མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་བྷ་མས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་ཟེར།

བོད་ཀྱི་དུས་བབ།
༢༠༡༤/༠༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

གཟའ་པ་སངས་ཉིན་ཨ་རིའི་ཕོ་བྲང་དཀར་པོ་རུ་༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་མཇལ་འཕྲད་གནང་སྟེ་རྒྱ་གཞུང་གིས་བོད་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་། ༧གོང་ས་མཆོག་གི་སྐུ་ཚབ་དང་བོད་རྒྱའི་གནད་དོན་ཐད་གྲོས་མོལ་གནང་དགོས་པའི་རེ་སྐུལ་གནང་ཡོད་འདུག

ཨ་རིའི་ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ པའི་སྟེང་ཨ་རིའི་ཕོ་བྲང་དཀར་པོའི་ས་ཁྲ་འགྲེམས་སྟོན་ཁང་དུ། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་མཇལ་འཕྲད་གནང་སྟེ་ཆུ་ཚོད་གཅིག་ལྷག་རིང་བོད་དོན་སྐོར་ལ་གསུང་མོལ་གནང་ཡོད་འདུག

ཐེངས་འདིའི་མཇལ་འཕྲད་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་གནས་སུ། ཐེངས་འདིར་ཆུ་ཚོད་གཅིག་ལྷག་རིང་མཇལ་འཕྲད་སྐབས་ྋགོང་ས་མཆོག་གིས་གང་ཉིད་ཀྱི་སྐུ་ཚེའི་མཛད་ཁུར་གཙོ་བོ་གསུམ་སྟེ། འགྲོ་བ་མིའི་བརྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་དང༌། ཆོས་ལུགས་ཕན་ཚུན་བར་གྱི་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ། དེ་བཞིན་གང་ཉིད་མཆོག་བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་མཛད་རྒྱུའི་སྐོར་ངོ་སྤྲོད་མཛད་པ་དང༌། དབུ་ཁྲིད་རྣམ་གཉིས་བར་བོད་ནང་གི་ད་ལྟའི་གནས་སྟངས་སྐོར་དང་། དེ་བཞིན་དུས་རབས་ཉེར་གཅིག་ནང་བཟང་སྤྱོད་ལྡན་པའི་མམགོ་ཁྲིད་ཡོང་ཐབས་ཆེད། མི་རབས་གསར་པ་ཚོ་ཇི་ལྟར་སྐྱེད་སྲིང་བྱ་དགོས་སོགས་ཀྱི་སྐོར་བཀའ་སྡུར་ལྷུག་པོ་མཛད་ཡོད། ཅེས་བཀོད་འདུག

དེ་བཞིན། ཨ་རིའི་ཕོ་བྲད་དཀར་པོའི་སྲིད་འཛིན་ལས་ཁུངས་ནས་གསལ་བསྒྲགས་སྤེལ་བའི་ནང་། སྲིད་འཛིན་མཆོག་གིས་བོད་མིའི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཇལ་འཕྲད་གནང་སོང་། སྲིད་འཛིན་མཆོག་གིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཀྱི་མཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་རྒྱུན་འཛིན་སོགས་ལ་བདག་གཅེས་སྲུང་སྐྱོབ་དང་མི་ཉམས་རྒྱུན་འཛིན་ཐོག་རྒྱབ་སྐྱོར་ཤུགས་ཆེན་གནང་གི་ཡོད་པ་དང་། བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་དགོས་སྐོར་བསྐྱར་དུ་ནན་བརྗོད་གནང་སོང་། སྲིད་འཛིན་མཆོག་གིས་ཏཱ་ལའི་བླ་མ་མཆོག་གི་འཚེ་མེད་ཞི་བ་དང་ཞི་བདེ་ཐད་ཀྱི་ཕྱག་ལས་ལ་བསྔགས་བརྗོད་དང་། ཏཱ་ལའི་བླ་མ་མཆོག་གིས་དབུ་མའི་ལམ་གྱི་ལངས་ཕྱོགས་འཛིན་གྱི་ཡོད་པར་རྒྱབ་སྐྱོད་ཡོད་པ་གསལ་སྟོན་གནང་སོང་། སྲིད་འཛིན་མཆོག་གིས་བོད་རྒྱའི་དཀའ་རྙོག་དེ་ཐད་ཀའི་གྲོས་མོལ་བརྒྱུད་སེལ་ཐབས་བྱེད་དགོས་པ་དང་། གྲོས་མོལ་གྱི་ལམ་ནས་རྒྱ་ནག་དང་བོད་མི་གཉིས་ཀར་བཟང་ཕྱོགས་ཀྱི་དོན་འབྲས་སོན་པ་ཞིག་ཡོང་རྒྱུར་སྐུལ་མ་ནན་མོ་གནང་སོང་། ཨོ་བྷ་མ་མཆོག་གིས་ཨ་རིའི་ངོས་ནས་བོད་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་པའི་ལངས་ཕྱོགས་འཛིན་གྱི་ཡོད་པ་དང་། བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་སྐོར་གསུངས་སོང་། ཏཱ་ལའི་བླ་མ་མཆོག་གིས་བོད་རང་བཙན་དོན་གཉེར་གནང་གི་མེད་པ་དང་། ཏཱ་ལའི་བླ་མའི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་ཡོང་བའི་ཐུགས་རེ་གནང་གི་ཡོད་སྐོར་གསུངས་སོང་ལ། སྲིད་འཛིན་མཆོག་དང་ཏཱ་ལའི་བླ་མ་རྣམ་གཉིས་ཀྱིས་ཨ་རི་དང་རྒྱ་ནག་བར་བཟང་ཕྱོགས་ཀྱི་འབྲེལ་ལམ་དགོས་པ་གལ་ཆེན་ཡིན་པའི་དགོངས་ཚུལ་གཅིག་མཐུན་བྱུང་སོང་། ཞེས་བསྒྲགས་འདུག

ཐེངས་འདིའི་དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་ཐད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། སྲིད་འཛིན་ཨོ་བྷ་མ་དང་༧གོང་ས་མཆོག་མཇལ་འཕྲད་གནང་བ་དེས་བོད་ནང་དུ་དཀའ་སྡུག་མྱོང་བཞིན་པའི་བོད་མི་ཚོར་རེ་བ་ཆེན་པོའི་བརྡ་ལན་ཞིག་དང་། ཨ་རིའི་གཞུང་དང་མི་དམངས་ཀྱིས་རང་དབང་དང་དམངས་གཙོ་ལ་ཆོད་སེམས་བརྟན་པོ་ཡིན་པ་མཚོན་གྱི་ཡོད། སྲིད་འཛིན་མཆོག་གིས་དབུ་མའི་ལམ་ལ་རྒྱབ་སྐྱོར་དང་། རྒྱ་བོད་བར་དོན་སྙིང་ལྡན་པའི་གྲོས་མོལ་ཡོང་ཐབས་ལ་རྒྱབ་སྐྱོར་ཆེན་པོ་གནང་གི་ཡོད་པ་དེར་བསྔགས་བརྗོད་ཞུ་བཞིན་ཡོད་ཅེས་སོགས་གསུངས་འདུག

མཇལ་འཕྲད་མ་གནང་སྔོན་ཙམ་ལ། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་འཆར་ཅན་ལྟར། ཐེངས་འདིར་ཨ་རིའི་གཞུང་གིས་ཏཱ་ལའི་བླ་མར་མཇལ་འཕྲད་གནང་འཆར་ཡོད་པ་དེ་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོག་བྱས་པ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། བྱེད་སྤྱོད་དེ་དག་བརྒྱུད་ནས་རྒྱལ་སྤྱིའི་འབྲེལ་ལམ་ལའང་དོ་ཕོག་འགྲོ་སྲིད་སྐོར་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་བརྗོད་འདུག

འདི་ནི་ཨ་རིའི་སྲིད་འཛིན་ཨོ་བྷ་མས་༧གོང་ས་མཆོག་ལ་མཇལ་འཕྲད་གནང་ཐེངས་གསུམ་པ་དེ་ཆགས་ཡོད་ཅིང་། ཐེངས་དང་པོར་ ༢༠༡༠ ཟླ་ ༢ ཚེས་ ༡༨ ཉིན།  ཨ་རིའི་ཕོ་བྲང་དཀར་པོའི་ཁང་བརྩེགས་འོག་མའི་ས་ཁྲ་འགྲེམས་སྟོན་ཁང་དུ་མཇལ་འཕྲད་གནང་སྟེ་སྐར་མ་ ༧༠ ཙམ་རིང་གསུང་མོལ་གནང་ཡོད་པ་དང་། ཐེངས་གཉིས་པར་ ༢༠༡༡ ཟླ་ ༧ ཚེས་ ༡༦ ཉིན། སླར་ཡང་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གནང་སྟེ་སྐར་མ་ ༤༥ རིང་གསུང་མོལ་གནང་ཡོད། ཐེངས་འདི་ནི་ཨ་རིའི་སྲིད་འཛིན་ཨོ་བྷ་མ་༧གོང་ས་མཆོག་ལ་མཇལ་འཕྲད་གནང་ཐེངས་གསུམ་པ་དང་། ཨོ་བྷ་མ་སྐབས་གཉིས་པའི་སྲིད་འཛིན་དུ་བསྡད་རྗེས་ཀྱི་མཇལ་འཕྲད་དང་པོ་དེ་ཆགས་ཡོད།

བྷ་རཱེག་ཨོ་བྷ་མ་ཨ་རིའི་སྲིད་འཛིན་མ་ཆགས་སྔོན་ལའང་༧གོང་ས་མཆོག་དང་མཇལ་འཕྲད་ཐེངས་གཅིག་བྱུང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༥ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༥ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༩ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 10

  1. ལྗང་གཞོན། says:
    ལོ་ 12 སྔོན།

    དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཁ་ལ་ཁྱེར་བའི་བཤན་པ་ངོ་མ་ཨ་རི་ལས་གཞན་གང་དུ་ཡོད། ཨ་རིའི་རིག་གནས་ཀྱི་བཙན་འཛུལ་དང་ཆབ་སྲིད་ཀྱི་བཙན་འཛུལ། དཔལ་འབྱོར་གྱི་བཙན་འཛུལ། བསམ་བློའི་བཙན་འཛུལ་སོགས་མངོན་ལྐོག་བརྒྱུད་གསུམ་ནས་ཤུགས་ཀྱིས་སྤེལ་བཞིན་པ་དང་། དེ་དག་འགྲོ་ཁག་པའི་སྤྱི་ཚོགས་སམ་དབུ་ཁྲིད། མི་རིགས་རེར་འཕྲད་ཡོང་སྐབས། ཁ་ལ་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཁྱེར་ཏེ། ཨབ་གྷན་དང་སེ་རི་ཡ། ལེ་བྷེ་ཡ། ཨེ་ཇིབ། པཱ་ལེ་སི་ཐན་སོགས་རྒྱལ་ཁབ་མང་པོའི་ནང་ཐེས་ཇུས་ཀྱིས་རྒྱལ་དམངས་ཟིང་འཁྲུག་བསླངས། ཁོངས་སོ་སོའི་དབུ་ཁྲིད་གསར་གསོད་གཏོང་དུ་བཅུགས་པ། ཉེས་མེད་མི་ཟེར་ས་ཡ་མང་པོའི་ཚེ་སྲོག་འཕྲོགས། འདི་དག་ཡོད་ཚད་ཀྱི་རྩ་བའི་དོན་རྐྱེན་བཟོ་མཁན་ཨ་རི་རེད།

    ཐེངས་འདིར་ཨ་རིའི་སྲིད་འཛིན་ཨོ་བྷ་མས་བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་པའི་སྲིད་ཇུས་བཟུང་ཡོད་སྐོར་དང་། བོད་རང་བཙན་ལ་རྒྱབ་སྐྱོར་མེད་ཅེས་བཤད་ན་དེར་བློ་ཕམ་དགོས་དོན་མེད་ཀྱང་། ང་ཚོའི་སྤྱི་ཚོགས་དང་གཞུང་འབྲེལ་གསར་ལམ་དག་གི་ནང་། ཨོ་བྷ་མས་བོད་རང་བཙན་ལ་རྒྱབ་སྐྱོར་མེད་ཅེས་བརྗོད་པ་དེ་གཟི་བརྗིད་ཡིན་པ་ལྟ་བུའི་རྣམ་པ་ཞིག་གི་ཐོག་ནས་བསྒྲགས་ཀྱི་ཡོད་པ་འདི་དངོས་གནས་སེམས་སྐྱོ་དགོས་པ་དང་བློ་ཕམ་ཡུལ་ཞིག་རེད།

    ད་དུང་སྲིད་སྐྱོང་བློ་བཟང་སེང་གེ་ཡིས་ཨོ་བྷ་མས་༧གོང་ས་མཆོག་ལ་མཇལ་འཕྲད་གནང་པ་དེས་དཀའ་སྡུག་མྱོང་བཞིན་པའི་བོད་ནང་གི་བོད་མི་ཚོར་རེ་བ་ཆེན་པོ་ཡོད་པའི་བརྡ་ལན་ཞིག་སྤྲད་ཡོད་པར་བསྒྲགས་འདུག བོད་རྒྱ་ནག་གི་ཆ་ཤས་ཡིན་པའི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་བོད་རང་བཙན་ལ་རྒྱབ་སྐྱོར་མེད་ཟེར་པའི་ལངས་ཕྱོགས་དང་སྐད་ཆ་འདི་དག་གིས་བོད་ནང་གི་བོད་མི་ཚོར་རེ་བ་ཆེན་པོ་སྤྲད་པ་རེད་དམ།

    Reply
  2. བསྟན་འཛིན། says:
    ལོ་ 12 སྔོན།

    ཡག་པོ་རེད། སྲིད་འཛིན་ཨ་བྷ་མས་ཁ་སངས་ན་ཡག་པོ་འདུག དེ་མ་གཏོགས་བོད་ནང་གི་བོད་མི་ཚོར་མགོ་སྐོར་ཐེབས་ཀྱི་ཡོད་པ་རེད། ད་རེས་ཀྱང་སྲིད་སྐྱོང་མཆོག་གིས་འགྲེལ་བཤད་ལོགས་ཀ་རྒྱག་གྲབས་ཤིག་བྱས་འདུག བོད་ནང་གི་བོད་མི་ཚོས་ཕྱིའི་རྒྱལ་ཁབ་ཁག་གི་ལངས་ཕྱོགས་གང་ཡིན་པ་དང་། རྒྱབ་སྐྱོར་གྱི་ཚད་གཞི་གང་འདྲ་ཡིན་པ། ལྷག་པར་དུ་ཕྱིའི་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་དེས་ག་ཚོད་ཅིག་ཕན་གྱི་ཡོད་མེད་སོགས་གསལ་བོར་ཧ་གོ་དགོས་པ་དེ་གལ་ཆེན་པོ་ཞེ་དྲག་རེད། དེ་མ་གཏོགས་བོད་ནང་གི་བོད་མི་ཚོར་མགོ་སྐོར་བཏང་བསྡད་ན་ཡག་པོ་ཡོད་མ་རེད། བཙན་བྱོལ་ནང་གི་ཆབ་སྲིད་པ་དག་གིས་སོ་སོའི་ལྟོ་རྒྱབ་དང་ལྷག་པར་དུ་ཐོབ་གོ་ས། སྤྱི་ཚོགས་ཀྱི་མདུན་ལ་འཐོན་ཐབས་བཅས་སུ་སྐད་ཆ་གང་་བྱུང་བཤད་ཅིང་བོད་དོན་ལ་འགྲེལ་བཤད་གང་བྱུང་བརྒྱབ་ནས་བོད་ནང་གི་བོད་མི་ཚོར་མགོ་སྐོར་ཐེབས་ཀྱི་ཡོད་པ་རེད། བོད་ནང་གི་བོད་མི་བརྒྱ་ཕྲག་ལས་བརྒལ་བ་ཞིག་གིས་རང་ལུས་མེར་བསྲེགས་བཏང་བ་འདི་ལ་ཕྱི་ལོགས་ཀྱི་ཆབ་སྲིད་པ་ཚོས་འགན་འཁུར་དགོས་ཡོད།

    Reply
  3. བསྟན་འཛིན། says:
    ལོ་ 12 སྔོན།

    བོད་རང་གི་མིས་བོད་རང་བཙན་རྩོད་ཀྱིན་མེད་པ་མ་ཟད།  བོད་རང་བཙན་རྩོད་མཁན་ཚོ་དགྲ་ཕྱོགས་སུ་བཅད་ནས་བོད་གྲལ་དུ་སྡོད་མི་ཐུབ་པ་བཟོ་བཞིན་ཡོད་ན།  ཕྱི་མིས་བོད་རང་བཙན་འཐད་རྩོད་ལ་རྒྱབ་སྐྱོར་ཇི་ལྟར་བྱེད།  
    གལ་ཏེ་ཨ་རིས་གཙོ་ཕྱི་རྒྱལ་ཁག་གིས་བོད་རང་བཙན་ལ་རྒྱབ་སྐྱོར་ཐོབ་དགོས་ན།  དང་ཐོག་བོད་རང་གིས་བོད་རང་བཙན་རྩོད་དགོས།  རྒྱ་ནག་གཞུང་གིས་བོད་དོན་རྒྱ་ནག་གི་ནང་སྲིད་ཡིན་ཟེར་བ་དེའི་གནད་དོན་གཙོ་བོ་དེ་རེད།   འདི་ཙམ་ཡང་མི་ཤེས་པར་ཅིག་བཤད་འདོད་མཁན་ཚོ་སྙིང་རྗེ།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    རང་བཙན་མ་རྩོད་རང་སྐྱོང་རྩོད།
    ཨ་རིའི་བརྒྱུད་ནས་རྒྱ་ལ་ཕྱོགས།
    བོད་དར་མཉམ་དུ་རྒྱ་དར་འཕྱོར།
    གནའ་རིག་ཤེས་ནས་དེང་རིག་སྦྱོངས།
    བོད་ཡིག་སྦྱངས་ནས་ཨིན་ཡིག་སྦྱོངས།
    བོད་སྐད་ཨིན་སྐད་སོ་སོར་རྒྱོབས།
    ཡུལ་སྐད་མ་བརྗེད་ཕྱི་སྐད་སྦྱོངས།
    བོད་རེར་སེམས་ནང་འདི་ཉིད་འཇོག

    Reply
  5. ཚེ་རིང་། says:
    ལོ་ 12 སྔོན།

    ཨོ་བྷ་མས། ” བོད་པའི་གནས་ཚུལ་འདི་རྒྱ་ནག་གི་ནང་སྲིད་གནད་དོན་ཞིག་རེད། རྒྱལ་སྤྱིའི་ཐོག་བོད་དོན་ཟེར་བ་ཞིག་གནའ་ནས་ཡོད་པ་མ་རེད། ” ནམ་ཞིག་སྐད་ཆ་འདི་བཤད་མི་སྲིད་པ་མ་རེད། ཡིན་ནའང་ཞེད་དགོས་དོན་དང་སེམས་འཚབ་ལངས་དགོས་དོན་མི་འདུག ང་རང་གིས་འདི་ཡག་པོ་རེད་བསམ་གྱི་འདུག མཚམས་རེར་ཕར་ཕྱོགས་ལ་འགྲིག་འགྲིག་བཤད་པ་དང་། མཚམས་རེར་ཚུར་ཕྱོགས་ལ་འགྲིག་འགྲིག་བཤད་དེ་མགོ་སྐོར་གཏོང་བ་ལས། ཕན་གནོད་གང་ཞིག་བྱུང་ཡང་སོ་སོའི་ཆབ་སྲིད་ལངས་ཕྱོགས་གསལ་བོ་བཟོས་ཏེ་མདུན་སྐྱོད་ཆེ་ཙམ་བྱས་ན། ང་ཚོའི་ངོས་ནས་འགྲོ་བདེ་འདུག་བདེ་རེད།

    Reply
  6. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 12 སྔོན།

    ཨ་རི་སྲིད་འཛིན་མི་ནགཨོ་བྷ་མས་བོད་རང་བཙན་ལ་རྒྱབ་སྐྱོར་མེད་ཟེར་བ་དེ་ལ་ཧང་སང་དགོས་ཡ་གང་ཡང་མི་འདུག བོད་མི་རང་གི་དབུ་ཁྲིད་ཚོས་མགོ་བྱེད་ནས་རང་བཙན་ལ་རྒྱབ་སྐྱོར་མེད་རྒྱ་ནག་དམར་གཞུང་གི་རྩ་ཁྲིམས་འོག་མགོ་འབུལ་ལུས་འབུལ་བྱས་ནས་འདུག་རྒྱུ་ཡིན་ཟེར་གི་ཡོད་རེད།

    Reply
  7. དཀར་མཛེས་བསོད་བུ། says:
    ལོ་ 12 སྔོན།

    ཨོ་བྷག་མ་ཁྱོད་སྐྱག་པ་
    ཟོ།

    Reply
  8. མགོ་ལོག་ཟླ་བྷེ། says:
    ལོ་ 12 སྔོན།

    རྫོགས་པའི་སངས་རྒྱས་ས་ཡི་ཚངས་པ་དང་།།
    གདན་གཅིག་བགྲོ་བ་འགྲོ་ལ་དགོངས་པའི་གཏམ།།
    ལུས་མེད་ཚོགས་ཀྱིས་གདུང་བ་ཉེར་བླངས་ཡང་།།
    དོན་ལ་དེ་དང་བཅས་པའི་ཕན་བདེའི་ལམ།།

    Reply
  9. ཨ་མའི་བུ། says:
    ལོ་ 12 སྔོན།

    ། སྲིད་འཛིན་མཆོག་གིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཀྱི་མཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་རྒྱུན་འཛིན་སོགས་ལ་བདག་གཅེས་སྲུང་སྐྱོབ་དང་མི་ཉམས་རྒྱུན་འཛིན་ཐོག་རྒྱབ་སྐྱོར་ཤུགས་ཆེན་གནང་གི་ཡོད་པ་དང་། བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་དགོས་སྐོར་བསྐྱར་དུ་ནན་བརྗོད་གནང་སོང་ཟེར་ན་ག་རེ་ལབ་ཀྱི་ཡོད་ན།

    Reply
  10. Tenzinpasang says:
    ལོ་ 12 སྔོན།

    ཨ་རིའི་སྲིད་འཛིན་མཆོག་གི་ཁ་ཇེ་གསལ་དང་གཏིང་ཇེ་ནག་རེད། སྐབས་སྔོན་མར་བོད་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་པ་རེད། ད་རེས་བོད་རང་བཙན་ལ་རྒྱབ་སྐྱོར་མེད་ཚུལ་བརྗོད་འདུག རིམ་གྱིས་བོད་ཀྱི་གནད་དོན་ཟེར་བ་ཞིག་མེད་ལབ་སྲིད་པའི་ཉེན་ཁ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese