མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རིམ་འཕར་དམངས་གཙོའི་ལམ་བུ།

བོད་ཀྱི་དུས་བབ།
༢༠༡༤/༠༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༡༨ སྟེང་གི་རྩོམ་སྒྲིག་པའི་གཏམ།

   བོད་རང་བཙན་ཟེར་བ་དུས་ཀྱི་བསྐལ་བ་དང་། དབུ་མའི་ལམ་ཟེར་བ་ཡུལ་གྱི་བསྐལ་བ། བདེན་པའི་ཨུ་ཚུགས་དངོས་པོའི་བསྐལ་བ་སྟེ། བསྐལ་དོན་གསུམ་གྱི་ངོ་བོར་འགྱུར་བཞིན་པའི་བོད་དོན་དེ་སྤྱང་ཚོགས་ཁྲོད་ཀྱི་ལྤགས་ཧྲལ་ལྟར། ཆབ་སྲིད་པ་ཚོས་ཁེ་བཟང་ཡོད་དུས་ཡར་བཏེགས་ནས་མགོ་ལ་འཁུར། ཁེ་ཕན་མེད་སྐབས་མར་གཡུགས་ནས་ས་ལ་བརྡབ། བོད་དོན་འཐབ་རྩོད་འདི་ལྟར་ཕྱིན་ན་འགྲུབ་འབྲས་རི་བོང་གི་ར་དང་། རུས་སྦལ་གྱི་སྤུ། གནམ་མཁའ་ཡི་པད་མོ་ཡིན།

   བསྐལ་དོན་གསུམ་ཟེར་བ་ཚིག་མཛོད་དང་གྲུབ་མཐའི་གཞུང་སོགས་སུ། བར་དུ་ཆོད་པའི་དབང་གིས་ལག་ཏུ་འཐོབ་དགའ་བའམ་རྒྱང་ཐག་རིང་བའི་དབང་གིས་ནང་དོན་རྟོགས་དཀའ་བ། ཞེས་འགྲེལ་འདུག་པ་ལྟར་ཁ་སང་དེ་རིང་གི་བོད་དོན་རྩོད་ཕྱོགས་དེ་དཔེ་འདི་ལ་སྦྱར་ན་ཏག་ཏག་འཇུག་པོ་དང་འཕྲོད་པོ་འདུག 

    དབུ་མའི་ལམ་ལ་དམིགས་ཡུལ་མེད་རབ་དང་བོད་རང་བཙན་ལ་གྲུབ་འབྲས་མེད་སྐོར། བདེན་པའི་ཨུ་ཚུགས་ལ་ཉེན་ཁ་ཆེ་ཚུལ་བཤད་དེ། རང་ཉིད་ཐོ་གང་མདུན་དུ་བསྐྱོད་ཐབས་ལ་བསམ་བློ་མི་གཏོང་བར། གཞན་པའི་རྐང་པ་འདོམ་གང་མར་འཐེན་ཐབས་ལ་འབད་བརྩོན་བྱས་ཏེ། ཡར་བསྟོད་མར་ཐེན་ནང་འཛིང་གིས་ཉི་མ་བཏང་སྟེ་ལོ་ཟླ་སྐྱེལ་འདུག་རྒྱུ་ལས། བོད་ཕྱི་ནང་གཉིས་ནས་ཉི་མ་རེ་རེ་དང་གོམ་པ་རེ་རེ་མདུན་དུ་བསྐྱོད་ཐབས་ཀྱི་ཧྲག་བར་བཙལ་ནས་ལམ་ཁ་བཟོ་དགོས། 

    འདས་པའི་ལོ་ལྔ་དྲུག་ཚུན་ལ་བོད་ས་སྟོད་སྨད་བར་གསུམ་དུ་བོད་ཡིག་བོད་སྐད་ལ་བདག་གཅེས་དང་ཁོར་ཡུག་སྲུང་སྐྱོབ། འཕྲོད་བསྟེན་སློབ་གསོ། བོད་རིགས་ནང་ཁུལ་རང་འགན་རང་འཁུར་དང་རང་དོན་རང་གཅེས་ཀྱི་བསམ་བློ་གསར་པ་ཞིག་དབུ་ཚུགས་ཏེ། གྲོང་ཁྱེར་གྲོང་གསེབ་མེད་པར་ལས་འགུལ་ཆེ་ཆུང་སྨྱུ་གུ་འབུས་ནས་འདབ་ལག་རྒྱས་བཞིན་འདུག དེ་བཞིན། ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས། ས་ཁུལ་སོ་སོའི་སྒྲིག་ཡིག་དང་སྲོལ་ཡིག་སོགས་སུ་གང་ཞིག་འཁོད་པ་ལག་ལེན་དང་། མ་འཁོད་པ་ཞུ་སྐུལ་དང་གྲོས་བསྡུར་བརྒྱུད་རྩོད་ལེན་བྱས་ཏེ་རིམ་འཕར་དམངས་གཙོའི་ལམ་དུ་བསྐྱོད་ཐུབ་ལ་འབད་དགོས།

   རྒྱ་ནག་དམར་ཤོག་གི་དབང་བསྒྱུར་འོག་ཏུ་འཛམ་གླིང་སྤྱི་སྲོལ་གྱི་དམངས་གཙོའི་ཁྲིམས་སྒྲིག་སྣ་གཅིག་མཐོང་རྒྱུ་མེད་ཀྱང་། དབུས་གཞུང་གི་བསླུ་བྲིད་ཅིག་གམ་ས་གནས་ཀྱི་འགྲོ་སྟངས་གང་ཡིན་ཆ་མ་འཚལ་ཡང་། བོད་པའི་གྲོང་གསེབ་ཁུལ་དུ་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་། མི་རིགས་ཐོབ་ཐང་རྩོད་ལེན། དམངས་གཙོའི་ལམ་ལུགས་ལག་ལེན་བསྟར་སའི་ལམ་ཁ་དོག་པོ་ཞིག་མངོན་གསལ་མིན་པའི་ཚུལ་དུ་ལྷག་ཡོད། ལམ་ཁ་དེར་དངོས་སུ་གོམ་པ་རེ་རེ་འཇུག་བཞིན་པའི་ས་གནས་རེ་ཟུང་མདོ་དབུས་ཁམས་གསུམ་ནང་ཡོད་པ་མཐོང་ཐོས་འདུག

    བོད་མདོ་སྨད་ཕྱོགས་སུ། སྡེ་བ་རེ་ལ་སྡེ་དཔོན་རེ་དང་། སྡེ་དཔོན་ལྔ་དྲུག་རེར་མགོ་བསྒྲིལ་སྡེ་དཔོན་ཆེ་བ་རེ། སྡེ་དཔོན་ཆེ་བ་དག་གི་སྒང་ན་ཞང་སྲིད་གཞུང་ཡོད། སྡེ་དཔོན་དེ་དག་ལོ་གསུམ་དང་ལྔ་རེའི་མཚམས་སུ་སྡེ་བའི་ཁྱིམ་བདག་ཚོས་མང་མོས་སྤྱི་མོས་ཐོག་བསྐོ་བཞག་བྱ་དགོས། སྡེ་དཔོན་ཆེ་བའི་མི་འགྲོ་དམར་ཤོག་ཚོགས་པའི་ཚོགས་མི་ཡིན་དགོས་ཤིང་། ཁོང་ཅག་འདེམ་བསྐོ་བྱེད་མཁན་ཡང་ས་གནས་དེ་གའི་དམར་ཤོག་ཚོགས་པའི་ཚོགས་མི་དག་ཡིན་དགོས་ཀྱང། ཞང་ངམ་ཡུལ་འཚོ་གཅིག་གི་འོག་ཏུ། སྡེ་དཔོན་ཆེ་བ་བདུན་བརྒྱད་རེ་ཡོད་ལ། སྡེ་དཔོན་ཆེ་བ་དག་ལ་འཇོན་ནུས་དང་རང་ཚུགས་བརྟན་པོ་ཡོད་ན་ཡུལ་ཚོའི་སྲིད་གཞུང་གི་ལས་དོན་ཐོག་ནུས་པ་གང་འཚམ་འདོན་ཐུབ་པ་མ་ཟད། ཡུལ་ཚོའི་མགོ་ཁྲིད་ཀྱང་སྡེ་དཔོན་ཆེ་བ་དག་གིས་འོས་འདེམས་བྱེད་པའི་ལམ་ཁ་ཀྱག་ཀྱོག་ཅིག་མངོན་ཆུང་གིས་ང་ཚོར་ལྷག་ཡོད་སྟབས། རིམ་འཕར་དམངས་གཙོའི་གོམ་པ་དང་པོ་ལམ་འདི་ནས་སྤོ་དགོས་སོ།།

འབྲེལ་ཡོད་གསར་འགྱུར།

པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

ཆུ་ཚོད་ ༡ སྔོན་ལ།
ཧྭང་ཆི་ཧྥན།(གཡོན།) ལི་ཀྲན་ཧྲའོ།(དཀྱིལ།) ལི་ཀྲན་ཧྲའོ་ཡི་བུ་མོ་ལི་ཆིན་ཤེན།(གཡས།)
Mobile App

རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་བ་ཧྭང་ཆི་ཧྥན་ལ་ཞིབ་བཤེར་བྱེད་ཀྱི་འདུག

ཆུ་ཚོད་ ༢༠ སྔོན་ལ།
Mobile App

ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བཀའ་དྲུང་གི་ལས་ཁུར་དབུ་འཛུགས་ཞུས།

ཆུ་ཚོད་ ༢༡ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།

༢༠༢༦/༡༠/༡༣
Mobile App

རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཀྲང་ཡེ་ཡི་ནང་མིར་འཇིགས་སྐུལ་བྱས།

༢༠༢༦/༡༠/༡༣
བལ་ཡོད་ས་མཚམས་ཙུམ་ནུབ་རི་སྒའུ་པ་ལི་རུ་ཆུ་ལོག་བྱུང་བ།
Mobile App

བལ་བོད་མཐའ་མཚམས་བཙུམ་ནུབ་རི་སྒའུ་པཱ་ལི་རུ་ཆུ་ལོག་བྱུང་བ།

༢༠༢༦/༡༠/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese