མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞིས་བྱེས་མཉམ་འཛོམས་མ་བྱུང་བར་ང་ལ་ལོ་གསར་མེད།

བོད་ཀྱི་དུས་བབ།
༢༠༡༤/༠༣/༠༦
Share on FacebookShare on TwitterShare on EmailShare on Whatsapp

ངྷ་ས་གཙུག་ལག་ཁང་གི་རྒྱལ་གཅེས་དཔའ་བོའི་དྲན་རྟེན་རྡོ་རིང་མདུན་དུ། ལོ་གསར་ཚེས་གཅིག་གི་ཞོགས་པ་ནས་ཆུ་ཚོད་ ༧༢ རིང་ཟས་བཅད་ཆུ་བཅད་ཀྱི་ངོ་རྒོལ་གནང་མཁན་སཱ་ར་མཐོ་སློབ་ཀྱི་སློབ་མ་བསྟན་པ་དར་རྒྱས་ལགས་ཀྱི་ལས་འགུལ་དེ་ཁ་སང་ཞོགས་པར་མཚམས་འཇོག་གནང་ཡོད་ཅིང་། ཁོའི་ལས་འགུལ་དེ་ནི་རང་ལུས་མེར་བསྲེགས་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཁྱིམ་མི་གཉེན་འབྲེལ་གྱི་གཙོས་གཞིས་ལུས་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ཡིན་འདུག

གསར་འགོད་པས་ཁ་པར་བརྒྱུད་བསྟན་པ་དར་རྒྱས་ལགས་སུ་ཁོང་གི་གཟུགས་པོའི་གནས་སྟངས་དང་དཀའ་ངལ་ཅི་འཕྲད་སྐོར་དྲིས་པར་ཁོང་གིས། གཟུགས་པོ་ཧ་ཅང་ཐང་ཆད་པ་དང་སྐད་ཆེན་པོ་གྲགས་ཐུབ་ཀྱི་མི་འདུག དེ་ནས་ནང་དགོང་ལ་དབུགས་ཀྱིས་མི་འདང་བའི་དཀའ་ངལ་ཏོག་ཙམ་འདུག་མ་གཏོགས་གཞན་པ་སྐྱོན་མི་འདུག ཟས་བཅད་ངོ་རྒོལ་གྱི་ཉིན་དང་པོ་དེར་གནམ་གཤིས་ཀྱིས་ཅུང་ཙམ་དཀའ་ངལ་འཕྲད་སོང་། དེ་ནས་ཉིན་གསུམ་པ་དེར་གཟུགས་པོ་ཧ་ཅང་ཐང་ཆད་པ་དང་མགོ་ཡིས་རང་ཚུགས་མ་ཐུབ་པར་ཉིན་གང་བོར་ཉལ་བསྡད་པ་ཡིན། དེ་མ་གཏོགས་དཀའ་ངལ་ཆེན་པོ་འཕྲད་མ་སོང་། ཐེངས་འདིའི་ཟས་བཅད་ངོ་རྒོལ་སྐབས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་གཙོས་བོད་མི་དང་ཕྱི་རྒྱལ་བ་མང་པོས་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བརྗོད་བྱུང་།

ད་རེབ་ཀྱི་ལས་འགུལ་བརྒྱུད་སྤྱི་ཚོགས་ཐོག་བོད་དོན་ཕྱིར་བསྒྲགས་ཀྱི་ནུས་པ་ཅི་ཙམ་ཐོན་ཡོད་དྲིས་པར། ང་མི་དཀྱུས་མ་ཞིག་གིས་བོད་དོན་ཐད་སྤྱི་ཚོགས་ལ་ཚོར་ཤུགས་ཆེན་པོ་སྤྲད་ཐུབ་སོང་བསམ་པ་བྱུང་། དཔེར་ན། རྒྱ་གར་གྱི་ཚགས་ཤོག་ཁྱབ་ཆེ་ཤོས་རྒྱ་གར་དུས་བབ་སོགས་གསར་འགྱུར་བརྒྱུད་ལམ་ཁག་མང་པོ་ཞིག་ཏུ་བསླེབས་འདུག་ལ། ལྷག་པར་དུ་སྐད་འཕྲིན་བརྒྱུད་དེ་བོད་ནང་དུ་མང་པོ་བརྒྱུད་བསྒྲགས་བྱས་འདུག་པས། གཞིས་བཞུགས་སྤུན་ཟླ་དང་ལྷག་པར་དུ་རང་ལུས་མེར་བསྲེགས་གནང་མཁན་གྱི་ཁྱིམ་མི་གཉེན་འབྲེལ་ཚོས་མཁྱེན་རྟོགས་བྱུང་ཡོད་པའི་རེ་བ་ཡོད། ད་ཐེངས་ཕྱི་རྒྱལ་བ་སོགས་མི་མང་འདུ་འཛོམས་བྱས་པའི་གོ་སྐབས་དང་བསྟུན་ཏེ་ངས་ལོ་གསར་མི་གཏོང་དགོས་པའི་རྒྱུ་མཚན་སྐོར་གྱི་བསྒྲགས་གཏམ་ཡིག་ཆ་ ༢༠༠ ལྷག་པར་སྐྲུན་བྱས་ཏེ་བཀྲམས་པ་ཡིན། གང་ལྟར་ང་མི་ང་ཆུང་ཞིག་གིས་སྤེལ་བའི་ལས་འགུལ་འདི་ཨོ་ཙམ་བྱུང་སོང་བསམ་ནས་ང་ རང་ཡིད་ཚིམ་བསྡད་ཡོད། ཅེས་བརྗོད་བྱུང་།

ཁོང་གིས་བསྒྲགས་གཏམ་ནང་དུ་ལས་འགུལ་གྱི་དགོས་དམིགས་སོགས་བཀོད་དོན། “ མི་ལོ་ཉིས་སྟོང་མ་ཟིན་ཙམ་གྱི་ལོ་རྒྱུས་ལྡན་པའི་ དུས་ཆེན་གལ་ཆེན་འདི་མི་ཚང་རེ་རེའམ་མི་བུ་རེ་རེའི་ངོས་ནས་བརྩི་སྲུང་བྱེད་སྲོལ་ཡོད་ནའང་། སྤྱི་ལོ་ ༢༠༠༨ ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་ད་ལྟའི་བར་དུ་མི་ལོ་ལྔ་ཡི་རིང་ལ་གཞིས་ བྱེས་གཉིས་ཀྱིས་སེམས་ཀྱི་ན་གཟུ་མ་ཐེག་པར་ལོ་ནག་སྲུང་བརྩི་བྱེད་དགོས་བྱུང་བ་རེད། ཡིན་ནའང་། མི་རིགས་ཤིག་གི་སྲོལ་རྒྱུན་གྱི་རིག་གཞུང་ལ་འབྲེལ་བ་ཡོད་པའི་དུས་ཆེན་ཁྱད་པར་ཅན་དེ་འདི་ལྟར་ཉམས་རྒུད་དུ་གཏོང་ག་ལ་རུང་། རྒྱུ་མཚན་དེའི་དབང་གིས་ད་ལོ་ནས་བཟུང་སྟེ་ཁུ་སིམ་སིམ་གྱིས་སྲོལ་རྒྱུན་དེ་ལྟར་སླར་གསོ་བྱེད་མགོ་བཙུགས་ཡོད་པ་འདྲ། དེ་ནི་འོས་ཤིང་འཚམ་པའི་བྱེད་སྟངས་མ་ནོར་བ་ཞིག་རེད་འདུག་སྙམ་པའི་ཚོར་སྣང་དང་བཅས་ཏེ་གུས་བརྩི་ཞུ་བཞིན་ཡོད། སྤྱི་ལོ་ ༡༩༩༨ ནས་ད་ལྟའི་བར་དུ་བོད་ཕྱི་ནང་གཉིས་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་བརྒྱ་དང་སུམ་ཅུ་ལྷག་གིས་རང་ལུས་མེར་བསྲེགས་བཏང་བ་འདི་ནི་ཆེས་ཚད་མཐོ་བའི་སྨྲ་བསམ་བརྗོད་འདས་ཀྱི་ལས་འགུལ་ཞིག་ཡིན་ལ། འགྲོ་བ་མིའི་རིགས་བྱུང་བ་ནས་དེ་རིང་བར་དུ་ས་ཆེན་གོ་ལ་འདིའི་སྟེང་དུ་བྱུང་མ་མྱོང་བའི་ལས་འགུལ་ཞིག་ཀྱང་ཡིན་པ་རེད་མོད། སྒེར་གཅོད་རང་ལུགས་པའི་དབང་སྒྱུར་བ་དག་ལ་ཚོར་བ་གང་ཡང་མེད་པའི་མངོན་གསལ་གྱི་རྣམ་འགྱུར་དེ་ལས། ང་ཚོས་རྟོགས་ཐུབ་པ་ཞིག་ནི་མཚོན་བྱེད་གསུམ་ཅན་གྱི་ལས་འགུལ་གྱིས་རྒྱ་ནག་དམར་པོའི་གཞུང་ལ་གཡོ་འགུལ་གང་ཡང་གཏོང་མི་ཐུབ་པ་དེ་རེད་འདུག་སྙམ། འོན་ཀྱང་འཚེ་མེད་ཞི་བའི་ལས་འགུལ་གྱི་ཆ་ཤས་མང་པོ་ཞིག་མཚོན་བྱེད་ཅན་གྱི་ལས་ འགུལ་ཡིན་ཙ་ན་སྣང་མེད་དུ་འཇོག་ག་ལ་རུང་། དེ་ལྟར་བསམས་ནས་བདག་གིས་ད་ལོ་ནས་བཟུང་སྟེ་བོད་གཞིས་བྱེས་མཉམ་འཛོམས་མ་བྱུང་ བར་དུ་ལོ་གསར་ཡོད་ཚད་མྱ་ངན་གྱིས་བསུ་རྒྱུའི་དམ་བཅའ་བྱེད་ཀྱིན་ཡོད། སྤྲོ་སྐྱིད་ལྡན་པའི་དུས་ཚིགས་ཁྱད་པར་ཅན་ཞིག་ཅིའི་ཕྱིར་འདི་ལྟར་མྱ་ངན་ལ་ བསྒྱུར་དགོས་སོང་བ་རེད། དེ་ནི་རྒྱལ་ཁབ་བཙན་གྱིས་ཕྲོགས་པར་སྙིང་ནད་དྲག་ཏུ་འབར་བས་ཡིན་ལ། སྤུན་ཟླ་དམར་གསོད་བྱས་པའི་ཤ་འཁོན་སེམས་ན་ཡོད་པས་ཡིན། མ་ཟད་དགྲ་བོའི་གཉའ་གནོན་འོག་གི་སྡུག་བསྔལ་བཟོད་ཐབས་བྲལ་བས་ཡིན། འདི་དག་ནི་ངའི་སྤྲོ་སྐྱིད་ཀྱི་ཉི་མ་ཕྲོགས་པའི་གཤེད་མ་དངོས་དེ་ཡིན། ”ཞེས་དང་།

ཡང་ ཁོང་གིས་མུ་མཐུད་དུ། “སྤྱིར་བོད་མི་ཞིག་ཡིན་པ་ཙམ་གྱིས་འགན་འཁྲི་ཉག་གཅིག་ཡོད་པ་དེ་ནི་ད་ལྟའི་བོད་ པ་ཚང་གི་གནས་སྟངས་བརྗེད་མི་རུང་བ་དང་། རང་ནུས་གང་ལྕོགས་ཀྱིས་ཐབས་ལམ་སྣ་ཚོགས་ལ་བརྟེན་ཏེ་རྒྱལ་ཁབ་སྐྱོབ་ཐབས་ལ་འབད་ རྒྱུ་དེ་ནི་མེད་དུ་མི་རུང་བའི་འོས་འགན་ཞིག་ཡིན། བདག་ལ་མཚོན་ན་དེང་སྐབས་སློབ་མའི་མིང་ཐོག་ཏུ་བསྡད་ཡོད་སྟབས་ནམ་རྒྱུན་གདུང་སེམས་མཉམ་བསྐྱེད་དང་། བོད་དོན་དྲིལ་བསྒྲགས་སོགས་ཀྱི་ལས་གཞི་འདྲ་མིན་ནང་མཉམ་ཞུགས་ཀྱི་ཁོམ་ལོང་ཡང་མ་མཆིས། ད་ཐེངས་ལོ་གསར་གུང་སེང་དང་སྟབས་བསྟུན་ཏེ་ང་དང་ངའི་མི་རིགས་ཀྱི་ཆེད་དུ། ང་དང་ངའི་རྒྱལ་ཁབ་ཀྱི་ཆེད་དུ། གཅེས་པའི་ལུས་སྲོག་གཏོང་མཁན་གྱི་དཔའ་བོ་དཔའ་མོ་ཚོའི་ཕ་མ་དང་། བཟའ་ཟླ། བུ་ཕྲུག གཉེན་ཉེ་སོགས་ལ་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་དུ་ཆུ་ཚོད་ ༧༢ རིང་ཟས་བཅད་ཆུ་བཅད་ཀྱི་མྱ་ངན་བྱ་རྒྱུ་ཐག་གཅོད་བྱས་པ་ཡིན། འདི་ཡང་ང་རང་བོད་པ་ཞིག་ཡིན་པའི་རྒྱུ་མཚན་གྱིས་ཅི་བྱ་གཏོལ་མེད་དུ་གྱུར་ནས་བྱས་པ་ཞིག་ལས་གཞན་འདི་ལ་ནུས་པ་གང་ཡང་མེད་མོད། དེ་ལྟ་ནའང་། ངས་གདུང་སེམས་མཉམ་བསྐྱེད་བྱེད་ས་དེ་ཚོས་བཙན་བྱོལ་བོད་མི་ཞིག་གིས་འདི་ལྟར་སྐྱབས་བཅོལ་ནས་ལོ་གསར་གཏོང་རྒྱུ་གཏན་ནས་དོར་ཏེ། གདུང་སེམས་མཉམ་བསྐྱེད་བྱེད་ཀྱིན་ཡོད་པ་ཤེས་སོང་ན་ང་ལ་དེས་ཆོག ” ཅེས་བཀོད་འདུག

གསར་འགོད་པ། པདྨ་མཚོ།

 

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

ཆུ་ཚོད་ ༢༡ སྔོན་ལ།
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese