མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་སྐད་བོད་ཡིག་མ་བརྗེད་པ་བྱེད་དགོས།

བོད་ཀྱི་དུས་བབ།
༢༠༡༤/༠༢/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གཟའ་ཕུར་བུའི་ཉིན་༧གོང་ས་མཆོག་གིས་ཝ་ཤིན་ཌོན་དུ་གནས་སྡོད་བོད་མི་རྣམས་ལ་བཀའ་སློབ་བསྩལ་ཏེ། ཕྱི་རྒྱལ་དུ་ཡོད་པའི་གཞོན་སྐྱེས་ཚོས་བོད་ཡིག་དང་བོད་སྐད་མ་བརྗེད་པ་བྱེད་རྒྱུ་གལ་ཆེན་ཡིན་སྐོར་གསུངས་འདུག

ཉིན་འདི་གར་༧གོང་ས་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་དུ་མཛད་འཕྲིན་སྐྱོང་བཞིན་པ་ལྟར། ཁ་སང་ཚེས་ ༢༠ ཉིན་གྱི་ཕྱི་དྲོ་ཕ་ཁི་ཧྰ་ཡ་ཊི་ (Park hyatt) ཞེས་པའི་བཞུགས་གནས་མགྲོན་ཁང་གི་ཚོགས་ཁང་དུ་བོད་མི་ ༤༠༠ བརྒལ་བར་བཀའ་སློབ་གནང་སྟེ། ང་ཚོ་བཙན་བྱོལ་བ་ཆཊ་ནས་མི་ལོ་ལྔ་བཅུ་ང་ལྔ་ཙམ་ཆས་ཏེ་མི་རབས་བརྗེ་འགྲོ་གི་ཡོད་པ་ལྟར། བོད་ནང་དུའང་མི་རབས་བརྗེ་འགྲོ་གི་ཡོད་པ་དང་། འདས་པའི་ལོ་དེ་དག་རིང་བོད་ནང་གི་བོད་མི་ཚོས་དཀའ་སྡུག་སྣ་ཚོཊ་ཤིག་མྱངས་དང་མྱོང་མུས་སུ་ཡོད་ཀྱང་། བོད་མི་རིཊ་ཀྱི་ལར་ཞེན་དང་སྐད་ཡིག སོ་སོའི་རིག་གཞུང་ལ་གཅེས་འཛིན་བྱེད་རྒྱུར་འགྱུར་བ་མེད་པར་གནས་ཡོད་པ་མ་ཟད། བདེན་དོན་འཐབ་རྩོད་ཐད་ལའང་ལྷག་བསམ་གཡོ་མེད་ཐོག་བསྡད་དེ། བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་ཀྱང་བོད་མི་རིཊ་ཀྱི་ལོ་རྒྱུས་གཙོས་པའི་ཆོས་དང་རིག་གཞུང་གཏིང་ཟབ་ཡོད་ཅེས་ཁ་བཀྱགས་བཀྱགས་བྱས་ཏེ་ཤོད་རྒྱུ་ཞིག་ཡོང་གི་ཡོད་ཚུལ་གསུངས་འདུག

དེ་བཞིན། ༧གོང་ས་མཆོག་གིས་འདས་པའི་ལོ་དེ་དག་ནང་དེ་སྔ་བོད་མཐོང་ཐོས་མེད་མཁན་དང་བོད་ཀྱི་སངས་རྒྱས་པའི་ཆོས་ཞེས་བརྗོད་སྐབས། ལུང་པ་ཁུག་ཀྱོག་ཅིག་ཏུ་ལྷ་གསོལ་ཀླུ་གསོལ་བྱེད་བཞིན་ཡོད་པར་ངོས་འཛིན་བྱེད་བཞིན་པ་དེར་འགྱུར་བ་ཕྱིན་ཏེ། དེང་སྐབས་འཛམ་གླིང་འདིའི་ནང་བོད་ཀྱི་སངས་རྒྱས་པའི་ཆོས་དང་འབྲེལ་བའི་ཚན་རིག་དང་ལྟ་གྲུབ་ཅེས་བརྗོད་སྐབས་དོ་སྣང་གསར་པ་ཞིག་བྱེད་ཀྱི་ཡོད་པ་དང་། དེ་ཡང་ཡ་མཚན་གྱི་ཐོག་ནས་བྱས་པ་ཞིག་མིན་པར་དངོས་ཡོད་གནས་ཚུལ་ཐོག་མིའི་བསམ་བློ་གཏོང་རྒྱུར་ཕན་ཐོགས་ཡོད་པར་ངོས་འཛིན་གྱིས་དོ་སྣང་བྱེད་ཡུལ་དུ་གྱུར་ཡོད་པ་དང་། དེང་སྐབས་འཛམ་གླིང་འདིའི་ཐོག་དངོས་སུ་ཕན་ཐོགས་ཡོད་པ་ཞིག་ཏུ་མཐོང་གི་ཡོད་པ་དེ་བཙན་བྱོལ་དུ་གནས་པ་ཚོའི་བྱས་རྗེས་ལྟ་བུ་ཡིན་སྐོར་གསུངས་ཡོད་འདུག

ཕྱི་རྒྱལ་དུ་ཡོད་པའི་བོད་མི་ཚོས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་ཕྱོགས་ཐད་༧གོང་ས་མཆོག་གིས། “ ང་ཚོས་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་གོང་སྦེལ་བྱེད་པར་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་ཆགས་ཡོད། ལྷག་པར་དུ་ཁྱེད་རང་ཚོ་ཕྱི་རྒྱལ་ལུང་པར་བསྡད་ཡོད་སྟབས། གཞོན་སྐྱེས་ཚོས་བོད་ཡིག་དང་བོད་སྐད་མ་བརྗེད་པ་བྱེད་དགོས། ལོ་གཉིས་གོང་ངོས་རང་ཀྰ་ཤི་མིར་ལ་ཐེངས་ཤིག་ཕེབས་པ་རེད། དེ་གར་བོད་པའི་སྐད་ཡིག་སློབ་སའི་དམིགས་བསལ་སློབ་གྲྭ་མི་འདུག་ཀྱང་། ལྷ་ས་ཁ་ཆེའི་བུ་ཕྲུག་གིས་ངོས་རང་ཐུག་སྐབས་ལྷ་སའི་སྐད་ཡག་པོ་རྒྱག་གི་འདུག ཕལ་ཆེར་ཨ་རིར་ཡོད་པའི་བོད་ཕྲུག་ཚོ་ལས་ཁ་ཆེའི་བོད་ཕྲུག་ཚོ་བོད་སྐད་བདེ་བ་ལྟ་བུ་འདུག ཁོང་ཚོས་རང་ཉིད་ཀྱི་ཁྱིམ་ཚང་ནང་ཞར་དང་ཞོར་ལ་བོད་སྐད་རྒྱག་གི་ཡོད་པ་རེད། གང་ལྟར་བོད་ཕྲུག་ཅིག་ཡིན་ཕྱིན་བོད་པའི་སྐད་ཡིག་མ་བརྗེད་པ་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་སེམས་ལ་འཇོག་དགོས། སྤྱིར་བཏང་མི་རིཊ་གང་ཡིན་རུང་ངས་ཐུབ་དང་ནུས་ཞེས་པའི་སྤོབས་པ་དགོས། ང་ཚོ་བོད་མི་རིགས་ནི་རིག་གཞུང་ཕྱུག་པོ་ཡོད་མཁན་ཞིག་ཡིན་ལ། སྤྱི་ཡོངས་ནས་བོད་པར་ཡ་རབས་དང་དྲང་པོ་འདུག་ཅེས་བརྗོད་ཀྱི་འདུག འོན་ཀྱང་། བར་སྐབས་དངུལ་ལ་འདོད་རྔམ་ཆེ་དྲགས་པའི་དབང་གིས་ཡ་རབས་སྤྱོད་བཟང་ཕྲན་བུ་ཉམས་རྒུད་འགྲོ་གི་ཡོད་པ་ལྟ་བུ་འདུག ཡ་རབས་དང་དྲང་པོ། སྙིང་རྗེ་བྱེད་རྒྱུ་ནི་ང་ཚོའི་ཕ་མེས་ནས་ང་ཚོར་འཇགས་པའི་གཅེས་ནོར་ཡིན་སྟབས། དེ་དག་མི་རབས་གཞོན་པའི་རྒྱུད་ལ་འཇགས་ཐབས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ” ཅེས་བཀའ་སློབ་གནང་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༥ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༥ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༩ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 2

  1. ཚེ་རིང་རྡོ་རྗེ། says:
    ལོ་ 12 སྔོན།

    ཁྱེད་ཀྱིས་བོད་སྐད་ཡིག་ལ་བདག་གཅེས་དགོས་པའི་ལམ་སྟོན་དང་། ཉེན་ཁ་སྔོན་འགོག་གི་བཀའ་སློབ་ཇི་ཙམ་གནང་ཡང་། གོང་གི་བླ་དཔོན་དང་འོག་གི་མི་མང་ཚོ་ནི་ཤེས་བཞིན་དུ་ལམ་ལོག་ལ་འཚང་བས། བཙན་བྱོལ་བོད་མིའི་བོད་སྐད་ཡིག་འཆི་ལམ་དུ་བརྫངས་ཟིན།

    ༼༧རྒྱལ་བ་རིན་པོ་ཆེས་1963ལོར་བོད་སྐད་ཡིག་སྐོར་ལ་གནང་བའི་གསུང་བཤད།༽

    དེང་དུས་ཧིན་དི་དང་དབྱིན་ཇི་ཕྲན་བུ་ཤེས་པའི་གཞོན་ནུ་ཚོས། མི་ཞིག་འཕྲད་མ་ཐག་ཧ་ལོ་ཟེར་བ་དང་། ཡུ་ནོའོ་ཟེར་བ་སོགས་བོད་སྐད་ནང་དུ་དབྱིན་ཇིའི་མིང་ཚིག་མང་པོ་བསྲེས་ནས་བརྗོད་པ་འདི་དག་ལ་སེམས་ལྷད་ཀྱི་དྲི་མ་མེད་ཀྱང་། དོན་སྙིང་རུལ་འགྲོ་གི་ཡོད་པ་རེད། ད་ལྟ་ནས་དེ་ལྟར་བརྗོད་ན། ཚིག་ལྷད་དེ་དག་རིམ་བཞིན་དར་འཕེལ་ཕྱིན་ན་གང་འདྲ་ཞིག་ཡོང་གི་ཡོད་དམ།
    བོད་དུ་རྒྱ་མིས་ཤན་དང་ཆུས་ཟེར་བ་སོགས་བོད་ཀྱི་མིང་ཚིག་མང་པོ་རྒྱ་སྐད་དུ་བསྒྱུར་ཟིན་ཅིང་། དེ་དག་རྒྱ་ཆེར་བཏང་དུས་ཉེན་ཁ་ཆེན་པོར་སླེབས། བོད་ལ་རྒྱ་མིས་མགོ་བརྡུངས། གཉའ་མནན། ཐ་ན་དངུལ་རྩིས་ཚུལ་ཆད་རྒྱ་སྐད་སྤྱོད་དུ་བཅུག་ནས་བོད་སྐད་བོད་ཡིག་ཉམས་རྒུད་ཅི་ཆེར་གཏོང་བའི་དུས་སྐབས་སུ། འདི་ཕྱོགས་རང་གི་སྐད་ཡིག་ལ་བདག་གཅེས་བྱ་རྒྱུའི་འོས་བབ་ཡོད་པ་ཚོས་དབྱིན་ཧིན་སྐད་ཡིག་ཕྲན་བུ་ཤེས་པ་རྒྱུ་མཚན་དུ་བྱས་ཏེ། བོད་སྐད་བོད་ཡིག་ལ་མཐོང་ཆུང་བྱས་ན་གང་འདྲ་ཞིག་ཡོང་བ་འདུག
    ཡ་རབས་བཟང་པོའི་གོམས་གཤིས་ཅན་གྱི་བོད་མི་རྣམས་རྒས། གཞོན་ནུ་ཚོས་བོད་སྐད་ནང་ཚིག་ལྷད་གང་འཚམས་བཅུག བུ་ཕྲུག་ཆུང་ངུ་ཚོས་མ་ཤེས་པར་དེ་བས་མང་ཙམ་བཅུག གང་འཚམས་ནས་བོད་སྐད་གཙང་མ་དེ་གོ་བརྡ་མ་འཕྲོད་པའི་དུས་ཤིག་བྱུང་ན་ཇི་འདྲ་བྱེད་ཀྱི་ཡིན་ནམ།
    སྔར་མོན་གྱི་ས་གནས་ཤིག་ལ་རྡོ་རྗེ་གཅོད་པའི་དཔེ་ཆ་མང་ཆེ་བ་མ་དག་པ་དང་། དག་པ་གཅིག་རང་ཡོད་ཞིག་གི་སྐབས། མི་ཚོས་ཞུ་དག་བྱས་པས། མ་དག་པ་མང་བ་དེ་དང་སྒོ་བསྟུན་ནས། དག་པ་གཅིག་རང་ཡོད་པ་དེ་མ་དག་པར་བཟོ་བཅོས་བྱས་པའི་ལོ་རྒྱུས་ལྟ་བུ་བྱུང་ན་ཇི་ལྟར་བྱེད། རྒྱུ་མཚན་དེ་འདྲའི་ཆེད་དུ་ང་ཚོས་བོད་སྐད་དང་། བོད་ཡིག་ལ་བདག་གཅེས་མ་བྱས་ན་ཉེན་ཁ་ཤིན་ཏུ་ཆེན་པོ་ཡོད།
    ཕྱི་རྒྱལ་སྐད་ཡིག་ཤེས་དགོས། ང་ཚོས་མ་ཤེས་ཐབས་མེད་ཡིན། འོན་ཀྱང་རང་གི་སྐད་ཡིག་ལ་དོ་སྣང་མ་བྱས་ན། ནམ་ཞིག་དཔེ་ཆ་རྣམས་ཀྱང་དོན་མི་གོ་བའི་དུས་ཤིག་བྱུང་དུས། ལེ་ལན་རང་ལ་ཡོད་པ་ལྟར་ལེ་ལན་རང་གིས་འཁུར་ཤེས་པའི་དམན་ས་བཟུང་ན་ལྟ་ལེགས་ཏེ། དེ་ལྟར་མིན་པར། དཔེ་ཆས་མ་འགྲིག་པར་བསྙད་ནས་དཔེ་ཆ་རྣམས་ཕར་བཞག་སྟེ། དཔེ་ཤོག་འདི་ཚོར་གོ་རྒྱུ་མི་འདུག་ཟེར་བ་ཞིག་ཡོང་ཉེན་ཡོད། ཁོང་ཚོས་དཔེ་ཆ་དགྲ་རུ་འཛིན་པ་མིན་ཡང་། རང་བཞིན་གྱིས་སྤྱི་ཚོགས་ཀྱི་གནས་ཚུལ་འགྱུར་ནས་དེ་ལྟ་བུ་འབྱུང་ཉེན་ཡོད།

    ༼༡༩༦༣ལོའི་ཕྱི་ཟླ༧ཚེས༩ཉིན་༧རྒྱལ་བ་རིན་པོ་ ཆེས་བཞུགས་སྒར་ཕོ་བྲང་དུ་རིས་མེད་ཆོས་ཚོགས་སར་བསྩལ་བའི་བཀའ་སློབ་འདི་ནི། བོད་གཞུང་ཤེས་རིག་དཔར་ཁང་གིས་དཔར་སྐྲུན་བྱས་པའི་བཀའ་སློབ་ཕྱོགས་བསྡུས་ལས་བདམས་བཀོད་ཞུས་པ་ཡིན།༽

    Reply
  2. བཙན་པོའི་བུ། says:
    ལོ་ 12 སྔོན།

    ཐུགས་རྗེ་གཟིགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese