནི་ཨ་རིས་བོད་ལྗོངས་ཟིང་ཟིང་དུ་གཏོང་བའི་ལག་རོགས་དང་ཀྲུང་གོའི་མངའ་ཁོངས་སུ་ཁ་བྲལ་གཏོང་མཁན་གྱི་ལག་ཆ་ཞིག་ཡིན།
འཛམ་གླིང་དམག་འཁྲུག་གཉིས་པ་མཇུག་རྫོགས་རྗེས་ཨ་རིས་མིག་རྒྱང་ཤིང་ཅང་དུ་གཏད་དེ་དོན་གཅོད་ཁང་བཙུགས་ཤིང་། གསང་མྱུལ་གྱི་ལས་སྒྲུབ་པ་དང་། གུང་རྒོལ་གྱི་མདུན་རེ་ཡོད་པའི་ཤིན་ཅང་གི་གོང་རིམ་མི་སྣའི་བར་འབྲེལ་བ་བཙུགས།
ཤིན་ཅང་བཅིངས་འགྲོལ་ཐོབ་པའི་དུས་དེར། ཨ་རིའི་དོན་གཅོད་ཁང་གིས་གུང་རྒོལ་སྟོབས་ཤུགས་ཕྱོགས་གཅིག་ཏུ་བསྡུས་ཏེ་༼རང་བཙན་རྒྱལ་ཁབ་འཛུགས་༽རྒྱུའི་འགུལ་སྐྱོད་ཇུས་འགོད་བཟོས་པ་དང་། ཝུ་སི་མན་ཇག་ཚོགས་ལ་རྒྱབ་སྐྱོར་བྱས་ནས་མི་དམངས་བཅིངས་འགྲོལ་དམག་ལ་འཐབ་རྩོད་བྱས། ༼༩.༡༡༽དོན་རྐྱེན་གྱི་རྗེས་སུ་ཨ་རིས་འཇིགས་སྐུལ་ལ་རྒོལ་བའི་མིང་གཡར་ནས་ཨེ་ཤ་ཡ་དབུས་མའི་ས་ཁུལ་དུ་བསྐྱོད་དེ། ཤིན་ཅང་གི་ཁ་བྲལ་སྟོབས་ཤུགས་ལ་རྒྱབ་སྐྱོར་བྱེད་པའི་གསང་བ་མིག་མདུན་དུ་བཤམས། ཨ་རིའི་ཧུ་ཕུ་ཅིན་སི་སློབ་ཆེན་གྱི་རིག་པ་བ་སྐོར་ཞིག་གིས་༢༠༠༣ལོར་“ཤིན་ཅང་ལས་གཞི་”ཞེས་པའི་ཞིབ་འཇུག་ནང་དོན་ལེགས་འགྲུབ་བྱུང་རྗེས། ཤིན་ཅང་ནི་ཐོག་མ་ནས་ཀྲུང་གོའི་བྲལ་དུ་མི་རུང་བའི་ཆ་ཤས་ཡིན་པའི་བཤད་ཚུལ་ལ་ཁས་ལེན་མ་བྱས་པར། ཀྲུང་གོའི་སྲིད་གཞུང་གིས་ཤིན་ཅང་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་སྲིད་ཇུས་ལ་བཙན་རྒོལ་བྱས་པ་དང་། ཤིན་ཅང་མི་རིགས་བར་གྱི་འབྲེལ་བར་དཀྲུགས་ཤིང་འཕངས་པ་མ་ཟད། ཐ་ན་ཁ་བྲལ་རིང་ལུགས་དང་གཏུམ་དྲག་འཇིགས་སྐུལ་བྱ་འགུལ་ལ་འུད་སྒྲོག་བྱེད་རོགས་བྱས།
ཨ་རིས་༼ཤར་གྲུ་གུ་སི་ཐིན་ཚོགས་པ་༽དང་། ༼རྟེན་གཞི་ཚོགས་པ།༽ ༼ཐ་ལི་པན་ཚོགས་པ༽བར་གྱི་འབྲེལ་བ་ཟབ་པ་དང་། རང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཇིགས་སྐུལ་ཐེབས་པ་ཤེས་བཞིན་དུ་༼ཤར་གྲུ་གུ་སི་ཐིན་ཚོགས་པ་༽དེ་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་དང་ཀྲུང་གོ་སྲིད་གཞུང་ལ་གནོན་ཤུགས་གཏོང་བའི་སྟོབས་ཤུགས་སུ་བེད་སྤྱོད་བྱས། ༼ཤར་གྲུ་གུ་སི་ཐིན་ཚོགས་པས་༽་ཀྲུང་གོ་སྲིད་གཞུང་ལ་རྒོལ་བ་དང་། ཤིན་ཅང་བརྟན་བརླིང་ལ་གཏོར་བརླག་བྱེད་པའི་བྱ་སྤྱོད་ཁག་ལ་སྒོ་མོ་ཡངས་པོར་ཕྱེ་ནས། ཀྲུང་གོ་སྲིད་གཞུང་གིས་འཇིགས་སྐུལ་ལ་ངོ་རྒོལ་དང་། བརྟན་བརླིང་ལ་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་ཡོད་ཚད་ནི་༼ཡུ་གུར་བའི་ཆབ་སྲིད་དབང་ཆར་བཙན་གནོན་༽དང་། ༼ཆོས་ལུགས་དད་མོས་རང་དབང་ལ་བཙན་གནོན་ཡིན་པའི་༽ཚུལ་སོགས་བསྟན། ནུབ་ཕྱོགས་ཀྱི་རྒྱབ་སྐྱོར་འོག ༢༠༠༤ལོར་༼ཤར་གྲུ་གུ་སི་ཐིན་ཚོགས་པ་༽མང་པོ་གཅིག་ཏུ་དྲིལ་ནས་འཇར་མན་གྱི་མོ་ནེ་ཧེ་ནས་༼འཛམ་གླིང་གི་ཡུ་གུར་ཚོགས་ཆེན་༽ཞེས་པ་བཙུགས་ཤིང་། ༼འཛམ་གླིང་གི་ཡུ་གུར་ཚོགས་པའི་༽ཡན་ལག་ལས་ཁུངས་ཁག་དང་སྨྱན་སྦྱོར་ལྟེ་གནས་ཡང་གཙོ་བོ་ནུབ་ཕྱོགས་སུ་བཙུགས་པ་རེད། |
བཀོལ་སྤྱོད་རིང་ལུགས་ཀྱི་ཁེ་ཕན་གྱི་བསམ་བློའི་ཚད་འཇལ།
ཨ་རིའི་ཕྱི་འབྲེལ་ཀྱི་རྩ་བའི་ངོས་དེ་“བཀོལ་སྤྱོད་རིང་ལུགས་ཀྱི་”ཁེ་ཕན་གྱི་བསམ་བློའི་ཚད་འཇལ་དང་འདུ་ཤེས་འཛིན་སྟངས་ཀྱི་ཆབ་སྲིད་ཀྱི་མཚམས་ཐིག་གཞིར་བཟུང་ནས་གྲུབ་པ་ཡིན་ལ། དེ་ལས་ཨ་རིས་“བོད་ལྗོངས་ཀྱི་གནད་དོན་”དང་“ཤིན་ཅང་གནད་དོན”གྱི་ཐབས་ཇུས་མཚོན་ཐུབ། ལོ་རབས་༧༠བའི་ནང་། ཨ་རིས་སྟོབས་ཤུགས་ཡོད་རྒུ་གཅིག་ཏུ་བསྡུས་ནས་སུའུ་ལན་ལ་འཁྲུག་རྩོད་བྱེད་དགོས་པས། ཡུའེ་ནན་འཁྲུག་རྩོད་ཁྲོད་ནས་ཕྱིར་འཐེན་དགོས་པ་བྱུང་བས། ཀྲུང་གོའི་རྣམ་འགྱུར་དེ་ཧ་ཅང་གལ་ཆེར་གྱུར། ཏཱ་ལའི་རུ་ཚོགས་ལ་མཚོན་ན་བེད་སྤྱོད་ཀྱི་དོན་སྙིང་ཆེ་ཆེར་མ་བྱུང་། དེ་ལས་ལྡོག་ཏེ་ཀྲུང་གོ་དང་ཨ་རིའི་འབྲེལ་བ་ཇེ་ལེགས་སུ་འགྲོ་བར་ཤུགས་རྐྱེན་ཐེབས། དུས་དེར་ཁེ་ཕན་གྱི་བསམ་བློའི་ཚད་འཇལ་དེ་ཡང་ཝ་ལེར་གསལ་འོང་། ༡༩༧༢ལོར་སྲིད་འཛིན་ནེ་ཁེ་སུང་ཀྲུང་གོར་འཚམས་འདྲིར་གནང་རྗེས། ཨ་རིས་ཏཱ་ལའི་རུ་ཚོགས་ལ་དཔལ་འབྱོར་དང་དམག་དོན་གྱི་རྒྱབ་སྐྱོར་ཉུང་དུ་བཏང་། ༡༩༦༥ལོར་ཀྲུང་དབྱང་གསང་འཕྲིན་ཅུས་ཀྱིས་བལ་བོའི་ཝང་གོ་མུ་སི་ཐང་ས་ཁུལ་དུ་སྡོད་པའི་ཏཱ་ལའི་རུ་ཚོགས་ཀྱི་དམག་དོན་སྟོབས་ཤུགས་གཙོ་བོར་བར་སྣང་ནས་རོགས་སྐྱོར་བྱེད་མཚམས་བཞག་རྗེས། ༡༩༧༤ལོར་ཀན་ཐིན་རན་བལ་བོ་སྲིད་གཞུང་དམག་གིས་སྟོབས་ཤུགས་དེ་རྩ་མེད་བཟོས།
ཏཱ་ལའི་རུ་ཚོགས་ནི་རྒྱལ་སྤྱིའི་སྟེང་སྤྲང་ཕྲུག་བཞིན་ཁེར་རྐྱང་དུ་ལུས་ཤིང་། ༼བོད་རང་བཙན་༽གྱི་དར་རྟགས་དེ་༼དབུ་མའི་ལམ་༽དུ་མི་བསྒྱུར་ཐབས་མེད་བྱུང་ནས་།༼བོད་ཆེན་པོའི་མཐོ་རིམ་རང་སྐྱོང་༽གི་མཐར་ཐུག་གི་རང་བཙན་གྱི་ལམ་དུ་བགྲོད། ཏཱ་ལའི་བླ་མར་མཚོན་ན་ཨ་རིའི་བྱེད་སྟངས་གསལ་བོར་རྟོགས། ཁོས་རང་གི་༼རང་རྣམ་༽གྱི་ནང་དུ་༼ཨ་རི་སྲིད་གཞུང་བོད་ལྗོངས་དོན་དག་ནང་ཞུགས་དོན་ནི་བོད་ལ་རོགས་སྐྱོར་བྱ་ཆེད་མིན་པར། འཇམ་འཐབ་སྐབས་སུ་སུའུ་ལན་དང་འཐབ་རྩོད་བྱེད་པའི་དགོས་མཁོ་ཁོ་ནར་དམིགས་པ་རེད༽ཅེས་ཐེངས་མང་འཁང་ར་བྱས་འདུག །
༡༩༨༩ལོའི་ཟླ༣པའི་ཚེས༥ཉིན་ལྷ་ས་ནས་ཟིང་འཁྲུག་དོན་རྐྱེན་བྱུང་རྗེས། པེ་ཅིང་ནས་༼དྲུག་བཞི་༽དོན་རྐྱེན་བྱུང་། དེའི་ཕྱིས་རྒྱལ་སྤྱིའི་སྟེང་སྔ་གཞུག་ཏུ་སུའུ་ཤར་འགྱུར་བ་དྲག་པོ་བྱུང་། དེ་དུས་སུ་ཨ་རིའི་བསམ་པར། སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོར་རྙོག་དྲ་བཟོ་བ་དང་འགོག་རྐྱེན་ཏཱ་ལའི་བླ་མར་ད་དུང་བེད་སྤྱོད་ཀྱི་རིན་ཐང་ལྡན་པ་མཐོང་ཅིང་། དེ་བས་༡༩༨༩ལོའི་ཟླ་༡༠བའི་ནང་དུ། ཀྲུང་གོར་ཉེས་ཆད་གཅོད་པའི་བྱེད་ཐབས་ཤིག་བཏོན་ནས་ནོ་པེར་ཞི་བདེའི་རྟགས་མ་དེ་ཏཱ་ལའི་བླ་མར་སྤྲས། ༡༩༩༡ལོར་ཨ་རིའི་སྲིད་འཛིན་གྱིས་ཏཱ་ལའི་བླ་མ་དང་ཐུག་འཕྲད་ཐེངས་དང་པོ་བྱས་པ་ནས་བཟུང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་འགོ་འཛིན་མི་སྣས་ཏཱ་ལའི་ལ་ཐུག་འཕྲད་བྱེད་པའི་སྲོལ་ངན་པ་དེ་བྱུང་། ༼ཏཱ་ལའི་བླ་མའི་མ་རྐང་༽གི་རིན་ཐང་ཡང་ནུབ་ཕྱོགས་སུ་གློ་བུར་དུ་ཆེ་ཆེར་རྒྱས། ནུབ་ཕྱོགས་སྤྱི་ཚོགས་ཀྱི་མི་སེར་དཀྱུས་མ་རྣམས་ཀྱིས་འཇིག་རྟེན་ཁམས་འདི་ན་ཏཱ་ལའི་བླ་མ་ཞེས་པ་ཞིག་ཡོད་པ་ཤེས་རྟོགས་བྱུང་། སྐུལ་མ་དེ་ཐོབ་པར་བརྟེན་ནས་ཏཱ་ལའི་བླ་མས། ༼ལོ་གསུམ་ནང་བོད་ལྗོངས་ངེས་པར་དུ་རང་བཙན་གྱི་རྒྱལ་ཁབ་ཏུ་གཏོང་རྒྱུ་༽ཞེས་ཁྱབ་བསྒྲགས་གནང་བ་མ་ཟད། ༼སྲིད་དབང་འཇིགས་ཉེན་ཡོད་པའི་ཀྲུང་གོ་དང་གྲོས་མོལ་མི་བྱེད་༽ཅེས་བསྒྲགས། ཨ་རི་དང་ཏཱ་ལའི་བླ་མ་གཉིས་ཡིད་ཕམ་པ་ཞིག་ནི་རེ་བ་དེ་ལམ་སང་ངལ་བ་འབྲས་མེད་དུ་གྱུར།
༢༠༠༨ལོར་ནུབ་ཕྱོགས་ཀྱིས་ཀྲུང་གོས་རྒྱལ་ཁའི་ངང་པེ་ཅིང་ཨོ་ལན་ཕིག་ལུས་རྩལ་འགྲན་ཚོགས་སྤེལ་ཐུབ་པར་དགའ་སྤྲོས་བརྟས་པ་གཞིགས་ནས། དེ་ནི་ཆེས་དཀོན་པའི་གོ་སྐབས་ཤིག་ཏུ་བརྩིས། ཐོག་མར་༢༠༠༧ལོར་ཨ་རིས་ཨ་རིར་མཛད་རྗེས་བླ་མེད་བཞག་པའི་འཇོན་ཐང་མི་སྣ་ཁོ་ནར་ཐོབ་དབང་ཡོད་པའི་བྱ་དགའ་སྟེ་༼རྒྱལ་ཚོགས་ཀྱི་གསེར་གྱི་བྱ་དགའ་༽དེ་ཏཱ་ལའི་བླ་མར་གནང་། དེར་མཐུད་ནས་༢༠༠༨ལོར་ཏཱ་ལའི་རུ་ཚོགས་ཀྱིས་ལྷ་སར་༼3•14༽རྡུང་བཅག་འཕྲོག་སྲེག་གི་གཏུམ་སྤྱོད་དོན་རྐྱེན་བསླངས་བ་དང་། དེ་ནས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་འགར་ཨོ་ལན་ཕིག་ག་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་བྱེད་པར་དྲག་སྤྱོད་ཀྱིས་བཀག་འགོག་བྱས་པའི་དོན་རྐྱེན་སྔ་གཞུག་ཏུ་བྱུང་། དུས་མཚུངས་སུ། ནུབ་ཕྱོགས་འགོ་ཁྲིད་པས་ཐུན་མོང་ཐོག་པེ་ཅིང་ཨོ་ལན་ཕིག་ག་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་ལ་བཀག་འགོག་དང་དྲག་གནོན་བྱས་ནས་ཀྲུང་གོར་འཕྱ་དམོད་བྱས། ཀྲུང་གོ་སྲིད་གཞུང་གི་གཉའ་མནན་ནས་ཏཱ་ལའི་རུ་ཚོགས་ལ་ཆབ་སྲིད་ཐོག་ནས་བཟོད་སྒོམ་བྱེད་དགོས་ཚུལ་བསྟན། ཡིན་ན་ཡང་། བོད་ལྗོངས་ཀྱི་གནས་སྟངས་མགྱོགས་པོར་རྒྱུན་ལྡན་དུ་གྱུར་བ་དང་། ཀྲུང་གོ་མི་དམངས་དང་འཛམ་གླིང་གི་ཀྲུང་གོ་བ་ཡོངས་ཀྱིས་ཀྲུང་གོ་སྲིད་གཞུང་ལ་རྒྱབ་སྐྱོར་གྱི་འབོད་སྐད་བཏང་བ་དང་། ཏཱ་ལའི་རུ་ཚོགས་དང་CNNསོགས་ནུབ་ཕྱོགས་སྨྱུན་སྦྱོར་གྱིས་ཀྲུང་གོར་ཁྱད་གསོད་བྱེད་པའི་དོན་རྐྱེན་ལ་རྒོལ་ལན་དྲག་པོ་བཏང་བས། ད་གཟོད་ནུབ་ཕྱོགས་ཀྱིས་དོན་རྐྱེན་བཟོ་མཚམས་བཞག་པ་རེད། བསྒྱུར་བཅོས་སྒོ་དབྱེ་བྱས་པའི་ཚུན་ཀྲུང་གོ་རྒྱུན་ཆད་མེད་པར་འཕེལ་རྒྱུས་མྱུར་པོ་ཕྱིན་པ་དེས་ནུབ་ཕྱོགས་རྒྱལ་ཁབ་རྣམས་འགལ་ཟླའི་ནང་ལྷུངས་པ་ལྟ་བུར་འགྱུར་བ་དང་། ཕྱོགས་གཅིག་ནི་སུ་ཞིག་ཡིན་ཡང་ཀྲུང་གོ་འཕེལ་རྒྱས་མྱུར་པོ་ཕྱིན་པ་དེའི་ནང་ཞུགས་འདོད་ཡོད་པ་དང་། དེའི་ཁྲོད་ནས་ཕན་པ་ཐོབ་འདོད་ཡོད་པ་རེད། ལྷག་པར་དུ་དཔལ་འབྱོར་དང་དངུལ་རྩ་ཉམས་ཉེན་ཁྲོད་ནས་དོན་འདོད་ཡོད་པ་རེད། ཕྱོགས་གཞན་ཞིག་ནི་ཡང་ཀྲུང་གོས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་གཙོ་གནས་སུ་གཏན་འཁེལ་བྱས་པའི་རྒྱལ་སྤྱིའི་གནད་དོན་གྱི་སྒྲིག་ལམ་དང་ཁེ་ཕན་གྱི་གྲུབ་ཆ་ལས་འགལ་བར་འཇིགས་སྣང་དང་སེམས་ཁྲལ་ཡོད་པས་གོ་སྐབས་སྤྱད་ནས་ཀྲུང་གོ་བཀག་སྡོམ་བྱས་པ་དང་། ཆབ་ཅིག་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་མི་རིགས་མང་བའི་རྒྱལ་ཁབ་ཀྱི་གནས་ཚུལ་སྤྱད་དེ་ཀྲུང་གོ་དེ་ཉིད་སི་ལ་ཧྥི་རྒྱལ་དང་འདྲ་བར་ཁ་བྲལ་དུ་འགྲོ་བའི་འདུན་པ་འཆང་བཞིན་ཡོད་པ་རེད། དེར་བརྟེན་མི་རྣམས་ཀྱིས་ཆོས་ཉིད་རང་བཞིན་གྱི་རྣམ་པ་ཁག་གཅིག་མཐོང་སྐབས། ༼ཀྲུང་གོ་བརྟན་ལྷིང་འཕེལ་རྒྱས་འགྲོ་བའི་སྐབས། ནུབ་ཕྱོགས་རྒྱལ་ཁབ་དབུ་ཁྲིད་རྣམས་ཀྱིས་རྗེས་ལུས་ཐེབས་དོགས་ངང་གཅིག་རྗེས་གཉིས་མཐུད་ཀྱིས་ཀྲུང་གོར་མཚམས་འདྲི་ཡོང་གི་ཡོད། འོན་ཀྱང་བོད་ལྗོངས་དང་ཤིན་ཤང་དུ་གནས་ཚུལ་ཐོན་སྐབས་མི་དེ་ཚོས་ཡང་རྗེས་ལུས་ཐེབས་དོགས་ངང་གཅིག་རྗེས་གཉིས་མཐུད་ཀྱིས་མྱུར་དུ་ངོ་ནག་བསྟན་པ་དང་གཏམ་ངན་པ་བརྗོད་ཀྱི་ཡོད། དེས་བོད་ལྗོངས་དང་ཤིན་ཅང་གི་བརྟན་བརླིང་སླར་གསོ་ཡོང་བར་འགོན་རྐྱེན་བཟོས་མི་སྲིད་པས་ཁོང་ཚོའི་རྣམ་འགྱུར་སླར་ཡང་ཞི་འཇམ་སུ་འགྲོ་ཞིང་། རྣམ་འགྱུར་ལ་འགྱུར་ལྡོག་འགྲོ་མགྱོགས་པ་ནི་བློ་ཡུལ་ལས་འདས་པ་ཞིག་ཡོང་གྱི་ཡོད་པ་རེད། རྒྱལ་ཁབ་ཁ་ཤས་ཀྱི་དབུ་ཁྲིད་གསར་པ་བསྐོ་མ་ཐག ཀྲུང་གོའི་མཐའ་གཅིག་གི་ངོ་རྒོལ་ལ་མི་ལྟོས་པར་ཏཱ་ལ་དང་ཐུགས་འཕྲད་བྱེད་པ་དང་། དེ་རྗེས་སླར་ཡང་ལྐོག་ཏུ་ཀྲུང་གོར་ཏཱ་ལ་དང་ཐུགས་འཕྲད་བྱེད་པའི་གནད་དོན་དེ་འདྲ་མི་ལྷག་པའི་ཁས་ལེན་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་ལེགས་སུ་འགྲོ་བ་བྱེད་ཀྱི་ཡོད། དེ་རྗེས་ཤུགས་ཆེ་བའི་ཚོང་ལས་ཀྱི་འཐུས་མི་ཚོགས་པའི་སྣེ་ཁྲིད་ནས་ཀྲུང་གོར་འཚམས་འདྲི་བྱེད་པར་ཡོང་སྟེ་ཚོང་ལས་ཀྱི་ཁེ་ཕན་ཐོབ་པ་བྱེད་ཀྱི་ཡོད་པ་དང་། སྐབས་རྗེས་མའི་དབུ་ཁྲིད་བསྐོ་ཞག་གནང་སྐབས་སླར་ཡང་དེ་འདྲ་བྱེད་ཀྱི་ཡོད་པ་རེད། རྒྱལ་ཁབ་ཁ་ཤས་ཀྱིས་རྒྱལ་སྤྱིའི་འབྲེལ་བའི་ཚད་གཞི་ལས་བརྒལ་བའི་བྱ་སྤྱོད་ལ་ཀྲུང་གོས་ངོ་རྒོལ་བྱེད་སྐབས། དེའི་སྲིད་གཞུང་དང་གྲོས་ཚོགས། ཁྲིམས་ཁང་གིས༼དབང་ཆ་གསུམ༽དབྱེ་བ་དང་སོ་སོའི་མངའ་འོག་བདག་སྐྱོང་མི་བྱེད་པའི་རྣམ་པ་པ་ཐོན་གྱི་ཡོད་པ་རེད། རྒྱལ་ཁབ་ཁ་ཤས་ཞིག་གིས་དུས་སྐབས་གཅིག་གི་ནང་སྔ་རྗེས་སུ་ཏཱ་ལ་དང་ཐུགས་འཕྲད་བྱས་པས་རིམ་པ་མང་བའི་གནོན་ཤུགས་འགན་བརྒོས་བྱས་ནས༼ལམ་ལུགས་ལས་མཉམ་བརྒལ༽བྱས་ཡོད་པ་རེད། |
༼གོ་ཆོད་རིང་ལུགས༽ལ་ཁ་གཏད་གཅོག་སྐབས་རྒྱུ་མཚན་བཤད་པ་གཅིག་པུར་བརྟེན་ན་ཡོང་ཐབས་མེད་པ་ཞིག་རེད། ༼གོ་ཆོད་རིང་ལུགས༽པ་རྣམས་ཀྱིས་ཁོང་ཚོའི་བྱ་སྤྱོད་རྣམས༼གོ་སྤྱོད༽མེད་པའི་སྐབས་འགྱུར་མདོག་གཏོང་སྲིད་པ་ཞིག་རེད། གང་ཡིན་ཡང་། ནུབ་ཕྱོགས་རྒྱལ་ཁབ་རྣམས་ཀྱིས༼བོད་ཀྱི་གནད་དོན༽དང་༼ཤིན་ཅང་གི་གནད་དོན༽ཐད་དམིགས་བསལ་གྱི་བེད་སྤྱོད་རང་བཞིན་མེད་པ་ཤེས་སྐབས་དེ་ཚོས་རྒྱུ་མཚན་མེད་པའི་ཐེ་གཏོགས་བྱེད་ཡས་ཉུང་དུ་འགྲོ་རྒྱུ་ཡིན་པ་དང་། དེ་གྲུབ་པར་དུས་ཚོད་ངེས་ཅན་ཞིག་དགོས་ངེས་ཡིན་པ་ཐེ་ཚོམ་མེད། ༼ཚད་གཞི་ཉིས་བརྩེགས༽དང་༼འདེམས་སྒུག་རང་བཞིན་གྱི་དྲན་ཤེས་ཉམས་པ༽
ཨ་རིས་འཛམ་གླིང་ཐོག་གི་རྒྱལ་ཁབ་རྣམས༼དམངས་གཙོའི་རྒྱལ་ཁབ༽དང་༼སྲིད་དབང་སྒེར་གཅོད་ཀྱི་རྒྱལ་ཁབ༽གཉིས་སུ་དབྱེ་ཡོད་པ་དང་ཕྱི་ཚུལ་ནི་ཏང་མང་འགྲན་རྩོད་རིང་ལུགས་ཀྱི༼དམང་གཙོའི་འདེམས་སྐོ༽ལག་བསྟར་བྱེད་མིན་གྱི་ཚད་གཞི་དེ་ཡིན་པ་དང་། དོན་དངོས་ཐོག་ཨ་རིའི་རྒྱལ་ཁབ་ཀྱི་སྐད་ཆ་ཉན་མིན་དང་ཨ་རིའི་རྒྱལ་ཁབ་ཀྱི་ཁེ་ཕན་དང་མཐུན་མིན་དེ་ཡིན་པ་རེད། སྤྱི་ཚོགས་ཀྱི་འགལ་ཟླ་རིམ་བསགས་དང་དཔལ་འབྱོར་ཉམས་ཉེན་གནོན་ཤུགས་རྐྱེན་གྱིས། ལོ་ཤས་རིང་ཨ་རི་དང་དེ་བཞིན་མནའ་མཐུན་རྒྱལ་ཁབ་ཁག་གཅིག་ཏུ་གཞི་རྒྱ་ཆེ་བའི་དམངས་ཚོགས་ཀྱི་ངོ་རྒོལ་བྱེད་སྒོ་ལྷག་པ་དང་། སྐབས་དེར་ཚད་མི་འདྲ་བའི་དྲག་གནོན་གྱི་བྱ་ཐབས་སྤྱད་ཡོད། གནད་དོན་དེ་ཚོར་ཨ་རིས་སྐྱོན་སྟོན་གཅིག་ཀྱང་བྱས་མེད་ལ་དྲག་གནོན་གྱི་བྱ་སྤྱོད་ལ་སྐྱོན་བཤད་ཏིལ་འབྲུ་ཙམ་ཡང་བཤད་མེད་པ་རེད། འོན་ཀྱང་། ༢༠༠༨ལོའི་ལྷ་སའི༼༣.༡༤༽དོན་རྐྱེན་ནང་། ཏཱ་ལའི་ཚོགས་པ་ཁོ་ནས་སྒྲིག་འཛུགས་བྱས་པའི་དྲག་ཤུགས་ཉེས་ཅན་པ་རྣམས་ཀྱིས་ཉིན་ཕྱེད་ནང་ཉེས་མེད་ཀྱི་བོད་རིགས་དང་རྒྱ་རིགས་མང་ཚོགས༡༨བརྡུངས་བསད་དང་མི་བསྲེག་བཏང་བ་དང་མི་སྟོང་ཕྲག་ལ་རྨས་སྐྱོན་བཏང་བ་དེར་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་སྐྱོན་སྟོན་བྱེད་རྒྱུ་ལྟ་ཅི་ད་དུང་། ཉེས་ཅན་པ་རྣམས༼བོད་མི་རིགས་ཀྱི་དབང་ཆའི་ཆེད་དུ་ཞི་བདེའི་རྔམ་སྟོན་བྱེད་མཁན་གྱི་དམངས་ཚོགས༽ལ་ངོས་འཛིན་བྱེད་པ་དང་། ཀྲུང་གོ་སྲིད་གཞུང་གིས༼ཞི་བདེའི་རྔམ་སྟོན་མང་ཚོགས་དྲག་གནོན༽བྱས་འདུག་ཆེས་སྐྱོད་སྟོན་བྱས་ཡོད་པ་རེད། ང་རང་སྐབས་དེར་ཡོ་རོབ་ཀྱི་རྒྱལ་ཁབ་མང་ཆེ་བར་འཚམས་འདྲི་བྱེད་བཞིན་ཡོད། སྲིད་གཞུང་དང་སྨྱན་སྦྱོར་སུ་ཞིག་གིས་ཀྱང་རྐྱེན་ངན་སྲོག་ཤོར་བ་༡༨ལ་སྙིང་རྗེའི་སྐད་ཆ་ཙམ་ཡང་བཤད་མེད་པ་དང་ཧ་ལམ་ཁོང་ཚོ་ཤི་བ་སྡུག་གྱོང་ཡིན་པའི་རྣམ་འགྱུར་བསྟན་གྱི་འདུག དེ་བཞིན། ༢༠༠༩ལོའི་ཨུ་རུམ་ཆེའི༼༧.༥༽དོན་རྐྱེན་ནང་། དྲག་ཤུགས་ཉེས་ཅན་པ་རྣམས་ཀྱིས་ཉིན་གཅིག་གི་ནང་སྙིང་རྗེ་མེད་པའི་ཐོག་ནས་ཉེས་མེད་ཀྱི་མང་ཚོགས༡༩༧དམར་གསོད་བཏང་ཡོད་པ་དང་། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་སྔར་བཞིན་དྲག་ཤུགས་ཉེས་ཅན་པ་རྣམས་ལ་དག་བསེལ་བྱས་ཡོད། དེ་ལས་ལྡོག་པར་ཀྲུང་གོ་སྲིད་གཞུང་གིས་སྤྱི་ཚོགས་རྒྱུན་གཏན་རང་བཞིན་དུ་བརྟན་ལྷིང་གཏོང་བའི་ཐབས་ལམ་ནི༼དྲག་གནོན༽གྱི་བྱ་སྤྱོད་སྤེལ་བ་དེ་རེད་འདུག་པས་དེ༼ཚོད་འཛིན༽བྱེད་དགོས་ཅེས་རེ་བ་བཏོན་ཡོད་པ་རེད། ད་བར། སྤྱིར་བཏང་བོད་ཁུལ་དུ༼རང་བསྲེག༽གྱི་དོན་རྐྱེན་ལྷག་པ་དང་ཤིན་ཅང་དུ་དྲག་ཤུགས་འཇིགས་སྐུལ་གྱི་དོན་རྐྱེན་ལྷག་སྐབས། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་དྲག་ཤུགས་ཉེས་ཅན་པ་ཚང་མ ༼ཆབ་སྲིད་ཀྱི་ལྟ་བ་མི་འདྲ་བ༽དང་༼འགྲོ་བ་མིའི་ཐོབ་ཐང་གི་འཐབ་འཛིང་པ༽ ༼དྲག་གནོན་འོག་བྲོས་བྱོལ་འགྲོ་མཁན་ཡུལ་འཁྱར་བ༽བཅས་རེད་ཅེས་བརྗོད་ཀྱི་ཡོད་པ་དང་། དེ་ལས་ལྡོག་པར་ཀྲུང་གོ་སྲིད་གཞུང་ལ་སྐྱོན་སྟོན་བྱེད་ཀྱི་ཡོད་ལ་དྲག་ཤུགས་ཉེས་ཅན་པ་རྣམས༼ཀྲུང་གོའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཁྲི་གཞིར་བཟུང་འགྲོ་བ་མིར་མངའ་བའི་འབྲེལ་ཡོད་ཀྱི་འགན་སྲུང་དང་རང་དབང་སྤྱོད་རྒྱུ་ཡོད་པ༽འགན་ལེན་བྱེད་དགོས་པའི་རེ་བ་བྱེད་ཀྱི་ཡོད་པ་རེད། |
༼ཚད་གཞི་ཉིས་བརྩེགས༽དེ་ཉེ་བར་དཔེ་ཞིག་ཡོད་ལ། དེ་ནི་༢༠༡༣ལོའི་ལོ་འཇུག་ཏུ་ཨ་རིས་ཀྲུང་གོའི་འཇིགས་སྐུལ་དོགས་ཡོད་ཉེས་ཅན་པ་ཕྱིར་ལོག་གཏོང་དགོས་པའི་རེ་བར་ཁ་ཡ་མི་བྱེད་པ་དང་། རྟེན་གཞི་ཀོན་ཐ་ན་མོར་བཙོན་འཇུག་བྱས་པའི་ཀྲུང་གོའི་ཧུད་རིགས་ཀྱི་མཐའ་མའི་ཉེས་ཅན་པ་གསུམ་སི་ལུ་ཧྥ་ཁེར་སྐྱེལ་ཡོད་པ་རེད། དེ་བྱེད་དོན་ནི་མི་དེ་དག་ཀྲུང་གོར་ཕྱིར་ལོག་བཏང་ཚེ་ཚ་འདྲི་བྱེད་ཀྱི་རེད་ཅེས་སྙམ་ཡོད་པ་རེད། དེའི་གོང་དུ། ༢༠༠༦ལོར་ཨ་རིས་གནད་དོན་དེ་འདྲ་བའི་དོགས་ཡོད་ཉེས་ཅན་པ་ཨ་པེ་ཉི་ཡར་སྐྱེལ་པ་དང་། དེ་རྗེས་ཀྱི་ལོ་ཤས་ནང་། དོགས་ཡོད་ཉེས་ཅན་པ་༡༦གཅིག་རྗེས་གཉིས་མཐུད་ཀྱིས་རྒྱལ་ཁབ་གཞན་དུ་སྐྱེལ་ཡོད་པ་རེད། གལ་སྲིད་མི་དེ་དག་འཇིགས་སྐུལ་བྱེད་སྒོ་སྤེལ་མཁན་ཞིག་མིན་ཚེ། དེ་ལས་ལྡོག་ཏེ་མི་དེ་དག་ཨ་རིའི་རྒྱལ་འཚམས་སུ་འཛུལ་མི་ཆོག་པའི་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་རེད། མངོན་གསལ་ཡིན་པར། ཨ་རིས་བལྟས་པར། འཇིགས་སྐུལ་བའི་དམིགས་ཡུལ་གལ་སྲིད་ཨ་རི་ཡིན་ཚེ། ངེས་པར་དུ་ཁྲིམས་གཅོད་ནན་པོ་བྱེད་རྒྱུ་ཡིན་པ་དང་། ད་དུང་རྒྱལ་ཁབ་གཞན་དག་ངེས་པར་དུ་ཨ་རིར་ཞོགས་འདེགས་བྱེད་དགོས་པའི་རེ་བ་བཏོན་ནས༼འཇིགས་རྒོལ༽བྱེད་ངེས་ཡིན་པ་རེད། གལ་སྲིད་འཇིགས་སྐུལ་བའི་དམིགས་ཡུལ་ཀྲུང་གོར་ཡིན་ཚེ། ནོར་བུ་ལྟ་བུར་རྩིས་ནས་སྲུང་སྐྱོབ་བྱེད་ངེས་ཡིན་པ་རེད།
༼ཚད་གཞི་ཉིས་བརྩེགས༽ལག་ལེན་མཐར་ཕྱིན་བྱེད་ཆེད། རྒྱུན་གཏན་ནས་དངོས་ཡོད་དང་དྲང་ཞག བར་སྡོད་བཅས་འུད་ཤོབ་བྱེད་པའི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་སྨྱན་སྦྱོར་གྱིས་ཏཱ་ལའི་རུ་ཚོགས་ཀྱི་རང་གཤིས་ལ་ཚུར་སྣང་བྱེད་པའི་བྱ་ངན་ལ་རྒྱུན་གཏན་ནས ༼འདེམས་སྒུག་རང་བཞིན་གྱི་དྲན་ཤེས་ཉམས་པའི༽ཐབས་ལམ་སྤྱད་ཀྱི་ཡོད་པ་རེད། བོད་རྙིང་པའི་ཆོས་སྲིད་བཟུང་འབྲེལ་གྱི་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་དེ་བཞིན་ཏཱ་ལའི་བླ་མ་རང་ཉིད་ནི་གཞིས་ཀ༢༧དང་འབྲོག་ར༣༠ ཞིང་བྲན༦༠༠༠ཡོད་པའི་ཞིང་བྲན་གྱི་བདག་པོ་ཡིན་པ་དང་། ཏཱ་ལའི་རུ་ཚོགས་ཀྱིས༡༩༥༩ལོར་སྐུལ་སློང་བྱས་པའི་དྲག་ཆས་ངོ་ལོག་དང་རྒྱུན་རིང་འཆར་འགོད་ངན་སྐུལ་བྱས་པའི་དྲག་ཤུགས་འཇིགས་སྐུལ་གྱི་དོན་རྐྱེན་བཟོས་པ། ཏཱ་ལའི་རུ་ཚོགས་ཀྱིས་ཀྲུང་གོའི་ས་ཁོངས་སྤྱི་ལེ་གྲུ་ཞི་མ་ཁྲི༩ཙམ་རྒྱ་གར་ལ་བཙོང་པ། ཏཱ་ལའི་བླ་མ་དང་འཇར་པན་གྱི༼ཨོའ་མུའུ་དོན་དངོས་ཆོས་ལུགས༽ཀྱི་མ་ཡོན་ཀྲང་ཧོང་དང་མཉམ་དུ་དུག་གིས་མི་བསད་པའི་ཉེས་པ་རྣམས་རྒྱུན་རིང་ཕན་ཚུན་ངན་འབྲེལ་བྱེད་པ་དང་འབྲེལ་བ་ཟབ་མོ་བྱེད་པ། ཏཱ་ལའི་བླ་མས་རྒྱལ་ཕྱིའི་བོད་རིགས་སྤུལ་ཟླའི་ནང་ཆོས་ལུགས་ཀྱི་སྲིད་དབང་སྒེར་སྤྱོད་ལམ་ལུགས་ལག་བསྟར་བྱས་ནས་སྲོལ་རྒྱུན་གྱི་དད་ལྡན་པ་རྣམས་འུ་ཐུག་པའི་གནས་སུ་འགྱུར་དུ་བཅུག་པ་དེ་ཚོ་གཅིག་ཀྱང་བརྗོད་མེད་པ་རེད། ཏཱ་ལའི་བླ་མས༼རང་བསྲེག༽ལ་ངན་སྐུལ་བྱས་པའི་གཏམ་རྣམས་སྦ་གསང་བྱས་རྗེས། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་རྒྱལ་ཁའི་ངང་ངོ་གདོང་ལས་འཛུམ་མདངས་འཕྱུར་བ་དང་ཆོས་དབྱིངས་སུ་ཞུགས་མཁན། ཆབ་སྲིད་ལ་ཐེ་ཐོག་མི་བྱེད་མཁན། ནན་ཏན་ངང་དྲག་ཤུགས་མེད་པའི་རྩ་དོན་སྲུང་མཁན། ༼ནོ་པེར་ཞི་བདེའི་བྱ་དགའ༽ ཐོབ་མཁན་གྱི་སྐྱེས་ཆེན་དམ་པ་དང་མི་ཚང་མས་དད་པ་བྱེད་ཡུལ་ཞིག་ཏུ་རྟོག་བཟོ་བྱེད་ཐུབ་པ་བྱུང་ཡོད་པ་རེད། རྒྱུན་རིང་གི་རྟོག་བཟོ་དེ་ཚོས་ནུབ་ཕྱོགས་ཀྱི་སྤྱི་འབངས་རྣམས་ནོར་འཕྲུལ་གྱི་འདུ་ཤེས་ཞིག་ཆགས་ཡོད་པས། ཁོང་ཚོས་དོན་དངོས་ཀྱི་ཏཱ་ལའི་བླ་མ་རྒྱུས་ལོན་མི་ཐུབ་པ་དང་དེ་དང་དུས་མཚུངས་དོན་དངོས་ཀྱི་ཀྲུང་གོ་སྲིད་གཞུང་གིས་ཏཱ་ལའི་རུ་ཚོགས་ལ་འཐབ་འཛིང་བྱེད་པའི་དྲང་བདེན་རང་བཞིན་དང་དགོས་ངེས་རང་བཞིན་དེ་རྒྱུན་ལོན་ཐུབ་ཀྱི་མེད་པ་རེད།
འོན་ཀྱང་། ༼ཚད་གཞི་ཉིས་བརྩེགས༽དེས་རྟག་ཏུ་ཨ་རིར་ཁེ་ཕན་སྐྲུན་ཐུབ་ཀྱི་མེད་པ་རེད། ཨ་རིས་བརྒྱབ་སྐྱོར་བྱས་ནས་སྐྲུན་པའི༼རྟེན་གཞིའི༽སྒྲིག་འཛུགས་ཀྱིས་རྗེས་སུ་ཨ་རིར༼༩.༡༡༽ཀྱི་དོན་རྐྱེན་བཟོས་པ་དང་། ༼ཨ་རབ་ཀྱི་དཔྱིད་ཀ༽ཞེས་པའི་དོན་རྐྱེན་ནང་རྒྱལ་ཁབ་ཁ་ཤས་ཀྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་ནང་གི་ཐལ་དྲག་པའི་སྟོབས་ཤུགས་ཁག་གཅིག་ལ་ཁོག་ཡངས་བྱས་ནས་སྲུང་སྐྱོབ་དང་བེད་སྤྱོད་བྱས་ཡོད་པ་རེད། འོན་ཀྱང་སྟོབས་ཤུགས་དེ་ཚོ་ཤུགས་ཆེ་རུ་ཕྱིན་རྗེས། སླར་ཡང་ཨ་རིའི་བདེ་འཇགས་ལ་གནོད་ཚེ་སྐྱེལ་གྱི་ཡོད་པ་རེད། དེ་བཞིན། ཨ་རིས་ནམ་ཞིག༼ཚད་གཞི་ཉིས་བརྩེགས༽གིས་སྲུང་སྐྱོབ་བྱས་པའི་ཏཱ་ལའི་རུ་ཚོགས་དང་༼ཤར་གྲུ་གི་སི་ཏན༽གྱི་སྟོབས་ཤུགས་དེ་མཐའ་མ་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་མཁན་ཞིག་ཡིན་པ་ཤེས་ངེས་རེད།
ཀྲུང་གོའི་ལོ་རྒྱུས་དང་དོན་དངོས་ལ་ཤེས་རྟོགས་མེད་པ།
ནུབ་ཕྱོགས་རྒྱལ་ཁབ་ཀྱིས་བོད་དང་ཤིན་ཅང་དང་འབྲེལ་བའི་གནད་དོན་ཐད་ནོར་འཕྲུལ་གྱི་ལྟ་སྟངས་མི་ཉུང་བ་ཞིག་ཡོད་པ་དང་། དེ་ནི་ཀྲུང་གོའི་ལོ་རྒྱུས་ཀྱི་སྲོལ་རྒྱུན་དང་དོན་དངོས་ཀྱི་གནས་འབབ་ལ་རྒྱུས་ལོན་མེད་པ་དང་འབྲེལ་བ་ཡོད་པ་ཞིག་རེད། མ་གཞི་བྱས་ན་རྒྱང་རིང་གི་རྒྱལ་ཁབ་ཞིག་ལ་རྒྱུས་ལོན་ཉུང་བ་དེ་ཡོང་སྲིད་པའི་གནད་དོན་ཞིག་རེད། འོན་ཀྱང་གལ་སྲིད་ད་དུང་དེས་རྐྱེན་པས་རང་ཉིད་ལ༼མཐོ་དམན་གྱི་ཀུན་སྤྱོད༽སྐྲུན་ནས་རྒྱལ་ཁབ་གཞན་གྱི་རྒྱལ་ནང་གནད་དོན་ལ་ཧམ་ཤེད་ཀྱིས་སྐྱོན་བརྗོད་དང་ཐེ་གཏོགས་བྱས་ཚེ་ཕན་ཚུན་གྱི་འབྲེལ་བར་རྒྱུན་རིང་རྙོག་དྲ་བཟོ་ངེས་རེད།
ཡོ་རིབ་ཀྱི་ལོ་རྒྱུས་ཐོག་བཀས་བཀོད་རྒྱུན་འཛིན་རྒྱལ་ཕྲན་བཟུང་བའི་རྣམ་པ་རྒྱུན་རིང་དུ་གནས་ཡོད་དེ། རྒྱལ་ཕྲན་ཕན་ཚུན་མཉམ་འབྲེལ་བྱས་པ་ཞིག་ཡིན། འོན་ཀྱང་རྒྱལ་ཁབ་སོ་སོར་སྔར་བཞིན་རང་ཉིད་ལ་དབང་བའི་གཙོ་བོའི་དབང་ཆ་ཡོད། ཡིན་ན་ཡང་དབང་ཆ་གཅིག་བསྡུས་ཀྱི་གཙོ་བོའི་སྲིད་གཞུང་ཞིག་མེད། གནད་དོན་དེ་ཚོས་ཉེ་དུས་ཀྱི་ཡོ་རོབ་རྒྱལ་ཁབ་ཀྱི་གྲུབ་ཆར་གཏིང་ཟབ་ཀྱི་བག་ཆགས་ཞིག་བཞག་ཡོད་པ་རེད། དུས་རབས་བཅུ་དགུའི་ཚུན། ཡོ་རོབ་རྒྱལ་ཁབ་རྣམས་མ་རྩ་རིང་ལུགས་ཀྱི་ཐོན་སྐྱེད་འབྲེལ་བའི་དགོས་མཁོ་དང་མཐུན་པ་བྱས་ཏེ། ༼ཆབ་སྲིད་དང་མི་རིགས་ཀྱི་ཚན་པ་ངེས་པར་དུ་གཅིག་འགྱུར་བྱེད་དགོས༽པའི་འདུ་ཤེས་གོང་མཐོར་བཏང་ནས་དམ་ཟབ་ངང་༼མི་རིགས་གཅིག་ལ་རྒྱལ་ཁབ་གཅིག༽དུ་ཕྱིན་ཡོད་པ་རེད། འཛམ་གླིང་དམག་ཆེན་དང་པོས་མི་རིགས་མང་བའི་ཨའོ་ཤུང་བཙན་རྒྱལ་རྩ་ཐོར་དུ་བཏང་ཡོད་པ་དང་། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་གཞི་རྒྱ་ཆེ་བའི་མི་རིགས་ཀྱི་གནས་སྤོ་དེས༼མི་རིགས་ཀྱི་རྒྱལ་ཁབ༽ཞེས་པའི་ཐད་སྙད་དེ་སྔར་ལས་ལྷག་པའི་སྒོ་ནས་གཏན་འཁེལ་བྱས་ཡོད་པ་རེད། དེ་དང་དུས་མཚུངས། མེ་སེར་སྤེལ་ཡུལ་གྱི་རྒྱལ་ཁབ་ཁག་གཅིག༼མི་རིགས་ཀྱི་རྒྱལ་ཁབ༽གསར་པར་འགྱུར་ཡོད་པ་རེད། འཇམ་འཐབ་རྗེས་སླར་ཡང་མི་རིགས་མང་བའི་སུའུ་ལན་དང་ནན་སི་ལ་ཧྥི་ཁ་འཐོར་དུ་ཕྱིན་ཡོད་པ་རེད། ༼མི་རིགས་རང་གཅོད་དབང་ཆ༽བརྒྱུད་ནས༼མི་རིགས་གཅིག་ལ་རྒྱལ་ཁབ་གཅིག༽ལག་བསྟར་བྱས་པ་དེ། སྤྱིར་བཏང་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་འཛམ་གླིང་གི་རྒྱལ་ཁབ་ཁག་གྲུབ་པའི་གནད་དོན་ཤེས་རྟོགས་བྱེད་པའི༼རྒྱུན་སྤྱོད་ཀྱི་ཚད་འཇལ༽ཞིག་ཏུ་འགྱུར་ཡོད་པ་རེད། ༼ཚད་འཇལ༽དེས་སྔར་བཞིན་རྒྱལ་ཁབ་ཁག་གཅིག་ཆེས་སུ་གཏན་འཁེལ་བྱས་པའི་ཆ་རྐྱེན་འོག་ལོ་རྒྱུས་ཀྱི་གནད་དོན་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་ཡོད། འོན་ཀྱང་རྒྱ་གར་དང་པ་ཁེ་སི་ཐན་ཁ་བྲལ་དང་པོ་ཧེ་དམག་འཁྲུག་རིང་ལྷག་པའི་དྲག་ཤུགས་དང་ཡ་ང་བའི་གནད་དོན་ཡང་བཟོས་ཡོད་པ་རེད། དེང་དུས་འཛམ་གླིང་གི་རྒྱལ་ཁབ་མང་ཆེ་བར་སྔར་བཞིན་མི་རིགས་མང་བའི་གནས་ཚུལ་གནས་ཡོད་པ་དང་། གལ་སྲིད་ངེས་པར་དུ༼མི་རིགས་གཅིག་ལ་རྒྱལ་ཁབ་གཅིག༽བྱས་ཚེ། ནུབ་ཕྱོགས་རྒྱལ་ཁབ་ཚུད་པའི་རྒྱལ་ཁབ་མང་ཆེ་བར་ཁ་བྲལ་བྱ་སྤྱོད་གྱི་ཟིང་ཆ་ལངས་ངེས་ཡིན། དོན་དངོས་ཐོག་ཟིང་ཆ་དེ་ཚོས་ཡོ་རོབ་རྒྱལ་ཁབ་ལ་གནས་སོས་མི་བདེ་བཟོས་ཚར་ཡོད་པ་རེད།
༼ཚད་འཇལ༽དེས་ཀྲུང་གོར་ཚད་འཇལ་ཚེ་གཅིག་ཀྱང་ཡོང་མི་སྲིད་པ་ཞིག་རེད། ཆིན་རྒྱལ་རབས་དང་ཧན་རྒྱལ་རབས་ནས་འགོ་ཚུགས་པའི་ཀྲུང་གོས་རྒྱལ་ཁའི་ངང་རྒྱལ་ཡོངས་ལ་ནུས་ལྡན་གྱི་དབང་ཆ་གཅིག་བསྡུས་ཀྱིས་དོ་དམ་བྱེད་པ་མངོན་འགྱུར་བྱུང་བ་དང་། ལོ་ངོ་སྟོང་ཕྲག་གི་རིང་། ཀྲུང་ཧྭ་མི་རིགས་ཁག་གིས་མཉམ་དུ་མི་རིགས་མང་བའི་གཅིག་འགྱུར་གྱི་རྒྱལ་ཁབ་དེ་སྐྲུན་ཡོད་པ་རེད་། ཀྲུང་ཧྭ་མི་རིགས་ཁག་གིས་ཡུན་རིང་ཕན་ཚུན་འབྲེལ་བ་དང་སྤེལ་རེས། མཉམ་སྲེས་བཅས་བྱས་པས། དཔལ་འབྱོར་དང་ཆབ་སྲིད། རིག་གནས་དེ་བཞིན་ཁྲག་རིགས་ཀྱི་འབྲེལ་བ་བཅས་ཕྱོགས་གང་ཕྱིའི་ཐད། ཕན་ཚུན་མཉམ་གནས་ཀྱི་འབྲེལ་བྱུང་ཡོད་པ་རེད། ཀྲུང་ཧྭ་མི་རིགས་ཁག་གིས་ཉེ་དུས་ཚུན་མེས་རྒྱལ་གོང་བུ་གཅིག་འགྱུར་ལ་སྲུང་སྐྱོབ་དང་ནུབ་ཕྱོགས་བཙན་རྒྱལ་རིང་ལུགས་འགོག་རྒོལ་བྱེད་པའི་ནང་། གོང་བུ་འགྲིལ་ཤུགས་དང་ལྟེ་བར་ཕྱོགས་ཤུགས་གོང་མཐོར་ཕྱིན་ཡོད་པས༼ཀྲུང་ཧྭ་མི་རིགས༽ཀྱི་རང་མོས་ཀྱི་ངོས་འཛིན་གྲུབ་ཡོད་པ་རེད། རྒྱལ་ཁབ་གཅིག་འགྱུར་བྱུང་ན་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་རྒྱལ་ཁབ་ཁ་བྲལ་དུ་སོང་ན་བཙང་དབང་ཕོག་རྒྱུ་རེད་ཞེས་པ་དེ་ཀྲུང་གོ་རང་ཉིད་ཀྱི་ལོ་རྒྱུས་ཐོག་ནས་ཤེས་ཚོར་བྱུང་བའི་སླབ་བྱ་གཙོ་བོ་ཞིག་ཡིན། ཆབ་སྲིད་དང་རིག་གནས་སྲོལ་རྒྱུན། མི་དམངས་ཀྱི་དོན་དངོས་ཁེ་ཕན་དེ་རྣམས། དེ་བཞིན་བོད་རིགས་དང་ཧུད་རིགས་ཚུད་པའི་ཀྲུང་གོའི་མི་དམངས་རྣམས་ཀྱིས་མེས་རྒྱལ་གོང་བུ་གཅིག་འགྱུར་དེ་རང་ཉིད་ཀྱི་ཚེ་སྲོག་ལྟར་གཅེས་པ་དང་། མི་སུ་ཞིག་གིས་མིང་གང་འདྲ་ཞིག་གི་ཐོག་ནས་ཀྲུང་གོ་ཁ་བྲལ་གཏོང་བའི་བྱ་སྤྱོད་ནང་ཞུགས་ཚེ་དེ་བཟོད་ཐབས་བྲལ་བ་ཞིག་ཡིན་པ་དང་། ཀྲུང་གོའི་ནང་ཁོངས་སུ༼མི་རིགས་རང་གཅོད༽དང་༼མི་རིགས་ཁ་བྲལ་གྱི་དབང་ཆ༽གཅིག་ཀྱང་སྤེལ་བཅུག་རྒྱུ་མེད་པ་རེད།
ལོ་ངོ་ཉི་བརྒྱ་གསུམ་བརྒྱ་ལྷག་གི་རིང་། ནུབ་ཕྱོགས་རྒྱལ་ཁབ་དེ་ཚོ་འཛམ་གླིང་ཐོག་ཏུ་ཤུགས་ཆེའི་གནས་འབབ་ཡོད་པ་དེས། ནུབ་ཕྱོགས་རྒྱལ་ཁབ་ཀྱི་མི་མང་ཆེ་བར་མི་རིགས་ཆེན་པོའི་རིང་ལུགས་ཀྱི་ཤུགས་རྐྱེན་ཐེབས་ནས་རང་ཉིད་ཀྱི་ཆབ་སྲིད་འཕེལ་རྒྱལ་ཕྱིན་པའི་ལམ་བུ་དང་འདུ་ཤེས་དེ་འཛམ་གླིང་ཐོག་འགྲན་ཟླ་མེད་པར་བརྩིས་ནས་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དམིགས་བསལ་རང་བཞིན་གྱི་ལོ་རྒྱུས་དང་མི་དམངས་ཀྱི་ཚོར་སྣང་ལ་རྒྱུས་ལོན་ཙམ་ཡང་བྱེད་འདོད་བྱེད་ཀྱི་མེད། ཁོང་ཚོས་ད་དུང་ཀྲུང་གོས་བོད་ལྗོངས་དང་ཤིན་ཅང་གི་བདག་དབང་རྣམས་ཁོ་ཚོས་རྟོགས་བཞིན་པའི་རྒྱལ་ཁབ་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་གི་མེ་སེར་སྤེལ་ཡུལ་དང་གཅིག་ཏུ་ངོས་འཛིན་བྱས་ཡོད་པ་རེད། ནུབ་ཕྱོགས་རྒྱལ་ཁབ་ཀྱི་སྨྱན་སྦྱོར་གསར་འགོད་པས་སྤོབས་ཉམས་ལྡན་པའི་ངང་ཁོ་བོར་༼བོད་རང་བཙན་༽ནི་ཀྲུང་གོ་སྲིད་གཞུང་གིས་ཁས་ལེན་མི་བྱེད་པ་ནི་བོད་ལྗོངས་ཀྱིས་ཀྲུང་གོའི་དཔལ་འབྱོར་དང་འཐབ་འཇུས་ཐད་ཤིན་ཏུ་གལ་འགངས་ཆེ་བ་ཞིག་ཡིན་ནམ། ༼ཀྲུང་གོས་བདག་དབང་སྐྱུར་ནས་ས་ཁོངས་གྱི་གནད་དོན་དེར་བོད་ལྗོངས་དང་ཤིན་ཅང་གི་རང་སྐྱོང་ཁས་ལེན་བྱེད་འདོད་མེད་པ་གང་ཡིན༽ ༼ཀྲུང་གོས་ཡོ་རོབ་མནའ་འབྲེལ་རང་བཙན་མཐུན་ཚོགས་ཀྱི་ཕྱི་འབྲེལ་དཔོན་རིགས་ཚོགས་ཆུང་བོད་ལྗོངས་སུ་དངོས་ཡོད་གནད་དོན་རྟོགས་ཞིབ་བྱེད་དུ་མི་བཅུག་པ་གང་ཡིན་ནམ༽སོགས་ཀྱི་དྲི་བ་འདྲི་ཀྱིན་འདུག ནུབ་ཕྱོགས་རྒྱལ་ཁབ་ཀྱི་མཁས་པ་འགས་རྒྱུས་མངའ་བྱེད་ཐབས་མེད་པའི་ཀྲུང་གོས་ངོ་བོ་གཏན་འཁེལ་བྱས་པའི ༼དེང་རབས་ཀྱི་གཅིག་འགྱུར་གྱི་བཙལ་རྒྱལ་རྒྱལ་ཁབ་ཞིག་ལ་རྫུན་བཟོ་བྱས་༽པ་དང་ཡོ་རོབ་རྒྱལ་ཁབ་ཀྱི༼ ཉམས་མྱོང་༽ལྟར་རྒྱུན་ཆད་མེད་པར་ཀྲུང་གོའི་མི་རིགས་ཀྱི་གནད་དོན་མགྱོགས་མྱུར༼ཁྱོན་ཡོངས་ཀྱི་ཉམས་ཉེན༽ ལ་འགྱུར་རྒྱུར་སྔོན་དཔག་བྱེད་བཞིན་ཡོད་པ་རེད། ཁོ་བོས་ཕྱོགས་གཅིག་ནས་ནུབ་ཕྱོགས་རྒྱལ་ཁབ་ཀྱི༼རྩེ་སོན་མི་སྣའི༽ཁྲོད་ཀྲུང་གོའི་སྲོལ་རྒྱུན་གྱི་ཆབ་སྲིད་དང་བོད་ལྗོངས། ཤིན་ཅང་གི་དངོས་ཡོད་གནད་དོན་དང་ཀྲུང་གོ་སྲིད་གཞུང་གི་སྲིད་ཇུས་ལ་རྒྱུས་ལོན་བྱེད་ཡས་ཉུང་དྲག་པར་ཧང་སང་པ་དང་ཕྱོགས་གཞན་ཞིག་ནས་ཁོང་ཚོས་འཕེལ་རྒྱས་མྱུར་པོ་འགྲོ་བཞིན་པའི་ཀྲུང་གོར་སྔར་བཞིན་ཨQརང་བཞིན་གྱི་ ༼མདུན་སྐྱོད་སེམས་འཕྲལ་༽ཡོད་པར་སྐྱོ་སྣང་སྐྱེ་ཀྱི་འདུག
ནུབ་ཕྱོགས་རྒྱལ་ཁབ་དང་ཀྲུང་གོའི་རྒྱལ་ཁབ་དབར་མི་རིགས་ཀྱི་འདུ་ཤེས་ཐད་མི་མཐུན་པས་ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་འབྲེལ་ལམ་འགོག་རྐྱེན་བཟོ་གིན་ཡོད་པ་རེད། ཕྱོགས་གཅིག་ནས་ནུབ་ཕྱོགས་རྒྱལ་ཁབ་ཕལ་ཆེ་བས་༼བོད་ལྗོངས་དང་། ཤིན་ཅང་ནི་ཀྲུང་གོའི་མངའ་ཁོངས་༽ཁས་ལེན་བྱེད་པ་དང་། རྒྱལ་ཁབ་གཅིག་གིས་ཀྱང་ཏཱ་ལའི་རུ་ཚོགས་དང་༼ཤར་གྲུ་གི་སི་ཏན་༽སྟོབས་ཤུགས་དང་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་མེད། ཕྱོགས་གཞན་ཞིག་ནས་ནུབ་ཕྱོགས་རྒྱལ་ཁབ་སྟོབས་ཤུགས་ཚོར་གནས་དོན་དེ་རིགས་ཀྱིས་ཏཱ་ལའི་རུ་ཚོགས་དང་ཤར་གྲུ་གུ་སི་ཐན་སྟོབས་ཤུགས་ལ་ ༼བོད་རང་བཙན་༽དང་ ༼ཤིན་ཅང་རང་བཅན་༽དགོས་པའི་རེ་བར་ཁས་ལེན་བྱེད་པར་འགོག་རྐྱེན་དེ་ཙམ་མེད་ཅིང་། དུས་མཚུངས་ཕྱོགས་གང་ཅིའི་ཐད་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། གལ་སྲིད་ཀྲུང་གོ་ཁྱོན་ཡོངས་འགྱུར་ལྡོག་བྱུང་ཚེ་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ལམ་སེང་རྒྱལ་སྤྱིའི་ཁྲིམས་ལུགས་བདེན་དོན་དང་རང་ཉིད་ཁས་ལེན་རྒྱབ་སྐྱུར་བྱས་ནས་༼བོད་རང་བཙན་༽དང་༼ཤིན་ཅང་རང་བཙན་༽ལ་ཕྱི་འབྲེལ་ཁས་ལེན་བྱེད་ངེས་ཡིན་ཏེ། ཁོ་ཚོས་ནན་སི་ལ་ཕུ་ཁ་ཐོར་བཏང་བ་བཞིན་བྱེད་སྲིད། དེར་བརྟེན་ཀྲུང་གོས་ངེས་པར་དུ་ཤེས་དགོས་པ་ནི་མིག་སྔར་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཀྲུང་གོའི་བོད་དང་། ཤིན་ཅང་བདག་དབང་ལ་ཁས་ལེན་བྱེད་ཀྱི་ཡོད་པ་ནི། རྒྱལ་སྤྱིའི་འབྲེལ་བའི་ཁྲོད་ཀྲུང་གོའི་སྟོབས་ཤུགས་ཀྱིས་ནུས་པ་མངོན་པ་་ཞིག་ཡིན་པ་རེད། ཡིན་ཀྱང་རྒྱལ་ཁབ་ཁ་ཤས་ཀྱི་ཏཱ་ལའི་རུ་ཚོགས་དང་༼ཤར་གྲུ་གུ་སི་ཐན་༽གྱི་སྟོབས་ཤུགས་ལ་རྒྱབ་སྐྱོར་བྱེད་པར་ཚོད་འཛིན་བྱེད་ཀྱི་ཡོད་རུང་ཀྲུང་གོའི་དོན་དངོས་རང་བཞིན་ཚད་འགག་ཞིག་ཡོད་པ་རེད། ཀྲུང་གོ་གཅིག་འགྱུར་དང་མངའ་ཁོངས་སོགས་ལ་ནུབ་ཕྱོགས་རྒྱལ་ཁབ་ཀྱི་༼ཆབ་སྲིད་ཁས་ལེན་༽གྱི་རྨང་གཞིའི་ཐོག་སྐྲུན་དགོས་དོན་མེད་དེ་ངེས་པར་དུ་ཀྲུང་གོ་རང་ཉིད་ཀྱི་ལོ་རྒྱུས་ཆབ་སྲིད་སྲོལ་རྒྱུན་དང་། ཉིན་རེ་བཞིན་ཡར་རྒྱས་འགྲོ་བའི་སྟོབས་ཤུགས་ཀྱི་རྨང་གཞིའི་ཐོག་སྐྲུན་དགོས་པ་ཞིག་ཡིན། དེ་དང་དུས་མཚུངས་ཁོང་ཚོས་སྟོན་པའི་དེང་སྐབས་ཀྱི་རྒྱལ་སྤྱིའི་འབྲེལ་ལམ་ཁྲོད་༼མི་རིགས་གཅིག་དང་། རྒྱལ་ཁབ་གཅིག་༽ཞེས་པ་གཙོ་བོ་ནི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཀྱི་ཁོང་ཚོའི་འདོད་པ་མེད་པའི་༼སྲིད་དབང་སྒེར་གཅོད་རྒྱལ་ཁབ་༽ཁ་ཁྲལ་གཏོང་ཆེད་ཡིན་པ་དང་། གལ་ཏེ་རང་རྒྱལ་ལ་མ་རྟོགས་པའི་གནད་དོན་ཡོད་ཚེ་ཁོང་ཚོས་ཚད་གཞི་དེར་འཛིན་ནས་ས་ཆ་བགོས་ཐབས་ཀྱི་བྱེད་ཀྱི་ཡོད་པ་དང་། ཁོང་ཚོས་འདྲ་ཆགས་ཀྱི་རྒྱུ་མཚན་སོགས་ཀྱི་གནོན་ཤུགས་སྤྲོད་པ་མ་ཟད་ཚར་གཅོད་གཏོང་རྩིས་ཡོད་པས་དེ་ནི་གྲུབ་ཐབས་དཀའ་བ་ཞིག་ཡིན། གནས་ཚུལ་དེ་རིགས་མི་རྣམས་ཀྱིས་མཐོང་ཐེངས་མང་པོ་ཡིན་པ་ཟད་ད་དུང་ཡང་བྱེད་བཞིན་ཡོད་པ་རེད།
དངོས་ཡོད་ཀྱི་༼ཤམ་བྷ་ལའི་༽ལྷ་སྒྲུང་ལས་འབྲལ་དགོས།
བོད་ལྗོངས་འདི་ཉིད་ས་མཐོ་ཤིང་གྲང་ངར་ཆེ་བས་ས་ཁམས་ཀྱི་ཁོར་ཡུག་དང་ལོ་རྒྱུས་དུས་སྐབས་དང་ཆབ་སྲིད་སོགས་ཀྱི་རྐྱེན་པས་ནུབ་ཕྱོགས་སྤྱི་ཚོགས་ཀྱི་ད་བར་བོད་ལྗོངས་གནད་དོན་ཁྱོན་ཡོངས་ནས་ཤེས་རྟོགས་མི་འདང་བ་དང་། ནུབ་ཕྱོགས་སྤྱི་ཚོགས་ཁྲོད་བོད་ལྗོངས་འདི་ཉིད་གསལ་ལ་མི་གསལ་གྱི་ཚོར་སྣང་ཞིག་ཆགས་ཡོད་པ་དང་། ཐོག་མར་ཡོ་རོབ་ནས་ཆོས་ལུགས་དར་སྤེལ་གཏོང་མཁན་དང་། མྱུལ་དཔྱད་མཁས་པ་སོགས་བོད་དུ་སླེབས་ཡོད་པ་རེད། ནུབ་ཕྱོགས་རྒྱལ་ཁབ་བཟོ་ལས་སྤྱི་ཚོགས་ཕྱོགས་སུ་སྐྱོད་རྗེས་འགན་ཟླ་མང་པོ་བྱུང་ཡོད་པ་རེད། ནུབ་ཕྱོགས་རྒྱལ་ཁབ་ཀྱི་བོད་ལྗོངས་ལྟ་ན་སྡུག་པའི་མཛེས་ལྗོངས་ལ་བསྔགས་བརྗོད་བྱས་པ་དང་དུས་མཚུངས་དམིགས་ཡུལ་འདྲ་མིན་བཅངས་པ་དང་། བོད་ལྗོངས་འདི་ཉིད་དེང་རབས་ཅན་གྱི་བག་བཙོག་མ་འདྲེས་པ་དང་། དམག་འཁྲུག་མེད་པ། བཀྲེས་ལྟོག་དང་ཁྲིམས་འགལ་བཅས་མེད་པའི་ངོ་མཚར་ལྡན་པའི་གནའ་བོའི་ཤེས་རིག་ལྡན་པའི་འཛམ་གླིང་དང་ཁ་འབྲལ་བའི་རྒྱལ་ཁབ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
སྤྱི་ལོ་༡༩༣༣ལོར་ཀྲེན་མུ་སི་ • ཞི་ཨེར་ཏུན་གྱིས་པར་སྐྲུན་བྱས་པའི༼ས་ངོས་ནས་ཡལ་བ་༽དཔེ་དེབ་ནང་མི་རིགས་དཀར་པོའི་མི་མང་པོ་ཞིག་གློ་བུར་དུ་༼ཤམ་བྷ་ལ་༽ཞེས་པའི་ནང་ཆོས་སྤྱི་ཚོགས་ཁྲོད་སླེབས་པའི་སྒྲུང་གཏམ་རྟོག་བཟོ་བྱས་ཤིང་། ༼གནས་དེར་ཡོད་པའི་མི་ཚང་མ་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་འདུག་༽བྲིས་པས་ནུབ་ཕྱོགས་མི་མང་པོ་ཞིག་གི་བོད་ཁུལ་དེ་འཇིག་རྟེན་དང་འབྲལ་བའི་བདེ་བ་ཅན་གྱི་ཞིང་ཁམས་ཞིག་ཏུ་ངོས་འཛིན་བྱས་པ་དང་། དཔལ་འབྱོར་ཉམས་ཉེན་གྱི་ནུབ་ཕྱོགས་ཀྱི་མི་ཚོར༼ཤམ་བྷ་ལ་༽འདི་ཉིད་ཁོང་ཚོའི་སེམས་ཁམས་གསོ་བའི་བདུད་རྩི་ལྟ་བུ་ཞིག་ཆགས་ཡོད་པ་རེད། ལྷག་པར་དུ་ན་ཙེ་རྒྱལ་ཁབ་འཇར་མན་གྱིས་༼ཤམ་བྷ་ལ་༽ནས་འཛམ་གླིང་དབང་དུ་འདུད་པའི་༼ངོ་མཚར་གྱི་སྟོབས་ཤུགས་༽ཞིག་རྩད་རྙེད་ཐུབ་ཆེད་ཙེ་མི་སྣ་ཧེ་དབྱིན་ལོ་ཞི་•ཧེ་ལེ་བོད་དུ་ཡོངས་བའི་བཀའ་བཏང་ནས་གོང་རིམ་དང་འབྲེལ་བཙུགས། མི་དེས་སྤྱི་ལོ་༡༩༤༦ལོ་ནས་སྤྱི་ལོ་༡༩༥༡བར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་ཕྱི་རྒྱལ་ཡུལ་དུ་བྲོས་བྱོལ་མ་སོང་བར་དུ་ཁོང་གི་ཆབ་སྲིད་བློ་འདྲི་བྱེད་ཡུལ་དང་དབྱིན་ཡིག་དགེ་རྒན་བྱས་ཡོད་པ་རེད།
༼བོད་ལྗོངས་ཀྱི་ལོ་བདུན་༽ཞེས་པའི་དེབ་དང་འབྲེལ་ཡོད་ཀྱི་བཅར་འདྲིའི་ནང་བཀས་བཀོད་རྒྱུན་འཛིན་གྱི་ཞིང་བྲན་ལམ་ལུགས་འོག་གི་བོད་ལྗོངས་འདི་ཉིད་༼འཛམ་གླིང་མཐའ་མའི་ས་གཙང་ཁུལ་༽ཞིག་དང་༼ནུབ་ཕྱོགས་རྒྱལ་ཁབ་དངོས་ཡོད་འཚོ་བའི་ཁྲོད་བོར་བརླག་སོང་བ་རྣམས་འཛམ་གླིང་གི་ཡར་རྩེར་གནས་པའི་གྲོང་ཁྱེར་དེ་ནས་རྩད་རྙེད་ཐུབ་༽ཞེས་བརྗོད་ཡོད་པ་རེད། སྤྱི་ལོ་༡༩༩༧ལོར་ཧོ་ལིའི་ཌས་དེབ་དེ་གློག་བརྙན་ལ་སྒྲིག་བཟོ་བྱས་ནས་རྩོམ་པ་པོའི་ན་ཙི་ཐོབ་ཐང་སྦ་གསང་བྱས་ཡོད་པ་ཟད། ད་དུང་རྫུན་བཟོབ་བྱས་ནས་བོད་ལྗོངས་འདི་ཉིད་ཀྱི་ལོ་རྒྱུས་ཐོག་ཀྲུང་གོའི་མངའ་ཁོངས་ཡིན་པ་ཁས་ལེན་མི་བྱེད་པ་དང་ཞི་བའི་བཅིངས་འགྲོལ་དེ་༼ཀྲུང་གོས་བོད་ལྗོངས་ལ་བཙན་འཛུལ་༽བྱས་པར་ངོས་འཛིན་ནས་ནུབ་ཕྱོགས་མང་ཚོགས་ལ་གོ་བ་ལོག་ལྟ་བྱེད་དུ་བཅུག་ཡོད་པ་རེད། སྤྱི་ལོ་༡༩༥༩ལོར་ཏཱ་ལའི་རུ་ཚོགས་དྲག་ཆས་ངོ་ལོག་ཕམ་རྗེས་ཡུལ་འགྱར་བོད་རིགས་འགའ་ཡིས་ཕྱི་རྒྱལ་ནང་ལྷག་པར་དུ་སྤྱི་ལོ་༡༩༨༩ལོར་ནོར་པེའི་ཞི་བདེའི་བྱ་དགའ་ཐོབ་མཁན་གྱི་ཏཱ་ལ་རང་ཉིད་ནུབ་ཕྱོགས་རྒྱལ་ཁབ་ཀྱི་མང་ཚོགས་ཁྲོད་དུ་ཡོང་བ་དང་། མི་ཕལ་ཆེ་བའི་བསམ་པར་དངོས་ཡོད་ཀྱི་བོད་ལྗོངས་ཤེས་རྟོགས་ཐུབ་པའི་ངོས་འཛིན་བྱས་ཡོད་པ་རེད། ཀྲུང་གོའི་བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་དུ་ཕྱིན་ནས་བོད་ལྗོངས་ཀྱིས་ནུབ་ཕྱོགས་རྒྱལ་ཁབ་ལ་རྒྱལ་སྒོ་ཕྱེ་ཡོད་པ་དང་། ཡིན་ན་ཡང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་བོད་ལྗོངས་ཀྱི་ཚན་རིག་ཕྱོགས་ཞེན་མེད་པར་ཞིབ་འཇུག་བྱེད་མཁན་ཧ་ཅང་ཉུང་ཉུང་ཞིག་ཡིན་པ་རེད། དེ་ལས་ལྡོག་སྟེ་ཧོ་ལིའི་ཨུ་སྤྱི་འབྲེལ་དྲིལ་བསྒྲགས་ལས་མི་མང་པོ་ཞིག་ཤམ་བྷ་ལའི་ལྷ་སྒྲུང་དང་ཏཱ་ལའི་ཆབ་སྲིད་རྫུན་གཏམ་ནང་ཚུད་ཡོད་པ་རེད། དུས་ཡུན་རིང་པོ་ཡུལ་འགྱར་གྱི་འཚོ་བའི་ཁྲོད་དཀའ་བ་མང་སྤྱད་པས་ཏཱ་ལ་རང་ཉིད་ནུབ་ཕྱོགས་ཆབ་སྲིད་འགྲོ་ལུགས་དང་སྨྱན་སྦྱོར་བེད་སྤྱོད་བྱེད་པའི་ཐབས་ཤེས་ཁོངས་སུ་ཚུད་ཡོད་པ་དང་། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་རྐང་བཙུགས་ནས་རྫུན་བཟོ་དང་འུད་སྒྲོག་གི་སྟོབས་ཤུགས་ལ་བརྟེན་ནས་ཀྲུང་གོའི་ལོ་རྒྱུས་དང་རྒྱལ་ཁབ་གནས་ཚུལ་ཤེས་རྟོགས་ལེགས་པའི་སྤྱི་དམངས་ཡོངས་ལ་བག་ཆགས་ཞིག་སྐྲུན་ནས་བོད་ལྗོངས་འདི་ཉིད་ངོ་མཚར་དང་། ཆོས་ལུགས། ཞི་བདེའི་རྒྱལ་ཁམས་དང་ཏཱ་ལའི་བླ་མ་ཀུན་སྤྱོད་མཐོ་བ་དང་། བྱམས་སྙིང་རྗེ་ཆེ་བའི་ཆོས་ལུགས་སྣེ་ཁྲིད་ཞིག་དང་ངན་པ་དགུ་ཚང་བའི་ཀྲུང་གོའི་མིས་བོད་ལྗོངས་ས་ཆ་ཟིན་པ་དང་། ཏཱ་ལའི་བླ་མ་ཕྱིར་འབུད་བཏང་བ། ཆེས་མཛེས་པའི་བོད་ལྗོངས་ཀྱི་བདེ་སྐྱིད་སོགས་གཏོར་བཤིག་བཏང་བར་ངོས་འཛིན་བྱེད་ཀྱིད་ཡོད། ལྟ་སྟངས་དེ་འདྲ་ནུབ་ཕྱོགས་པའི་སྲོལ་རྒྱུན་གྱི་མཆོག་འཛིན་འདུ་ཤེས་དང་བཟུང་འབྲེལ་ནས་ནུབ་ཕྱོགས་ཀྱི་སྤྱི་ཚོགས་ཆབ་སྲིད་ཐོག་རྩ་བའི་ཆ་ནས་ཏཱ་ལར་ཕྱོགས་པ་དང་། བོད་དང་འབྲེལ་བའི་གནད་དོན་མང་པོ་བསམ་ཚུལ་རང་བཞིན་ཞིག་ཆགས་ཀྱི་ཡོད་པ་རེད། དེའི་ནང་བོད་ལྗོངས་ཀྱི་འཕེལ་རྒྱས་ལ་ངོ་རྒོལ་དང་། གཞུང་ལམ། གཏེར་ལས། ཆུ་བེད། གྲོང་ཁྱེར་འཛུགས་སྐྲུན། དམངས་འཚོ་ལེགས་བཅོས་སོགས་ནི་ཀྲུང་གོས་བོད་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་དང་སྐྱེས་ཁམས་ཁོར་ཡུག་རྐང་བཙུགས་ནས་གཏོར་སྐྱོན་བཏང་བར་རྩིས་ཀྱི་ཡོད་པ་རེད། ཏཱ་ལ་བོད་ལྗོངས་སུ་ཕྱིར་ལོག་བྱས་ནས་སྔ་མའི་སྲིད་དབང་བསྐྱར་བཟོ་མ་བྱས་པར་ཀྲུང་གོ་སྲིད་གཞུང་གི་བོད་ལྗོངས་ལ་བྱས་པའི་ལས་དོན་ཐ་དག་ངན་པ་ཞིག་ཏུ་ངོས་བྱེད་བཞིན་ཡོད་པ་རེད།
ཉེ་བའི་ལོའི་ནང་། ཁོ་བོར་ནུབ་ཕྱོགས་རྒྱལ་ཁབ་ཀྱི་གསར་འགོད་པས་ཀྲུང་གོ་སྲིད་གཞུང་གི་བོད་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཚོའི་སྡོད་གནས་ལེགས་བཅོས་བྱས་པ་ནི་བོད་མིའི་རང་དབང་གི་ཕྱུགས་འཚོ་བར་བཀག་འགོག་དང་ཁོང་ཚོའི་སྲོལ་རྒྱུན་གྱི་ཕྱུགས་འཚོའི་རིག་གནས་ལ་གཏོར་བཤིག་བཏང་བ་ཞིག་ཡིན་ཞེས་སྐྱོན་བརྗོད་བྱེད་པ་ཐེངས་མང་ཐུག་བྱུང་། ངས་ཁོང་ཚོར་འདི་ལྟར་བཤད་ཀྱིན་ཡོད། དོན་མེད་སྐྱོན་འཛུགས་དེ་རིགས་ནི་དོན་དངོས་ཀྱི་ཁུངས་ལུང་གཏན་ནས་མེད་པ་ཞིག་རེད། ཚང་མས་ཤེས་གསལ་ལྟར་ན་མིའི་རིགས་ཀྱི་འཕེལ་རྒྱས་ནི་འབྲོག་ལས་ནས་ཞིང་ལས་དང་དེ་ནས་དེང་རབས་ཅན་གྲོང་ཁྱེར་ཁ་ཕྱོགས་བཞིན་ཡོད་པ་དང་དེ་ནི་འཕེལ་རྒྱས་རང་བཞིན་ཞིག་ཡིན། གལ་ཏེ་མི་འགའ་ཤས་དེང་རབས་ཅན་གྱི་གྲོང་ཁྱེར་དང་དེང་རབས་ཅན་གྱི་འཚོ་བ་རིག་གནས་སོགས་ལོངས་སུ་སྤྱད་ནས་བོད་མི་ཚོར་རང་འབབ་ཆུ་ཀ་ལ་དང་། གློག སློབ་གྲྭ སྨན་ཁང་སོགས་མེད་པའི་འབྲོག་པའི་འཚོ་བ་བསྐྱལ་རྒྱུའི་རེ་བ་བཏོན་ཚེ་འགྲོ་བ་མིའི་ཐོབ་ཐང་དང་འགལ་བ་ཞིག་ཡིན། ཁྱེད་ཚོ་ཡང་ཕྱུགས་རིགས་སྤོ་འཚོ་བྱེད་པའི་འབྲོག་པའི་འཚོ་བ་ཞིག་བསྐྱལ་ནས་ཚོད་ལྟ་ཞིག་བྱས་ན་ཆོག ནུབ་ཕྱོགས་སྤྱི་ཚོགས་སྲིད་གཞུང་དང་། གྲོས་ཚོགས། སྨྱན་སྦྱོར། སྤྱི་ཚོགས་ཚོགས་པ། སྤྱི་དམངས་སོགས་གོ་རིམ་ཁྲོད་སྲིད་གཞུང་དང་། གྲོས་ཚོགས། སྨྱན་སྦྱོར་བཅས་ཀྱི་སྤྱི་དམངས་ཀྱི་བོད་དང་ཤིན་ཅང་འབྲེལ་བའི་གནད་དོན་ལ་ནོར་འཁྲུལ་གྱི་འདུ་ཤེས་ཆགས་ཡོད་པ་དང་། འབྲེལ་ཡོད་ཀྱི་རྒྱལ་ཁབ་དང་ཀྲུང་གོའི་འབྲེལ་བ་དབར་དུས་རིམ་རང་བཞིན་ངན་འགྱུར་གཙོ་བོའི་འགན་འཁྲི་ཞིག་ཡིན།ཡིན་ན་ཡང་སྤྱི་དམངས་ཁྲོད་ནོར་འཁྲུལ་གྱི་འདུ་ཤེས་ཞིག་ཆགས་ཚེ་གྲོས་ཚོགས་དང་སྨྱན་སྦྱོར་ཚན་པས་སྲིད་གཞུང་ལ་གནོན་ཤུགས་ཞིག་སྤྲད་ཀྱི་ཡོད་པ་རེད། ནུབ་ཕྱོགས་རྒྱལ་ཁབ་འགའ་ཞིག་གིས་ཏཱ་ལའི་བླ་མ་དང་ཐུག་འཕྲད་བྱས་ཚེ་ཀྲུང་གོས་ངོ་རྒོལ་བྱེད་ཀྱི་ཡོད་པ་ཤེས་བཞིན་དུ་རང་རྒྱལ་ཀྱི་ཁེ་ཕན་ཆེད་གང་བྱུང་གི་ཁ་གཡར་ས་འཚོལ་ཏེ་ཏཱ་ལའི་བླ་མ་དང་ཐུག་འཕྲད་བྱེད་ཀྱི་ཡོད་པ་རེད། ཡིན་ན་ཡང་སྔར་བཞིན་ཐེར་བཏོན་བྱས་ནས་ཆེས་མང་བའི་གནས་དོན་འོག་༼དམངས་འདོད་༽དེ་ནུབ་ཕྱོགས་འགོ་ཁྲིད་ཁ་གཡར་ས་ཞིག་ཡིན་པ་རེད། ཀྲུང་གོ་དེ་འཛམ་གླིང་ཐོག་ཉིན་རེ་བཞིན་སྟོབས་ཤུགས་ཤུགས་ཆེར་འགྲོ་བའི་ཆ་རྐྱེན་འོག་ནུབ་ཕྱོགས་རྒྱལ་ཁབ་འགས་བྱ་ངན་མཚམས་འཇོག་མ་བྱས་ཚེ་མཐའ་མཇུག་གནོད་འཚེ་བྱུང་ཡུལ་ནི་སོ་སོ་རང་ཉིད་ཡིན་ལ་གནོད་འཚེ་བྱུང་ཚད་ཧ་ཅང་གི་ཚབས་ཆེན་བྱུང་ངེས་ཡིན།
ཀྲུང་གོར་གཙོ་བོའི་བདག་དབང་ཡོད་པ།
ནུབ་ཕྱོགས་རྒྱལ་ཁབ་ཀྱིས་བོད་དང་ཤིན་ཅང་དང་འབྲེལ་བའི་གནད་དོན་ལ་འཛིན་པའི་རྣམ་འགྱུར་བསྒྱུར་བཅོས་བཏང་ཚེ། ཀྲུང་གོས་ཆ་རྐྱེན་སྐྲུན་ནས་ནུབ་ཕྱོགས་རྒྱལ་ཁབ་ཚོས་བོད་ལྗོངས་དང་། ཤིན་ཅང་གི་ལོ་རྒྱུས་དང་དོན་དངོས་ཤེས་རྟོགས་གང་ལེགས་བྱེད་ཐུབ། ཡིན་ན་ཡང་དེ་ནི་གནད་དོན་གྱི་འགག་རྩ་ཞིག་མིན། གང་ཡིན་ཟེར་ན་ནུབ་ཕྱོགས་ཀྱི་༼རྩེར་སོན་མི་སྣ་༽རྣམས་༼བོད་ཀྱི་གནད་དོན་༽དང་༼ཤིན་ཅང་གནད་དོན་༽བཟོ་མཁན་ཡིན་ཞིང་། ཁོང་ཚོས་དོན་དངོས་གནད་དོན་ཤེས་རྟོགས་ཐུབ་ཚད་ང་ཚོ་དང་ཧེ་བག་དེ་ཙམ་མེད་ལ། རྒྱལ་སྤྱིའི་འབྲེལ་བའི་བདེན་པའི་ཚད་གཞི་ཁྱོན་ཡོངས་ནས་ཤེས་རྟོགས་ཐུབ་ཅིང་། ཐ་ན་ཁོང་ཚོ་ནི་བདེན་པའི་ཚད་གཞི་བཟོ་མཁན་གྲས་སུ་ཡོད། གནད་དོན་གྱི་འགག་རྩ་ནི་ཁོང་ཚོར་ཀྲུང་གོས་བོད་ལྗོངས་དང་། ཤིན་ཅང་ཁ་བྲལ་གཏོང་བའི་ཁས་ལེན་བྱེད་དགོས་པ་དེ་ཡིན། དེ་མིན་ན་ཁོང་ཚོའི་བློ་ཡིད་ཚིམ་ཐབས་རྩ་བ་ནས་མེད། དེར་བརྟེན་ཀྲུང་གོའི་འོས་འགན་དང་པོ་ནི་དོན་དངོས་དང་མ་མཐུན་པའི་སྟོང་བསམ་དག་སྐྱུར་ནས་ཀྲུང་གོ་རང་ཉིད་ཀྱི་གནད་དོན་ཡག་པོ་གྲུབ་ཏེ་བོད་ལྗོངས་དང་། ཤིན་ཅང་གི་མ་འོངས་པ་རང་གི་ནུས་ཤུགས་ཀྱི་གཙོ་བོར་བཞག་རྒྱུ་ཡིན། འཕེལ་རྒྱས་གཏོང་དགོས་ཚེ་འཕེལ་རྒྱས་དང་། བརྟན་ལྷིང་དགོས་ཚེ་བརྟན་ལྷིང་བྱེད་དགོས་པ་ལས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་བཤད་པའི་གཏམ་ངན་དེ་རིགས་ལ་ཁ་ཡ་བྱེད་དགོས་དོན་མེད། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཀྲུང་གོའི ་སྟོབས་ལྡན་ངོས་འཛིན་ཐུབ་པ་གཡོལ་ཐབས་མེད་སྐབས། བོད་ལྗོངས་དང་ཤིན་ཅང་ཀྲུང་གོ་ནས་ཁ་འབྲལ་བྱེད་རྒྱུ་དེ་༼མཛེས་པའི་རྨི་ལམ་༽ལྟ་བུ་ཞིག་ཡིན། ནུབ་ཕྱོགས་ཀྱི་ཁེ་ཕན་ནི་འཕེལ་རྒྱས་བཏང་རྒྱུ་ཡིན་པ་དང་ཀྲུང་གོ་དང་འབྲེལ་ལམ་འགན་སྲུང་བྱས་ཚེ་ནུབ་ཕྱོགས་རྒྱལ་ཁབ་ཀྱི་འདུ་ཤེས་འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་ཐུབ་རྒྱུ་ཡིན་པ་རེད།
ཀྲུང་གོས་བོད་ལྗོངས་དང་ཤིན་ཅང་དང་འབྲེལ་བའི་རྒྱལ་སྤྱིའི་འཐབ་རྩོད་ཁྲོད་འགོག་སྲུང་བྱེད་པར་ཁོ་ན་མ་ཡིན་པར་བློ་སྟོབས་ཆེར་སྐྱེས་ཀྱིས་ཕར་རྒོལ་དང་ནུབ་ཕྱོགས་རྒྱལ་ཁབ་གཙོ་བོའི་ཐོག་རང་འགུལ་ངང་སྔོན་འགོག་རང་བཞིན་གྱི་ཕྱི་འབྲེལ་བྱས་ནས་སྨྱན་སྦྱོར་ཚན་པ་ཁག་ལ་ཀྲུང་གོའི་རྩ་དོན་སོགས་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་རེད། འཁྲུག་རྐྱེན་སློང་བའི་བྱ་འགུལ་ཐ་དག་ལ་མཐའ་གཅིག་ཏུ་འཐབ་རྩོད་བྱེད་དགོས་ལ་ཁེ་ཕན་གཅིག་ཀྱང་ཐོབ་མི་སྲིད་། གལ་ཏེ་ཀྲུང་གོའི་རྩ་བའི་ཁེ་ཕན་ལ་སུས་གནོད་སྐྱོན་བཏང་ཚེ་མཇུག་འབྲས་ངན་པོ་ཐོབ་སྲིད། གནས་ཚུལ་གང་འདྲ་ཞིག་འོག་ནུབ་ཕྱོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོས་ཏཱ་ལའི་བླ་མ་དང་ཐུག་འཕྲད་བྱེད་རྒྱུར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས།
ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ཁག་ནང་ཞུགས་རྒྱུར་མང་དུ་འགྲོ་བ་དང་ཆབས་ཅིག བོད་ལྗོངས་དང་ཤིན་ཅང་འཛམ་གླིང་ཐོག་སྒོ་དབྱེ་བྱེད་ཚད་གོང་མཐོར་བཏང་བ་དང་། ནུབ་ཕྱོགས་རྒྱལ་ཁབ་ཀྱི་མི་མང་པོ་ཞིག་གིས་བོད་ལྗོངས་དང་ཤིན་ཅང་གི་དོན་དངོས་གནད་དོན་ཤེས་རྟོགས་ཐུབ་པས་ནུབ་ཕྱོགས་ཀྱི་གླེང་ཕྱོགས་ཁྲོད་དུ་ ༼ ཏཱ་ལའི་རུ་ཚོགས་ ༽ དང་ ༼ཤར་གྲུ་གུ་སི་ཐན་སྟོབས་ཤུགས་༽ཀྱི་ངོ་རིས་ངོ་མ་ཐེར་འདོན་བྱེད་པའི་རྩོམ་ཡིག་མཐོང་རྒྱུ་ཡོད་པ་དང་། ཀྲུང་གོའི་སྲིད་ཇུས་ལ་ལྟ་སྟངས་དང་དེ་བཞིན་ནུབ་ཕྱོགས་རྒྱལ་ཁབ་རང་ཉིད་༼འགྲོ་བ་མིའི་ཐོབ་ཐང་ཟིན་ཐོར་༽བསམ་ཞིབ་བྱེད་པའི་སྐད་སྒྲ་ཐོས་རྒྱུ་ཡོད། སྐད་སྒྲ་དེ་དག་ནུབ་ཕྱོགས་རྒྱལ་ཁབ་ཁྲོད་ཁེར་རྐྱང་དང་། སྟོབས་ཆུང་ཞིག་ཡིན་རུང་ཡིན་ན་ཡང་དེས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཞིག་མཚོན་ཐུབ་པས་ཀྲུང་གོས་སྤྱི་བསྒྲགས་དང་རྒྱབ་སྐྱོར་བྱེད་དགོས་པ་ཞིག་ཡིན། གནད་དོན་དེ་དག་ངེས་པར་དུ་དུས་ཡུན་རིང་པོ་དང་། དཀའ་སྤྱད། ཞིབ་ཚགས་ཀྱི་ལས་ཀ་བྱེད་དགོས་པ་མ་ཟད། ངང་རྒྱུད་རིང་པོ་བཅས་ལྡན་དགོས། འོན་ཀྱང་དུས་ཚོད་ནི་ཀྲུང་གོར་ཡོད།
༼ རྩོམ་པ་པོ་རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ༽
རྩོམ་ཡིག་ཧ་ཅང་ཡག་པོ་རེད། བོད་པ་ཚོར་ནམ་རྒྱུན་རྩོམ་པ་པོ་དང་མཁས་པ་ཡོད་མདོག་སྟོན་རྒྱུར་དགའ། དེ་རིང་ཕྱི་ལ་འཐོན་ཤོག སྐུ་ཞབས་ཀྲུའུ་ལགས་ཀྱི་རྩོམ་ཡིག་ཧ་ཅང་ཡག་པོ་བྲིས་འདུག བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གི་རྩོམ་པ་པོ་ཐེབ་ཆགས་དེ་དག་དང་བསྡུར་ན་དངོས་གནས་དྲང་གནས་རྩོམ་ཡིག་ཚད་དང་ལྡན་པ། རྩོམ་ཡིག་གི་ནང་དོན་གཏིང་ཟབ་ཅིང་རྒྱ་ཆེ་བ། དོན་དག་གནད་དུ་འཁེལ་བ་བཅས་རེད།
ཀྲུའུ་ཝེ་ཆོན་གྱིས་ཡང་ངུ་སྐད་ངུར་འདུག སྐད་ཆ་འདིའི་ནང་དོན་ཆ་ནས་དབྱེ་ཞིབ་དང་དོ་སྣང་སྤྲོད་དགོས་རྒྱུ་མང་པོ་ཞིག་མི་འདུག དངོས་ནས་ངུ་སྐད་རང་རེད། ཡིན་ནའང་། ངུ་ཤོར་བ་ལའང་ངུ་དགོས་པའི་གནད་དོན་ཞིག་ཡོད་སྲིད། ངས་ཚོད་དཔག་ལྟར་ན། དང་པོ། ཉེ་སྔོན་ཨ་རིའི་རྒྱལ་དོན་དྲུང་ཆེ་རྒྱ་ནག་དུ་ཕྱིན་སྐབས། བོད་དང་ཤིན་ཅང་། དེ་བཞིན་རྒྱ་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གླེང་སློང་དང་གནོན་ཤུགས་སྤྲད་པ། གཉིས་པ། ཉེ་སྔོན་རྒྱལ་ཚོགས་ཀྱིས་བྱང་ཀོ་རུ་ཡིས་རྒྱལ་དམངས་དམར་གསོད་དང་དྲག་གནོན་ཐད། རྒྱལ་ཚོགས་ཀྱིས་བྱང་ཀོ་རུའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་རྟོགས་ཞིབ་ཀྱི་དགོས་འདུན་བཏོན་ཏེ་རྒྱ་ནག་གི་སྒོ་ཁྱི་ངར་མ་དེར་ཉེན་ཁ་འཕྲད་འཆར་གྱི་རྣམ་པ་མངོན་པ།
གསུམ། གོང་ས་མཆོག་ཉེ་ཆར་ཨ་རིར་ཆིབས་བསྒྱུར་གྱིས་བོད་ལུགས་ལོ་སར་ཨ་རིའི་མའེ་ན་སོ་ཌར་གཏོང་རྒྱུ་ཡིན་སྟབས། ཨ་རིའི་འབྲེལ་ཡོད་དཔོན་རིགས་དང་ཐུག་འཕྲད་ཀྱི་བློ་འཚབ་སྐྱེས་པ།
བཞི། ད་ལྟའི་ཆར་གྱི་རྒྱ་གཞུང་རྒྱ་དམར་ཤོག་ཁག་ནང་ཁུལ་གྱི་འགལ་བ་རྣམས་རྣམ་པ་དང་ཟུར་ངོས་གང་རུང་ནས་ཕྱིར་མངོན་བཞིན་པ།
བཅས་ནི་ཀྲུའུ་ཡི་ངུ་རྐྱེན་གནས་ཚུལ་ཁ་ཤས་ཤིག་ཡོད་པར་སྙམས། ཡིན་ནའང་དེ་དག་ལ་དམིགས་བསལ་གྱི་དོ་སྣང་བྱེད་དགོས་པ་དེ་འདྲ་མི་འདུག
ཡིན་ནའང་། ཞིབ་ཏུ་བསམ་བློ་གཏོང་དགོས་པའི་གནད་གཅིག་ཏན་ཏན་ཡོད་པ་རེད། དེ་ནི་རྒྱ་གཞུང་གིས་བོད་ཀྱི་གནད་དོན་ཁས་ལེན་འདོད་མེད་པ་དང་། བོད་རྒྱ་འབྲེལ་མོལ་བྱེད་འདུན་རྩ་བ་ནས་མེད་པ་དེ་གསལ་བོ་གསལ་རྐྱང་གིས་སྟོན་གྱིན་ཡོད་པ་རེད་བསམ། རྒྱ་གཞུང་གིས་རྒྱལ་སྤྱིའི་སྒང་མངོན་གསལ་དོད་པོའི་ཐོག་ནས་བོད་རྒྱ་འབྲེལ་མོལ་བྱ་འདུན་མེད་ཅེས་ཁ་གསང་ཐབས་ཡོད་པ་མ་རེད། དེར་བརྟེན། རྒྱ་གཞུང་གི་གཞུང་ཞབས་མི་སྣ་མཐོ་གྲས་དང་། ད་ལྟའི་ལས་གནས་ཀྱི་ཆ་ནས་ཀྱང་བོད་ཀྱི་གནད་དོན་དང་ཐད་ཀར་འབྲེལ་བ་ཡོད་པའི་སྡེ་ཁག་གི་མགོ་ཁྲིད། ལྷག་པར་དུ་དེ་སྔོན་བོད་རྒྱ་འབྲེལ་མོལ་རིམ་པའི་སྐབས་ཐད་ཀར་རྒྱ་གཞུང་གི་འཐུས་ཚབ་མི་སྣ་གཙོ་བོའི་མིང་ཐོག་ནང་ཏཱ་ལའི་བླ་མའི་སྐུ་ཚབ་དང་འབྲེལ་མོལ་བྱེད་མཁན་གྱི་མི་སྣ་དེ་ག་རང་སྤྱད་དེ། ཁོའི་མིང་ཐོག་དང་རྩོམ་ཡིག་གི་ལམ་ནས་ཀྲུང་གོའི་བོད་ལྗོངས་དྲ་བ་བརྒྱུད་ནས། མིང་བཟུང་དོན་བཟུང་གི་སྒོ་ནས་རྒྱབ་གཏད་ཀྱི་སྐད་ཆ་སྡིག་རུ་སྡིག་ཚད་བརྗོད་ཀྱིན་ཡོད་པ་རེད། རྒྱ་གཞུང་ལ་མཚོན་ན། བོད་ཀྱི་གནད་དོན་ཁས་ལེན་འདོད་མེད་པ་དང་བོད་རྒྱ་འབྲེལ་མོལ་བྱེད་འདུན་མེད་པའི་རྣམ་འགྱུར་ཅིག་འདི་ལས་ལྷག་པའི་སྟོན་ཐབས་གཞན་མི་འདུག་བསམ། འདིའི་ཐད་ཚང་མས་དོ་སྣང་དང་ཉམས་ཞིབ་ཡག་པོ་ཞིག་གནང་རྒྱུ་གལ་ཆེ་བར་མཐོང་།