མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་མི་རིགས་ཀྱི་ལ་རྒྱ་ཞེན་ཁོག་མ་བརྗེད་པ་བྱོས།

བོད་ཀྱི་དུས་བབ།
༢༠༡༤/༠༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༢༣ ཉིན་༧གོང་ས་མཆོག་ཨ་རིའི་ཁ་ལེ་ཧྥི་ནི་ཡའི་རེ་ཆི་མོན་ཊི་ (Richmond) གྲོང་ཁྱེར་དུ་བོད་རིགས་སྤྱི་མཐུན་ཚོགས་པའི་སྤྱི་ཁང་སྡེ་བཞི་ཕུན་ཚོགས་གླིང་ལ་རབ་གནས་དང་འབྲེལ་ས་གནས་བོད་མི་ཚོར་བཀའ་སློབ་གནང་སྟེ། ད་ཆ་ང་ཚོ་བཙན་བྱོལ་བ་ཆགས་ཏེ་ལོ་ ༥༥ འགྲོ་བཞིན་ཡོད་པ་དང་། སྐབས་དེ་དུས་ཡོད་པའི་མི་རབས་ཚོ་ད་ལྟ་རྒན་པ་ཆཊ་ཡོད་པ་དང་། ད་ཆར་ཡོད་པའི་གཞོན་སྐྱེས་མང་པོ་ཞིག་ང་ཚོ་བཙན་བྱོལ་བ་ཆགས་རྗེས་སུ་སྐྱེས་པའི་ཕྲུ་གུ་ཡིན་ཡང་། དེ་རིང་ཁ་སང་ཕ་མ་ཆ་ཆགས་ཏེ་ང་ཚོ་མི་རབས་གཉིས་གསུམ་འགྲོ་ཡི་ཡོད་པ་དང་། མི་ཞིག་གི་མི་ཚེའི་ངོས་ནས་དུས་ཡུན་རིང་པོ་ཡིན་ཡང་། མི་རིགས་ཤིག་གི་འཐབ་རྩོད་ཀྱི་ངོས་ནས་མི་རབས་ནས་མི་རབས་སུ་འཐབ་རྩོད་བྱེད་དགོས་པ་དང་། ལྷག་པར་དུ་འདས་པའི་དུས་ཡུན་ནང་གཞི་ལུས་རྒྱ་ཆེའི་མི་མང་དཀའ་ངལ་དཔག་ཏུ་མེད་པའི་འོག་གནས་ཡོད་ཀྱང་། ཁོང་ཚོས་སོ་སོའི་མི་རིགས་ཀྱི་སེམས་ཤུགས་དང་ཆོས་དང་རིག་གཞུང་ལ་དགའ་ཞེན་ཆེན་པོ་གནང་བར་བསྔཊ་བརྗོད་གནང་ཡོད་འདུག

༧གོང་ས་མཆོག་གིས། ང་ཚོ་བཙན་བྱོལ་བ་ཆིག་འབུམ་ལྔ་ཁྲི་ལྷག་ཙམ་ཡོད་པ་དེ་དག་བོད་རྒྱ་ཆེའི་མི་མང་གི་ཆ་ཤས་ཤིག་ཆགས་ཡོད། དེ་གཉིས་ལ་ཁྱད་པ་གང་ཡོད་དམ་བརྗོད་ན། གཞིས་ལུས་རྒྱ་ཆེའི་མི་མང་ལ་རང་དབང་མེད། ང་ཚོ་བཙན་བྱོལ་དུ་ཡོད་པ་རྣམས་རང་དབང་ལུང་པར་བསླེབས་ཡོད། གཞིས་ལུས་རྒྱ་ཆེའི་མི་མང་གིས་བཙན་བྱོལ་རང་དབང་ལུང་པར་ཡོད་པའི་བོད་མི་ཚོས་བོད་ཀྱི་བདེན་དོན་མ་བརྗེད་པར་གནས་ཡོད་བསམ་པ་ཞིག་དང་། དེ་གསལ་རྒྱུར་འབད་བརྩོན་བྱེད་ཀྱི་རེད་བསམ་པའི་ཡིད་ཆེས་དང་རེ་བ་རྒྱག་གི་ཡོད་སྟབས། ང་ཚོ་རང་དབང་ལུང་པར་ཡོད་མཁན་ཚོས་འཕྲལ་སེལ་སོ་སོའི་ཁྱིམ་ཚང་མགོ་ཐོན་ཙམ་ཞིག་ལ་བསམ་བློ་བཏང་ན་འགྲིག་གི་མེད། རང་ཉིད་མ་འཆི་བར་བོད་པ་ཞེས་པའི་མིང་འདི་བརྗེ་ཐབས་མེད་ལ། བོད་པའི་ཤ་ཁྲག་རུས་གསུམ་དེ་ཡང་འཁྱེར་རྒྱུ་མ་གཏོགས་འཇོག་ཐབས་མེད། གཞིས་ལུས་རྒྱ་ཆེའི་མི་མང་གིས་རེ་བ་ག་འདྲ་བཅོལ་གྱི་ཡོད་པ་དང་། ལས་འགན་ག་འདྲ་ཞིག་ཡོད་པ་ངོ་ཤེས་པར་བྱས་ཏེ་བོད་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་བྱེད་རྒྱུ་མ་བརྗེད་པ་བྱོས། ཞེས་གསུངས་འདུག

ཡང་༧གོང་ས་མཆོག་གིས། ནང་ཆོས་དང་འབྲེལ་བའི་ཤེས་ཚད་ཀྱི་ཐད་ནས་བོད་མི་ཚོར་འཛམ་གླིང་འདིའི་ཐོག་ངོམས་ཆོག་པ་ཞིག་ཡོད་པ་དང་། བོད་ནང་ཕྱི་རྒྱལ་བ་ལྟ་སྐོར་ལ་འགྲོ་མཁན་དང་། རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་ཚོས་ཀྱང་བོད་པ་སེམས་བཟང་ཡག་པོ་འདུག་ཅེས་བསྟོད་བསྔགས་བྱེད་ཀྱི་ཡོད་ཀྱང་། བར་སྐབས་བོད་པའི་ནང་ཨ་རི་དང་ཡུ་རོབ། ཁེ་ན་ཌ་བཅས་སུ་ཁྲིམས་འགལ་ཐོག་འགྲོ་མཁན་ཕྲན་བུ་ཡོང་གི་ཡོད་པ་དང་། ལོ་གཅིག་གོང་འདིར་ཨ་རིའི་གཞུང་ཚབ་པ་ཞིག་དང་ཐུག་སྐབས་བར་ལམ་བོད་མི་ཕྲན་བུ་རྫུན་ཤོད་མཁན་དེ་འདྲ་བྱུང་ཡོད་པའི་ཐད་དགོངས་དག་ཅེས་བརྗོད་དགོས་ཐུག་ཡོད་སྐོར་དང་། དེའི་ཐོག་བོད་མི་ཚང་མས་གཟབ་གཟབ་གནང་རྒྱུ་གལ་ཆེན་ཡིན་སྐོར་གསུངས་འདུག

ཚེས་ ༢༢ ཉིན་༧གོང་ས་མཆོག་ཁ་ལེ་ཧྥོ་ནི་ཡ་མངའ་སྡེའི་སེན་ཧྥི་རན་སི་ཀོའི་སྒྱུ་རྩལ་ཚོགས་ཁང་དུ། ཧི་མ་ལའི་ཐེབས་རྩ་ཁང་ (American Himalayan Foundation) གིས་གསོལ་འདེབས་ཞུས་དོན་ལྟར་ཆིབས་བསྒྱུར་གནང་སྟེ། མང་ཚོགས་ ༢༤༠༠ བརྒལ་བར་༼ནང་སེམས་ཀྱི་རང་བཞིན༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་སྟེ། འཛམ་གླིང་སྟེང་གི་འགྲོ་བ་མི་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་མཁན་ཤ་སྟག་ཡིན་ཡང་། རྒྱལ་ཁབ་དང་ཁྱིམ་ཚང་། མི་སྒེར་བཅས་ལ་དཀའ་རྙོག་མང་དག་ཅིག་འཕྲད་ཀྱི་ཡོད་པ་དང་། དཀའ་ངལ་དེ་དག་ལ་གདོང་ལེན་བྱེད་པར་རང་ཉིད་ཀྱི་སེམས་ལ་ཞི་བདེ་བསྐྲུན་ཐབས་བྱེད་རྒྱུ་གལ་ཆེ་བར་མ་ཟད།ལྷག་པར་སློབ་གསོའི་ཁྱབ་ཁོངས་སུ་ཆོས་ལུགས་དང་མ་འདྲེས་པའི་ཡ་རབས་བཟང་སྤྱོད་གོང་སྤེལ་གཏོང་ཕྱོགས་སྐོར་སློབ་གྲྭ་ཁག་གི་ཤེས་ཡོན་ལམ་ལུགས་ནང་འཇུག་ཐབས་བྱེད་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་སོགས་གསུངས་འདུག

གསར་འགོད་པ། དོན་གོ

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist