མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧུའུ་ཅིན་ཐའོ་ལ་འདྲི་རྩད།

བོད་ཀྱི་དུས་བབ།
༢༠༡༤/༠༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་སི་པེན་ཆེས་མཐོའི་ཁྲིམས་ཁང་གིས་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཧུའུ་ཅིན་ཐའོ་ལ་བོད་ཀྱི་གནད་དོན་སྐོར་འདྲི་རྩད་བྱས་འདུག

ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་སི་པེན་གྱི་གསར་ཁང་ (Agencia EFE) གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་ལོའི་ལོ་མཇུག་ཏུ་སི་པེན་ཆེས་མཐོའི་ཁྲིམས་ཁང་གིས་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙེ་མེན་སོགས་མཐོ་རིམ་དཔོན་རིགས་ ༥ ཡིས། བོད་དུ་མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་ལག་བསྟར་བྱས་པའི་ནག་ཉེས་འོག་འཛིན་བཟུང་བཀའ་ཁྱབ་བཏང་ཡོད་པ་ལྟར། ཉེ་སྔོན་སི་པེན་ཆེས་མཐོའི་ཁྲིམས་ཁང་གིས་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཧུའུ་ཅིན་ཐའོ་ཡིས་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེའི་འགན་འཁུར་སྐབས། གཞི་རྒྱ་ཆེ་བའི་དྲག་གནོན་གྱི་ལས་འགུལ་སྤེལ་ཏེ་མི་རིགས་རྩ་མེད་གཏོང་བའི་སྲིད་བྱུས་ལག་བསྟར་བྱས་ཡོད་པའི་དོགས་གཞིའི་འོག འབྲེལ་ཡོད་གནད་དོན་ཁག་ ༤༨ བཏོན་ཏེ་ཧུའུ་ལ་འདྲི་རྩད་བྱས་ཡོད་འདུག

སི་པེན་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ (Smael Moreno) ལགས་ཀྱིས་ཧུའུ་ལ་བཏོན་པའི་གནད་དོན་ཁག་གི་ནང་། ཧུའུ་ཡིས་༡༩༨༨ ནས་ ༡༩༩༢ ལོའི་བར་བོད་རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེའི་འགན་འཁུར་སྐབས། དམག་མི་དང་ཉེན་རྟོག་པས་བོད་མིར་དྲག་གནོན་བྱས་ཏེ་མི་གྲངས་ ༤༥༠ དམར་གསོད་བཏང་བ་དང་། མི་ ༧༠༠༠ ལ་རྨས་སྐྱོན་ཕོག་པ། མི་ ༣༥༠ གར་སོང་ཆ་མེད། མི་ ༣༠༠༠ འཛིན་བཟུང་བཀག་ཉར་བྱས་པའི་ནག་ཉེས་དེ། ཁོ་བོའི་བཀའ་བཀོད་ལག་བསྟར་བྱས་པའི་མཇུག་འབྲས་ཡིན་པ་ཤེས་ཀྱི་ཡོད་དམ། ཞེས་དང་། ལྷ་ས་བཙོན་ཁང་དང་པོའི་ནང་བཙོན་པ་བརྒྱ་ཕྲག་ལ་མནར་གཅོད་བཏང་སྟེ་འདས་གྲོངས་སུ་བཏང་བ་དེར་ཧུའུ་ཡིས་ཆོག་མཆན་སྤྲད་ཡོད་མེད། ༡༩༩༤ ལོར་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་ ༣ པའི་ཐོག ཏཱ་ལའི་བླ་མ་ལ་ཐུག་འཕྲད་བྱེད་མཁན་ཚོ་གསར་བརྗེ་ངོ་ལོག་པ་ཡིན་པའི་གཏན་འབེབས་བྱུང་མིན། དེ་བཞིན། ཁོ་བོས་ལོ་ངོ་ ༡༠ ལྷག་གི་རིང་རྒྱ་ནག་དབུས་དམག་དོན་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཀྱི་འགན་འཁུར་སྐབས། བལ་པོ་དང་རྒྱ་གར་ལ་བྲོས་བྱོལ་དུ་འགྲོ་མཁན་གྱི་བོད་མི་ཚོ་འཛིན་བཟུང་དང་ཁྲིམས་ཆད་བཏང་བའི་གནད་དོན་དག་ཤེས་རྟོགས་བྱུང་མིན་སོགས་འདྲི་རྩད་བྱས་ཡོད་འདུག

འདས་ལོར་སི་པེན་གྱི་བཙན་བྱོལ་བོད་མིའི་ཚོགས་པ་གཉིས་དང་། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་བཅས་ཀྱིས། སི་པེན་ཁྲིམས་ཁང་ལ་ཧུའུ་ཅིན་ཐའོ་ཡིས་བོད་མི་རིགས་རྩ་མེད་གཏོང་བའི་སྲིད་བྱུས་སྤེལ་བའི་གཏུག་བཤེར་སྙན་ཞུ་ཕུལ་ཡོད་པ་ལྟར། སི་པེན་ཆེས་མཐོའི་ཁྲིམས་ཁང་གིས་དངོས་སུ་ཞིབ་བཤེར་ལག་བསྟར་བྱས་པ་ཞིག་ཡིན་ལ། བོད་དོན་ཐད་ཀྱི་ནག་ཉེས་ཞིབ་བཤེར་དེ་ཧུའུ་ཅིན་ཐའོ་གཅིག་པུར་བྱས་པ་མིན་པར་ད་ལྟའི་བར་སི་པེན་ཁྲིམས་ཁང་གིས་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ ༦ གི་ནག་ཉེས་གཏུག་བཤེར་སྙན་ཞུ་དང་ལེན་བྱས་ཡོད་འདུག ཆབ་སྲིད་དཔྱད་ཞིབ་པ་ཚོས་ཧུའུ་ཅིན་ཐའོ་དངོས་གནས་སི་པིན་ཁྲིམས་ཁང་དུ་སྐྱེལ་ཐུབ་རྒྱུ་ཁག་པོ་ཡིན་ཡང་། ད་ཆ་ཁོ་བོ་དཀའ་ངལ་མང་པོ་ཞིག་ལ་འཕྲད་དུ་བཅུག་ཡོད་སྐོར་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནང་གི་བོད་ཡིག་སྒོ་བྱང་མེད་པར་བཟོ་བཞིན་འདུག

ཆུ་ཚོད་ ༡ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

ཆུ་ཚོད་ ༤ སྔོན་ལ།
མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

༢༠༢༦/༡༠/༠༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

༢༠༢༦/༡༠/༠༥
Advertisement for App

གསར་འགོད་པའི་ས་མིག

༢༠༢༦/༡༠/༠༥
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

༢༠༢༦/༡༠/༠༥

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་ ཧུའུ་ཡིས་༡༩༨༨ ནས་ ༡༩༩༢ ལོའི་བར་བོད་རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེའི་འགན་འཁུར་སྐབས། དམག་མི་དང་ཉེན་རྟོག་པས་བོད་མིར་དྲག་གནོན་བྱས་ཏེ་མི་གྲངས་ ༤༥༠ དམར་གསོད་བཏང་བ་དང་། མི་ ༧༠༠༠ ལ་རྨས་སྐྱོན་ཕོག་པ། མི་ ༣༥༠ གར་སོང་ཆ་མེད། མི་ ༣༠༠༠ འཛིན་བཟུང་བཀག་ཉར་བྱས་པའི་ནག་ཉེས་དེ། ཁོ་བོའི་བཀའ་བཀོད་ལག་བསྟར་བྱས་པའི་མཇུག་འབྲས་ཡིན་པ་ཤེས་ཀྱི་ཡོད་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese