མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀྲ་ཤིས་ཚེ་རིང་རང་ཤི་བརྒྱབས་འདུག

བོད་ཀྱི་དུས་བབ།
༢༠༡༤/༠༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཆབ་མདོ་སྨར་ཁམས་ཕྱོཊ་ཀྱི་བོད་མི་བཀྲ་ཤིས་ཚེ་རིང་ཞུ་བ་ཞིག་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱེད་སྐབས་རང་ཤི་བརྒྱབས་འདུག

ཟླ་འདིའི་ཚེས་ ༢༠ ཉིན་རྒྱ་ནག་གཞུང་གིས་ཆབ་མདོ་ཁུལ་སྨར་ཁམས་རྫོང་གི་བོད་མི་བཀྲ་ཤིས་ཚེ་རིང་ཞུ་བ་ཞིག ༢༠༠༨ ལོའི་ས་གནས་ཀྱི་ཞི་རྒོལ་ཁྲོད་མཉམ་ཞུཊ་གནང་ཡོད་པའི་ཉེས་མིང་འོག་འཛིན་བཟུང་བྱེད་སྐབས། ཁོང་གིས་སོ་སོའི་ལུས་པོར་བཏགས་ཡོད་པའི་གྲི་བླངས་ཏེ་སོ་སོར་བརྒྱབས་རྗེས་གྲོངས་ཡོད་འདུག

རྒྱ་གར་ལྷོ་ཕྱོཊ་འབྲས་སྤུངས་དགོན་པའི་གྲྭ་བློ་བཟང་ལགས་ཀྱིས་གསར་ལམ་དུ་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། བོད་མི་བཀྲ་ཤིས་ཚེ་རིང་ལགས་ད་ལྟ་རང་ལོ་ ༢༨ ཡིན་པ་དང་། ཁོང་སྨར་ཁམས་རྫོང་ཀ་ཐོག་གྲོང་རྡལ་ལྕགས་ཐག་སྡེ་བ་ནས་ཡིན་འདུག ༢༠༠༨ ལོར་རྒྱ་ནག་གཞུང་གིས་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ས་གནས་ཀྱི་ཞི་རྒོལ་སྐབས་སྲིད་གཞུང་གི་སྒོ་བྱང་གཡུགས་ཡོད་ཚུལ་དང་། སྨར་ཁམས་རྫོང་གི་གྲྭ་བ་ ༡༢ ས་གནས་ཀྱི་འགད་རྫས་གས་གཏོར་གྱི་དོན་རྐྱེན་དང་ངོ་རྒོལ་ཟིང་འཁྲུག་སྐུལ་སློང་བྱེད་མཁན་ཡིན་ཚུལ་སོགས་བཤད་དེ་འཛིན་བཟུང་བཀའ་བརྒྱབ་བཀྲམས་ཡོད་འདུག  ཕྱིས་སུ་གྲྭ་བ་ཚོ་འཛིན་བཟུང་གིས་འདྲི་གཅོད་བྱས་ཡོད་ཀྱང་། བཀྲ་ཤིས་ཚེ་རིང་ལགས་སྐབས་དེ་ནས་བཟུང་བྲོས་བྱོལ་བྱས་ཡོད་པ་དང་། ཉེ་ལམ་རྒྱ་གཞུང་གིས་ཁོང་འཛིན་བཟུང་བྱེད་རྩིས་བྱེད་སྐབས། ཁོང་གིས་ཉེན་རྟོག་པའི་མདུན་དུ་རང་གི་ལུས་སྟེང་དུ་བཏགས་ཡོད་པའི་གྲི་བླངས་ཏེ་སོ་སོར་བརྒྱབས་རྗེས་ཉིན་དེར་གྲོངས་ཡོད་འདུག

བཀྲ་ཤིས་ཚེ་རིང་ལགས་ཀྱི་གནས་ཚུལ་མ་བྱུང་བའི་ཉིན་སྔའི་ཡར་སྔོན་སྟེ། ཟླ་འདིའི་ཚེས་ ༡༥ ཉིན་རྒྱ་གཞུང་གིས་ཆབ་མདོ་ཁུལ་སྨར་ཁམས་རྫོང་ཀ་ཐོག་གྲོང་རྡལ་མཁན་པ་ལུགས་དགོན་པའི་གྲྭ་བ་ ༢༠ ཡས་མས་ཤིག་འཛིན་བཟུང་གིས་ཉིན་ཤས་རིང་འདྲ་བརྩད་བྱས་ཡོད་འདུག་ལ། ཕྱི་ཚེས་ ༢༡ ཉིན་ས་གནས་རྫོང་དང་གྲོང་རྡལ་གྱི་མགོ་ཁྲིད་ཚོས་རེ་སྐུལ་ལྟར་ཀློད་གྲོལ་བཏང་ཡོད་འདུག་མོད། ས་གནས་བོད་མི་ཁག་ཅིག་གིས་རྒྱ་གཞུང་གིས་གྲྭ་བ་དེ་དག་འཛིན་བཟུང་བྱེད་དོན། ཁོང་ཚོས་སྐད་འཕྲིན་ (wechat) བརྒྱུད་༧གོང་ས་མཆོག་གི་སྐུ་པར་དང་བོད་དོན་དང་འབྲེལ་བའི་གནས་ཚུལ་མཁོ་གཏོང་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་པ་དང་། ཡང་བོད་མི་ཁག་ཅིག་གིས་རྒྱ་གཞུང་གིས་ ༢༠༠༨ ལོའི་ས་གནས་ཀྱི་ཞི་རྒོལ་ཁྲོད་མཉམ་ཞུགས་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་སྐོར་བརྗོད་ཀྱི་ཡོད་འདུག

གྲྭ་བློ་བཟང་ལགས་ཀྱིས་བརྗོད་པ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་སྨར་ཁམས་ས་གནས་སུ་དམག་མི་དང་ཉེན་རྟོག་པ་འགྲེམས་འཇོག་གིས་དམ་དྲག་བྱེད་ཀྱིན་པར་མ་ཟད། དམིགས་བསལ་རྒྱ་གར་དང་ཕྱི་རྒྱལ་དུ་ཉེ་འབྲེལ་ཡོད་མཁན་ཚོར་ལྟ་རྟོག་བྱས་ཏེ། རྒྱ་གར་ནས་ཁ་པར་སོགས་ཡོང་ཚེ་ནང་མི་ཉེན་རྟོག་ལས་ཁུང་དུ་སྐད་བཏང་སྟེ་འདྲི་གཅོད་དང་ཉེས་ཆད་སོགས་གཅོད་ཀྱི་ཡོད་པ་དང་། རྗེས་ཕྱོགས་ཁ་པར་སོགས་ཀྱི་ལམ་ནས་འབྲེལ་བ་མི་བྱེད་པའི་ཁས་ལེན་མཚན་རྟགས་སོགས་བཀོད་འཇུག་གི་ཡོད་པ་སོགས་ས་གནས་བོད་མི་ཚོར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

མ་རྩོམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ།

ཆུ་ཚོད་ ༣ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་འཚོག་མགོ་བཙུགས།

ཆུ་ཚོད་ ༤ སྔོན་ལ།
རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་འགན་འཛིན་གཞོན་པ་ཀྲང་ཡུ་ཤཱ་ང་དབུས་དམག་དོན་མཉམ་འབྲེལ་སློབ་སྟོན་ཁང་གི་འགན་འཛིན་ལུའུ་ཀྲིན་ལི་གཉིས།
Mobile App

རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་དམག་དཔོན་གཉིས་ཕྱིར་ཕུད་བྱས། 

ཆུ་ཚོད་ ༤ སྔོན་ལ།
TTT
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་དང་འབྲེལ་ནས་བོད་ནང་ནས་མི་བཅུ་ལ་ཉེས་ཆད་བཅད་ཡོད་ཟེར།

ཆུ་ཚོད་ ༤ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
Mobile App

བལ་གཞུང་གིས་བཀག་སྡོམ་བྱས་པའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་བདུན་པ་དྲ་ལམ་དུ་འཚོགས་འདུག

༢༠༢༦/༠༨/༢༩
མ་རྩོམ་ཐོག་འཁོད་པའི་རྩོམ་པ་པོའི་པར།
Mobile App

ཞི་ཅིན་ཕིང་གི་དུས་སྐབས་ཀྱི་བོད་ནང་གི་གཉའ་གནོན་ནི་མུན་ནག་གི་ས་མཚམས་ཤིག་ཡིན།

༢༠༢༦/༠༨/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese