མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་ལུཊ་རྨང་གཞི་བྱས་པའི་བཟང་སྤྱོད་དེ་གུ་དོག་དྲགས་པ་རེད།

བོད་ཀྱི་དུས་བབ།
༢༠༡༤/༠༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་༧གོང་ས་མཆོག་གིས་ཨ་རིའི་ཚོང་འབྲེལ་ཁེ་ལས་བསྟི་གནས་ཁང་དུ། ཁོང་ཉིད་ཀྱི་ལས་འགན་དང་པོ་འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་གཏོང་ཐབས་དང་། གཉིས་པ་ཁོང་ཉིད་ནང་པ་ཡིན་པའི་ཆ་ནས་ཆོས་ལུགས་མཐུན་སྒྲིལ། གསུམ་པ་བོད་མི་ཞིག་དང་ཏཱ་ལའི་བླ་མའི་མཚན་གནས་ཡོད་སྟབས་བོད་ཀྱི་བྱམས་སྙིང་རྗེ་རྩ་བར་གྱུར་པའི་རིག་གཞུང་གཅེས་འཛིན་ཐོག་ཕྱག་ལས་གནང་གི་ཡོད་སྐོར་གསུངས་འདུག

ཁ་སང་ཚེས་ ༡༩ ཉིན་༧གོང་ས་མཆོག་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་དུ་ཡོད་པའི་ཨ་རིའི་ཚོང་འབྲེལ་ཁེ་ལས་བསྟི་གནས་ཁང་ (American Enterprise Institute) གི་ལྷན་ཚོགས་ཐོག་ཆིབས་བསྒྱུར་བསྐྱངས་ཏེ། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ལས་བྱེད་ཁག་ཅིག་དང་། དཔལ་འབྱོར་དང་དང་ཁྲིམས་ལུགས་ཐོག་ཕྱག་ལས་གནང་མཁན་གྱི་གཞོན་སྐྱེས་ ༢༠༠ ཙམ་ལ་༼བདེ་སྐྱིད་རང་དབང་ཅན་གྱི་ཚོང་དོན་ལས་གཞི། འགྲོ་བ་མིའི་ནུས་སྟོབས་གོང་སྤེལ༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་འདུག

ལྷན་ཚོགས་ཐོག་༧གོང་ས་མཆོག་གིས། སྤྱིར་བཏང་འཛམ་གླིང་ནང་ཡོད་པའི་འགྲོ་བ་མི་ཚང་མ་བདེ་བ་ལས་སྡུག་བསྔལ་མི་འདོད་པ་དང་། བདེ་སྐྱིད་བསྒྲུབ་རྒྱུའི་ཐོབ་ཐང་ཡང་གཅིག་མཚུངས་ཡོད་སྟབས། གཅིག་ལ་གཅིག་བརྟེན་གྱི་སྤྱི་ཚོགས་ནང་འཇིག་རྟེན་སྤྱི་ཡོངས་ལ་བསམ་བློ་གཏོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ཁོང་ཉིད་ཀྱི་ངོས་ནས་ལས་འགན་དང་པོ། འཇིག་རྟེན་ཀུན་ཁྱབ་དང་འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་དང་། གཉིས་པ། ཁོང་ཉིད་ནང་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ཕན་ཚུན་བར་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ། གསུམ་པ། བོད་མི་ཞིག་དང་ཏཱ་ལའི་བླ་མའི་མཚན་གནས་ཡོད་པའི་ཆ་ནས་བོད་ཀྱི་བྱམས་དང་སྙིང་རྗེ་རྩ་བར་གྱུར་པའི་རིག་གཞུང་གཅེས་འཛིན་བྱེད་རྒྱུ་ཆགས་ཡོད་སྐོར་སོགས་གསུངས་འདུག

འགྲོ་བ་མིའི་ཡ་རབས་བཟང་སྤྱོད་ཐད་༸གོང་ས་མཆོག་གིས། “ ཆོས་ལུགས་རྨང་གཞི་བྱས་པའི་བཟང་སྤྱོད་དེ་གུ་དོག་དྲགས་པ་རེད། ཆོས་ལུགས་དང་མ་འདྲེས་པའི་བཟང་སྤྱོད་དེ་ཆོས་དད་ཡོད་མེད་ལ་མ་ལྟོས་པར་འགྲོ་བ་མི་ཡོངས་ལ་ཁྱབ་ཐུབ་ཀྱི་ཡོད་སྟབས། ང་ཚོས་ཆོས་ལུགས་དང་མ་འདྲེས་པའི་བཟང་སྤྱོད་གོང་འཕེལ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ངོས་ནས་ཆོས་ལུགས་དང་མ་འདྲེས་པའི་བཟང་སྤྱོད་བཤད་སྐབས། ཡི་ཤུ་དང་ཁ་ཆེའི་གྲོགས་པོ་ཁག་ཅིག་གི་བློར་དེ་ཙམ་འབབ་ཀྱི་མི་འདུག ཆོས་ལུགས་དང་མ་འདྲེས་པའི་བཟང་སྤྱོད་ཅེས་པ་ཆོས་དད་མེད་མཁན་ཚོར་ཡང་བརྩི་བཀུར་བྱེད་དགོས་པ་ཞིག་ཆགས་ཡོད། མདོར་ན། ང་ཚོས་ལས་དོན་གང་ཞིག་བསྒྲུབ་ཀྱང་གཞན་ཕན་གྱི་བསམ་བློ་བཅང་ཐུབ་ན་རང་ཉིད་ལ་བདེ་སྐྱིད་ཐོབ་ཀྱི་རེད། རང་གཅེས་འཛིན་གྱི་བསམ་བློས་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་ནམ་ཡང་བསྐྲུན་ཐུབ་ཀྱི་མེད། ” ཅེས་གསུངས་འདུག

དྲི་བ་དྲིས་ལན་སྐབས་ན་གཞོན་ཞིག་གིས་དུས་རབས་ཉེར་གཅིག་ནང་གི་ཨ་རིའི་དམག་མི་ཚོར་བཀའ་སློབ་གང་འདྲ་ཡོད་མེད་དྲིས་སྐབས་ཁོང་གིས། “ དེ་ནི་འཛམ་གླིང་རང་བཞིན་གྱི་གནད་དོན་དང་འབྲེལ་བ་ཡོད་པ་ཞིག་རེད། དམག་འཁྲུག་ནི་འགྲོ་བ་མིའི་ལོ་རྒྱུས་ཀྱི་ཆ་ཤས་ཤིག་ཆགས་ཀྱི་ཡོད། འདས་པའི་དུས་སྐབས་ནང་རང་ཉིད་ཀྱི་དགྲ་བོ་ཕམ་པར་བསྒྱུར་ཐུབ་ན་རྒྱལ་ཁ་ཐོབ་པར་ངོས་འཛིན་བྱེད་བཞིན་ཡོད། དེང་སྐབས་འཛམ་གླིང་འདི་གཅིག་ལ་གཅིག་བརྟེན་ཡིན་པ་མ་ཟད། དཔལ་འབྱོར་གྱི་གནས་སྟངས་ཀྱང་གཅིག་ལ་གཅིག་བརྟེན་ཆགས་ཡོད་སྟབས། དངོས་ཡོད་གནས་སྟངས་ཐོག་ནས་གཅིག་ཕམ་པ་དང་གཞན་དེར་རྒྱལ་ཁ་ཐོབ་པ་དེ་འདྲ་མེད། དུས་རབས་ཉི་ཤུ་པ་ནི་དྲག་སྤྱོད་ཀྱི་དུས་རབས་ཤིག་ཆགས་ཡོད། གང་ཡིན་ཞེ་ན། དུས་རབས་དེའི་ནང་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བཏང་སྟེ་སྐར་ཆ་ཁ་ཤས་ནང་མི་སྟོང་ཕྲག་མང་པོའི་ཚེ་སྲོག་ཕྲོགས་ཡོད། དུས་རབས་ཉེར་གཅིག་གི་དུས་འགོར་ཡང་དྲག་སྤྱོད་བྱུང་ཡོད། དེ་ནི་དུས་རབས་སྔོན་མའི་ནོར་འཁྲུལ་དབང་གིས་བྱུང་བ་ཞིག་ཆགས་ཡོད། དུས་རབས་ཉེར་གཅིག་པ་འདིའི་ནང་ཐོག་མར་རྡུལ་ཕྲན་མཚོན་ཆ་རྣམས་མེད་པ་བཟོས་ཏེ། དུས་རབས་འདི་གྲོས་མོལ་གྱི་དུས་རབས་ཤིག་དང་ཞི་བདེའི་འཛམ་གླིང་ཞིག་བསྐྲུན་རྒྱུར་ང་ཚོ་ཚང་མས་སྔར་ལྷག་འབད་བརྩོན་བྱེད་དགོས། སྤྱིར་བཏང་བསམ་ཚུལ་མི་མཐུན་པ་ཡོང་ངེས་ཀྱང་། བསམ་ཚུལ་མི་མཐུན་པ་བྱུང་རུང་གྲོས་མོལ་གྱི་ལམ་ནས་ཐག་གཅོད་བྱེད་དགོས། དུས་རབས་འདིའི་ནང་དམག་མི་མེད་པ་བཟོས་ཏེ་ཞི་བདེའི་འཛམ་གླིང་ཞིག་བསྐྲུན་རྒྱུའི་རེ་བ་བྱེད་བཞིན་ཡོད། ” ཅེས་བཀའ་སློབ་གནང་འདུག

ཐེངས་འདིའི་ཨ་རིའི་ནང་གི་མཛད་འཕྲིན་དང་སྟབས་བསྟུན་ཏེ། ༧གོང་ས་མཆོག་གིས་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཡུ་རོབ་ཨེ་མ་ཊེ་ཡཱ་ཁ་ཆེའི་མང་ཚོགས་ (Ahmadiyya Muslim Community) ཀྱིས་གོ་སྒྲིག་འོག འཛམ་གླིང་ཆོས་ལུགས་ཁག་གི་དབུ་ཁྲིད་དང་ཆབ་སྲིད་མི་སྣ། མཁས་དབང་། གཞུང་གི་དཔོན་རིགས། ཕྱི་འབྲེལ་མི་སྣ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་རྒྱལ་ཁབ་ ༢༦ ནས་འཐུས་མི་ ༥༠༠ ལྷག་མཉམ་འཛོམས་ཀྱིས་ཚོགས་བཞིན་པའི་རྒྱལ་སྤྱིའི་ཆོས་ལུགས་ལྷན་ཚོཊ་ཐོག་གསུང་འཕྲིན་བསྩལ་ཏེ། ཆོས་ལུགས་ཚང་མའི་གཞི་རྩའི་དམིགས་ཡུལ་གཞན་ཕན་གྱི་ལྟ་བ་དང་བྱམས་བརྩེ་གོང་སྤེལ་གཏོང་ཐབས། ནང་སེམས་ལ་ཞི་བདེའི་བསྐྲུན་ཆེད་ཡིན་སྟབས། ཆོས་ལུགས་ཚང་མར་གུས་བཀུར་བྱེད་རྒྱུ་གལ་ཆེན་ཡིན་པ་དང་། ཁོང་གི་ངོས་ནས་རྒྱལ་སྤྱིའི་ཆོས་ལུགས་ལྷན་ཚོགས་ལ་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་ཡོད་ཅེས་གསུངས་ཡོད་འདུག  

དེ་རིང་༧གོང་ས་མཆོག་གིས་ཝ་ཤིན་ཌོན་དུ་བོད་མི་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིཊ། སོག་པོ་བཅས་ལ་དམིགས་བསལ་མཇལ་ཁ་གནང་ཡོད་འདུག་ལ། རྒྱལ་སའི་མཛད་འཕྲིན་གྲུབ་རྗེས་ཨ་རིའི་ནུབ་ཕྱོགས་མངའ་སྡེ་ཁ་ལེ་ཧྥོ་ནི་ཡའི་གྲོང་ཁྱེར་ལོ་སི་ཨན་རྗེ་ལེ་སི་ (Los Angeles) དང་། སེན་ཧྥི་རན་སི་ཀོ་ (San Francisco) བཅས་གྲོང་ཁྱེར་ཁག་ལྔའི་ནང་ཆིབས་བསྒྱུར་མཛད་འཕྲིན་བསྐྱང་རྒྱུ་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

སྐར་མ ༤༠ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༣ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༤ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese