མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དབུ་མའི་ལམ། ~ རྒྱ་ནག་གི་གོ་སྐབས་ཤིག

བོད་ཀྱི་དུས་བབ།
༢༠༡༤/༠༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཆོས་ལྡན་འབུམ།

ལོ་རྒྱུས་ཐོག་བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་ལས་ “རྒྱ་ནག་གི་ཆ་ཤས” ཤིག་གཏན་ནས་མིན། བདེན་དོན་འདི་ལ་ཅི་ལྟར་འཁྱོགས་བཤད་བྱས་ཀྱང་སྐྱག་རྫུན་ལ་འགྱུར་མི་སྲིད་པས། དེའི་སྐོར་ལ་འདི་ཡན་གྱི་རྩོད་གླེང་བྱེད་པའི་དགོས་པ་མི་འདུག དེ་ལས་ཀྱང་ཤེས་དགོས་བ་ཞིག་ནི། ད་ལྟ་བོད་མི་མང་ཆེ་བའི་རེ་བ་ནི་༧གོང་ས་སྐྱབས་མགོན་རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་དང་ཡང་ན་བཙན་བྱོལ་བོད་གཞུང་གིས་བཏོན་པའི་དབུ་མའི་ལམ་ཡིན་པས། བོད་ཀྱི་འདས་ཟིན་པའི་ཆབ་སྲིད་གནས་བབས་ལ་རྩོད་གླེང་བྱེད་རྒྱུར་དགེ་མཚན་ཆེན་པོ་ཞིག་མཐོང་གི་མི་འདུག

དབུ་མའི་ལམ་ཞེས་པ་ནི། དུས་རབས་ ༢༠ བའི་ལོ་རབས་ ༧༠ སྟོད་ལ་༧གོང་ས་མཆོག་གིས་སྒེར་གྱི་བསམ་ཚུལ་ཡིན་པར་བྱས་ཏེ་བཏོན་པའི་བོད་དོན་བདེན་མཐའ་སེལ་ཐབས་ཤིག་ཡིན་པ་དང་། ༡༩༧༩ ལོར་རྒྱ་ནག་གི་ཕྱོགས་ནས་ཀྱང་ “ བོད་རང་བཙན་རྩོད་གླེང་མ་བྱས་ན། དེ་མིན་གྱི་གནད་དོན་ཁག་གྲོས་མོལ་བརྒྱུད་དེ་ཐག་གཅོད་བྱས་ཆོག(ཏིང་ཞའོ་ཕིན)” ཅེས་བཟང་ཕྱོགས་ཀྱི་རྣམ་འགྱུར་བསྟན་ཡོད་སྟབས། བཙན་བྱོལ་སྤྱི་ཚོགས་ཀྱི་བོད་གཞུང་དམངས་གཉིས་ཀྱིས་དམངས་གཙོའི་ལམ་ནས་དེ་ལ་བགྲོ་གླེང་བྱས་ཤིང་། ༡༩༨༨ ལོར་ “བོད་རྒྱ་གཉིས་ལ་ཕན་ཁེ་ཡོད་པའི་སྲིད་ཇུས” ཤིག་ཡིན་པར་གཏན་ལ་ཕབ་པ་ཞིག་རེད།

དེའི་བརྗོད་སྙིང་ནི། “བོད་མི་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དབང་བསྒྱུར་བྱེད་བཞིན་པའི་་བོད་ཀྱི་ད་ལྟའི་གནས་བབས་ཁས་མི་ལེན་པ་དང་། བོད་ཀྱི་ལོ་རྒྱུས་དངོས་དོན་རང་བཙན་ཡིན་པ་དེ་ཡང་རྩོད་གླེང་མི་བྱེད་པར་དེ་གཉིས་ཀྱི་དབུས་ཏེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་ཆོལ་གསུམ་བོད་རིགས་ཡོངས་རྫོགས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་ཐབས་བྱ་རྒྱུའི་སྲིད་ཇུས་དང་ཐབས་ལམ། ” ཞེས་པ་དེ་ཡིན། དེ་ལ་ཐོག་མར་བོད་མི་མང་པོ་ཞིག་གིས་ “ང་ཚོའི་འདེམས་བསྐོའི་ཐོབ་ཐང་ལ་རྩིས་མེད་བཏང་སོང” ཞེས་བློ་ཕམ་གྱི་རྣམ་འགྱུར་བསྟན་དེ་བོད་ཀྱི་རང་དབང་སླར་གསོའི་ཆེད་དུ་རྒྱ་ནག་ལ་ཛ་དྲག་གི་ངོ་རྒོལ་ལས་འགུལ་ཡང་སྤེལ་ཡོད།

འོན་ཀྱང་། ལོ་ཁ་ཤས་ཡར་སྔོན་ནས་བཟུང་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་དབུ་མའི་ལམ་་གྱི་བྱེ་བྲག་གི་ནང་དོན་ལ་འགྲེལ་བཤད་རབ་དང་རིམ་པ་བྱས་པར་བརྟེན། ད་ལྟ་བོད་མི་མང་ཆེ་བས་ “དེ་ནི་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་རེད” ཅེས་དབུ་མའི་ལམ་ལ་མོས་མཐུན་དང་རྒྱབ་སྐྱོར་བྱེད་བཞིན་ཡོད། དེ་བས། བོད་བློས་གཏོང་འདོད་མེད་པའི་རྒྱ་ནག་ལ་མཚོན་ན་དབུ་མའི་ལམ་ནི་གོ་སྐབས་བཟང་པོ་ཞིག་ཡིན་ཞེས་བཤད་ཆོག རྒྱུ་མཚན་ནི། བོད་མི་ཚོས་རྒྱ་ནག་གཞུང་ལ་བཟུང་ཡོད་པའི་ “རེ་བ” དང་ “བཟོད་བསྲན” ལའང་ཚད་ཡོད་པའི་རྐྱེན་གྱིས་ཡིན་ལ། དེ་ནི་གཡས་ཕྱོགས་ཀྱི་རི་མོ་ལས་གསལ་བོར་བསྟན་ཡོད་པ་ལྟར། ད་ལྟའི་བོད་རྒྱའི་བར་གྱི་རྟེན་འབྱུང་གི་འབྲེལ་བ་ལས་ཀྱང་ཚོད་དཔག་བྱེད་ཐུབ།

རི་མོ་འདི་གཞིར་བཟུང་ན་དེ་རིང་གི་བོད་རྒྱའི་བར་གྱི་འབྲེལ་བ་ནི། རྒྱ་ནག་ནི་ཐག་གཅོད་བྱེད་མཁན་གྱི་ནུས་བ་བཟུང་ཡོད་པའི་གྲུབ་ཆ་གཙོ་བོ་དང་བོད་ནི་དེ་ལས་ལྡོག་སྟེ་ཐག་གཅོད་བྱ་ཡུལ་གྱི་ནུས་བ་མ་གཏོགས་བཟུང་མེད་པའི་གྲུབ་ཆ་ཕལ་བའི་འབྲེལ་བས་གྲུབ་ཡོད། དེ་འདྲའི་ཆགས་སྟངས་ཀྱི་འབྲེལ་བའི་ཁྲོད། ད་ལྟ་རྒྱ་ནག་གིས་བོད་ཐོག་ལག་བསྟར་བྱེད་བཞིན་པའི་དྲག་གནོན་སྲིད་ཇུས་ཀྱི་ཚད་རིམ་དེ་རིམ་བཞིན་ཡར་འཕེལ་ཏེ་ཚད་རིམ་མཐོ་ཤོས་སུ་བསླེབས་ཡོད་པ་དང་། བོད་ཀྱི་རང་དབང་གི་ཚད་རིམ་དེ་རིམ་བཞིན་མར་འགྲིབ་ནས་ཚད་རིམ་དམའ་ཤོས་སུ་ལྷུང་ཡོད། འདི་ནི་ད་ལྟའི་བོད་ཀྱི་གནས་བབས་ཡིན།

འོན་ཀྱང་། འབྲེལ་བ་དེའི་ནང་དུ་གནད་དོན་གཞན་ཞིག་ཀྱང་བསྟན་ཡོད་དེ། རྒྱ་ནག་གིས་བོད་ཐོག་ལག་བསྟར་བྱེད་བཞིན་ཡོད་པའི་དྲག་གནོན་སྲིད་ཇུས་ནི་ཚད་རིམ་མཐོ་ཤོས་སུ་བསླེབས་ཡོད་པ་དེས་དོན་གྱིས་རྒྱ་ནག་གི་མི་རིགས་སྲིད་ཇུས་ཀྱི་ཕམ་ཁའི་ཚབས་ཆེན་རང་བཞིན་དེ་ཚད་ཐིག་ལ་ཐག་ཉེ་བར་གྱུར་ཡོད་པ་དང་། དེ་དང་མཉམ་དུ་བོད་ཀྱི་རང་དབང་ནི་ཚད་རིམ་དམའ་ཤོས་སུ་ཆགས་ཡོད་པ་དེས་དོན་གྱིས་བོད་མི་ཚོའི་བཟོད་བསྲན་དེ་ཚད་ཐིག་ལ་ཐག་ཉེ་བར་གྱུར་ཡོད་པ་བསྟན་ཡོད། དེ་བས། གལ་སྲིད་དེ་ཚད་ཐིག་དེ་ལ་བརྒལ་ན། དབུ་མའི་ལམ་ནུས་མེད་དུ་གྱུར་ཏེ་བོད་མི་ཚོས་ཡང་བསྐྱར་རང་བཙན་གཙང་མའི་ལམ་ཁ་འདེམས་བསྐོ་བྱེད་སྲིད་ལ། སྐབས་དེར་ད་ལྟའི་རྒྱ་ནག་ལ་ཁ་ཕྱོགས་རང་བཞིན་གྱི་འགྱུར་ལྡོག་ཅིག་འབྱུང་སྲིད།

དེར་བརྟེན། རྒྱ་ནག་གཞུང་གིས་ “ཆུ་མ་ཡོང་གོང་གི་རག” ཅེས་བའི་དཔེ་ལྟར། གང་མགྱོགས་དབུ་མའི་ལམ་ལ་མོས་མཐུན་བྱས་ཏེ་བོད་རྒྱ་སོགས་མི་རིགས་ཚང་མ་འདྲ་མཉམ་དང་ཞི་བདེའི་ངང་འཚོ་གནས་བྱེད་ཐུབ་པའི་རྒྱལ་ཁབ་ཀྱི་སྒྲོམ་གཞི་གསར་བ་ཞིག་འཚོལ་བསྙེག་བྱེད་རྒྱུ་ནི་གལ་ཆེན་པོར་མཐོང་ཡོད།།

༢༠༡༤ ལོའི་ཟླ་ ༡ པོའི་ཚེས་ ༥ ཉིན། ཉི་ཧོང་ནས།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་གླེང་བ། ༢༠༢༣།༠༦།༨-༡༠ དུས་བབ་ཀྱི་པར།
Mobile App

རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

༢༠༢༣/༠༦/༠༨
Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

༢༠༢༣/༠༦/༠༨
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

༢༠༢༣/༠༦/༠༨
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥

མཆན། 6

  1. འབྲོག་ཕྲུག་བྷེ་ལོ། says:
    ལོ་ 9 སྔོན།

    ཆོས་ལྡན་འབུམ་ལགས། ཁྱོད་ཀྱི་དགོངས་དོན་བཞིན་སྒྲུབ་བྱེད་ལེགས་པོ་གསུངས་འདུག་པར་བཀའ་དྲིན་ཆེ་ཞུ་ཞུ།

    Reply
  2. ཆོས་ལྡན་འབུམ། says:
    ལོ་ 9 སྔོན།

    དྲ་གྲོགས་རྣམ་པ།
    བཀྲ་ཤིས་བདེ་ལེགས། བསམ་ཚུལ་གསུངས་བར་ཐུགས་རྗེ་ཆེ།
    ༡ གྲོགས་འབྲོག་ཕྲུག་བྷེ་ལོ་ལགས། ཁྱེད་རང་གི་དྲི་བའི་དྲིས་ལན་མདོར་བསྡུས་ཙམ་གཤམ་གསལ་ལྟར་ཡིན།
    བདེན་དཔང་དང་པོ་ནི། རང་སྲེག་ལས་འགུལ་དེ་ཡིན། དེས་བོད་མིའི་བཟོད་བསྲན་དེ་ཚད་ཐིག་གི་ནང་ལ་གོམ་པ་ཡ་གཅིག་སྤོས་འགོ་བརྩམས་ཡོད་པ་མཚོན་ཐུབ་ཅེས་བཤད་ཆོག་པར་འདོད།
    བདེན་དཔང་གཉིས་པ་ནི། བོད་ནང་གི་བོད་མི་མང་པོ་ཞིག་ལ་གཤམ་གསལ་ལྟར་དྲི་བ་དྲིས་མྱོངས།
    དྲི་བ། གལ་ཏེ་རྒྱ་ནག་གཞུང་གིས་བོད་ཡིག་གི་བེད་སྤྱོད་གཏན་འགོག་བྱས་ཚེ། ཁྱེད་ཀྱིས་ག་རེ་བྱེད་རྩིས་ཡིན།
    ལན།
    ཞིང་པས། “རོ་འཇོག་རྒྱུ་ཡིན” “ད་འདུག་གི་མ་གཞུག་ནི་རེད”་ཟེར།
    སློབ་མས། “སློབ་མ་ཚང་མ་ཡར་ལངས་རྒྱུ་རེད” “ད་མ་བ་ནི་རེད(ཨ་མདོའི་ཁ་སྐད་དེ་བཟོད་སྲན་བྱེད་དཀའ་བའི་དོན)”ཟེར།
    ཡོན་ཏན་པས། “དེ་ལྟར་བྱེད་ཐུབ་གི་མ་རེད”་ཟེར།
    དེ་ལྟར་ལོ་ངོ་༡༠ཡར་སྔོན་དང་བསྡུར་ན་ངའི་མཐའ་འཁོར་གྱི་བོད་མིའིི་མི་རིགས་ཀྱི་འདུ་ཤེས་ལའང་གནམ་སའི་འགྱུར་ལྡོག་བྱུང་ཡོད།

    ངའི་ངོ་ཤེས་ཀྱི་རྒྱ་མི་མང་ཆེ་བས་ཀྱང་གུང་ཁྲན་ཏང་ལ་དགའ་མོས་བྱེད་ཀིན་མི་འདུག ཁ་ཤས་ཀྱིས་“གུང་ཁྲན་ཏང་གི་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་དེ་ཅི་ལྟར་ཚབས་ཆེ་རུ་སོང་ན། ང་ཚོ་ལ་དེ་ལྟར་གོ་སྐབས་མང་པོ་རག་གི་རེད”་ཟེར།
    གཞན་ཡང་ད་ལྟ་རྒྱ་མི་རིགས་ཀྱི་ནང་དུའང་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་སོགས་རྒྱུ་མཚན་ལ་དྲངས་ཏེ་དེའི་མཇུག་འབྲས་ལ་རྟེན་འབྱུང་གི་རིག་ལམ་གྱིས་དཔྱད་པ་གཏོང་ཁུལ་ཙམ་བྱས་པ་ཡིན།
    ༢ གྲོགས་གནས་ཚང་ལགས།
    བསམ་ཚུལ་གསུངས་བར་ཐུགས་རྗེ་ཆེ། འོན་ཀྱང་། ཁྱེད་ཀྱི་བསམ་ཚུལ་ལ་ཅུང་འཐད་པ་མ་བྱུང་།
    རྒྱུ་མཚན༡
    ང་རང་“བྲོས་བྱོལ་སྤྱི་ཚོགས”་ནང་ལ་སོང་མ་མྱོངས། འོན་ཀྱང་། བཙན་བྱོལ་བོད་མི་མང་པོ་ཞིག་ལ་འབྲེལ་འདྲིས་ཡོད། ད་དུང་དྲ་ཐོག་ནས་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་ཚུལ་ལའང་རྒྱུས་ལོན་གང་འཚམས་བྱེད་བཞིན་ཡོད་པས། བཙན་བྱོལ་སྤྱི་ཚོགས་ལ་“རྒྱུས་ལོན་ཏིལ་འབྲུ་ཙམ་ཡང་མེད་པ”་ཞིག་གཏན་ནས་མིན།
    རྒྱུ་མཚན༢།
    “བོད་མི་ཡོངས་ཀྱི་དགོས་འདུན་དབུ་མའི་ལམ་ཁོ་ན”་ཞེས་བ་དེ་ཁྱེད་རང་གི་སྐད་ཆ་ཡིན་པ་ལས། ངའི་རྩོམ་ཡིག་གི་ནང་དུ་སྐད་ཆ་དེ་འདྲ་ཞིག་གཏན་ནས་བྲིས་མེད།

    Reply
  3. འབྲོག་ཕྲུག་བྷེ་ལོ། says:
    ལོ་ 9 སྔོན།

    གྲོགས་ཆོས་ལྡན་འབུལ་ལགས། ཁྱོད་ཀྱིས། ༼འོན་ཀྱང་། འབྲེལ་བ་དེའི་ནང་དུ་གནད་དོན་གཞན་ཞིག་ཀྱང་བསྟན་ཡོད་དེ། རྒྱ་ནག་གིས་བོད་ཐོག་ལག་བསྟར་བྱེད་བཞིན་ཡོད་པའི་དྲག་གནོན་སྲིད་ཇུས་ནི་ཚད་རིམ་མཐོ་ཤོས་སུ་བསླེབས་ཡོད་པ་དེས་དོན་གྱིས་རྒྱ་ནག་གི་མི་རིགས་སྲིད་ཇུས་ཀྱི་ཕམ་ཁའི་ཚབས་ཆེན་རང་བཞིན་དེ་ཚད་ཐིག་ལ་ཐག་ཉེ་བར་གྱུར་ཡོད་པ་དང་། དེ་དང་མཉམ་དུ་བོད་ཀྱི་རང་དབང་ནི་ཚད་རིམ་དམའ་ཤོས་སུ་ཆགས་ཡོད་པ་དེས་དོན་གྱིས་བོད་མི་ཚོའི་བཟོད་བསྲན་དེ་ཚད་ཐིག་ལ་ཐག་ཉེ་བར་གྱུར་ཡོད་པ་བསྟན་ཡོད།༽ཅེས་མཐའ་བསྡོམས་ལྟ་བུ་གནང་འདུག འོན་ཀྱང་དེ་ལྟར་ཆགས་ཡོད་པའི་ཁྱོད་རང་ཉིད་ཀྱི་ངོས་ནས་ཟུར་གནས་བདེན་དཔང་གང་དང་གང་ཡོད་ཀྱི་སྐོར་དུས་ཁོམ་བྱུང་ན་སྙིང་བསྡུས་ཤིག་བརྗོད་རོགས་ཞུ། ཐུགས་རྗེ་ཆེ།

    Reply
  4. ལྷ་བཟང་། says:
    ལོ་ 9 སྔོན།

    ཆོས་ལྡན་འབུམ་ལགས་ཀྱིས་དཔྱད་ཞིབ་གཏིང་ཟབ་མོ་གནང་འདུག ཐུགས་རྗེ་ཆེ། རྩོམ་ཡིག་ཁ་གསལ་མདོ་བསྡུས་གནད་དུ་འཁེལ་བ་འདི་ལྟ་བུ་མུ་མཐུད་སྤེལ་རོགས་གནོངས།

    Reply
  5. བསོད་ནམས་རིན་ཆེན། says:
    ལོ་ 9 སྔོན།

    རྣམ་དཔྱོད་ཡངས་པའི་རྩོམ་པ་པོ་ཆོས་ལྡན་ལགས། ཉིད་ཀྱིས་དབྱེ་ཞིབ་ཡག་པོ་གནང་འདུག རྒྱ་ནག་ལ་མཚོན་ན་དབུ་མའི་ལམ་འདི་གོ་སྐབས་ཤིག་ཡིན་པ་མ་ཟད། ༧གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་དུས་ཚོད་འདི་ཡང་ཧ་ཅང་གལ་ཆེན་ཞིག་ཆགས་ཡོད། གལ་སྲིད་༧གོང་ས་མཆོག་དགོངས་པ་རྫོགས་པ་ཡིན་ན་བོད་དོན་གང་ལ་འགྱུར་འདུག་བཤད་ཚོད་ཐུག་དཀའ།
    གནས་ཚང་ཟེར་བ་འདིས་ནམ་རྒྱུན་མཆན་འདེབས་སྟངས་ལ་དོན་སྙིང་དེ་ཙམ་མེད།

    Reply
  6. གནས་ཚང་། says:
    ལོ་ 9 སྔོན།

    དད་པའི་རྗེས་སུ་འབྲངས་ཡོད་པ་ལས་དོན་དངོས་ཀྱི་རྗེས་སུ་འབྲངས་མི་འདུག་ལ། བྲོས་བྱོལ་སྤྱི་ཚོགས་ནང་རྒྱུས་ལོན་ཏིལ་འབྲུ་ཙམ་ཡང་མེད་པའི་ཁར། བོད་མི་ཡོངས་ཀྱི་དགོས་འདུན་དབུ་མའི་ལམ་ཁོ་ན་ཞེས་པ་ནི་བསླུ་བྲིད་ཅིག་ཀྱང་ཡིན་པས། སྐད་ཆ་བསམ་ནས་ཤོད་ཅེས་པའི་གཏམ་དཔེ་དེ་མ་བརྗེད་པ་གནང་རོགས་ཞུ་རྩིས་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist