མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིས་འགྱོད་བཤགས་བྱེད་དགོས་བའི་བོད་དོན།

བོད་ཀྱི་དུས་བབ།
༢༠༡༤/༠༣/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཆོས་ལྡན་འབུམ།

“བོད་དོན”་དང་འབྲེལ་བའི་སྐོར་ལ། ཆེད་མཁས་པ་ཁ་ཤས་ཀྱིས་ “དེ་ནི་བོད་ཀྱི་གནད་དོན་མ་ཡིན་པར་རྒྱ་ནག་གི་གནད་དོན་རེད” ཅེས་གླེང་གི་ཡོད། འོན་ཀྱང་། དེའི་བྱེ་བྲག་གི་བྱུང་རྐྱེན་ལ་དཔྱད་པ་བཏང་ཚེ་དེའི་ངོ་བོ་ལ་རིགས་མི་འདྲ་བ་གསུམ་ཡོད་པ་ཤེས་ཐུབ།

 ༡༽བོད་མི་རང་ཉིད་ཀྱིས་བཟོས་བའི་རྐྱེན།

འདི་ལ་ “རང་བཟོས་འགལ་རྐྱེན” དང་། དེས་བཟོས་བའི་སྡུག་བསྔལ་ལ་ “རང་བཟོས་སྡུག་བསྔལ” ཞེས་ཟེར།

དུས་རབས་ ༢༠ ལོ་རབས་ ༡༠ བའི་ནང་ནས་བཟུང་བོད་མིའི་༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་ (༡༨༧༦~༡༩༣༣) མཆོག་གིས་རྒྱལ་སྲུང་དང་སློབ་གསོ། བཟོ་ལས་སོགས་དང་འབྲེལ་བའི་དེང་རབས་ཅན་གྱི་སྲིད་ཇུས་ལག་བསྟར་བྱེད་མགོ་བརྩམས་ཡོད། འོན་ཀྱང་། དེ་ནི་ “བོད་ནི་བོད་ཀྱི་སྲུང་མས་སྲུང་གི་ཡིན” ཞེས་དང་།  “ནུབ་ཕྱོགས་རིག་གནས་ཀྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་གཏོར་བརླག་ཐེབས་ངེས་ཡིན” ཞེས་དབང་ཡོད་དཔོན་རིགས་དང་སྐུ་དྲག་ཚོའི་རྒྱབ་སྐྱོར་མ་ཐོབ་པར་མཇུག་སྐྱོང་ཐུབ་མེད།

ད་དུང་༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་མཆོག་དགོངས་པ་མ་རྫོགས་པའི་ལོ་གཅིག་གི་ཡར་སྔོན་ཏེ་ ༡༩༣༢ ལོར། “མ་འགྱངས་བར་གུང་ཁྲན་རིང་ལུགས་པ་ང་ཚོའི་ནང་ལ་འཛུལ་ཡོང་གི་རེད། ང་ཚོས་རང་ཉིད་ཀྱིས་རྒྱལ་སྲུང་གི་ཆོད་སེམས་འཇོག་དགོས། གལ་ཏེ་དེ་ལྟར་མ་བྱས་ན་གྲྭ་བའི་ཚེ་སྲོག་དང་དགོན་པ། ཆོས་སོགས་ལ་འཕྲོག་བཅོམ་ཐེབས་སྲིད་ལ། བོད་མིའི་རང་དབང་དང་རྒྱུ་ནོར་ལའང་འཕྲོག་བཅོམ་ཐེབས་སྲིད། སྐབས་དེར་ང་ཚོ་བཙན་འཛུལ་བའི་བྲན་གཡོག་ལ་གྱུར་ཏེ་སྤྲང་བོ་ལྟར་ཐམས་ཅད་ཤོར་ཞིང་འཁྱམ་པོ་ལྡོམ་པོར་ཆགས་སྲིད”[1] ཅེས་ཉེན་བརྡ་བཏང་ཡོད་ནའང་། སྐབས་དེའི་བོད་གཞུང་གི་དཔོན་རིགས་དང་སྐུ་དྲག་དབང་ཅན་ཚོས་དོ་སྣང་བྱས་མེད། དེ་ནི་བློ་ཕམ་པ་ཞིག་རེད།

དེ་ལས་ཀྱང་བློ་ཕམ་པ་ཞིག་ནི་རྒྱ་གར་གཞུང་གི་ཉེན་བརྡ་སྣང་མེད་བཏང་ཡོད་པ་དེ་ཡིན། ༧གོང་ས་སྐྱབས་མགོན་རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་གིས་གསུངས་དོན། “ ཕར་ཆེར་ ༡༩༤༨ ལོར་རྒྱ་གར་གཞུང་གིས་བོད་གཞུང་ལ་ ‘དེང་སྐབས་རྒྱ་ནག་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་པ་དེས་བོད་ལ་ཉེན་ཁ་ཡོད་པས། ཁྱེད་རང་ཚོར་འཆར་གཞི་ག་རེ་ཡོད’ ཅེས་ཉེན་བརྡ་ཞིག་བཏང་ཡོད་ནའང་། དེ་དུས་བོད་གཞུང་གི་བཀའ་ཤག་གིས་ ‘ང་ཚོའི་ངོས་ནས་ཉེན་ཁ་གང་ཡང་མཐོང་གི་མི་འདུག’ ཅེས་ལན་སྤྲད་ཡོད་པ་རེད” ཟེར།

དེ་ལྟར་སྐབས་དེའི་བོད་གཞུང་གིས་སྐབས་དེའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་པའི་གནས་ཚུལ་དེར་དོ་སྣང་མ་བྱས་པར་བརྟེན། བོད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགྱུར་ལྡོག་གི་རྗེས་མ་ཟིན་པར་རྒྱ་ནག་གི་བཙན་འོག་ཏུ་ཚུད་པ་རེད།

དེ་བས། ད་ལྟ་བོད་མི་ཚོས་རྒྱ་ནག་གི་དབང་འོག་ན་སྡུག་བསྔལ་མྱངས་དང་མྱོང་གི་ཡོད་པའི་གནས་ཚུལ་གྱི་རྒྱབ་ལོགས་ན་བོད་མི་རང་ཉིད་ཀྱིས་བཟོས་བའི་རྒྱུ་རྐྱེན་ཡང་འདུས་ཡོད་ཅེས་བཤད་ཆོག གནད་དོན་འདིའི་རིགས་ལ་བོད་མི་ཚོས་ངེས་པར་དུ་འགྱོད་བཤགས་དང་མཉམ་འཇོག་བྱེད་དགོས།

 ༢༽ རྒྱ་ནག་གཞུང་དང་མཉམ་འབྲེལ་གྱིས་བཟོས་བའི་བྱུང་རྐྱེན།

འདི་ལ་ “མཉམ་བཟོས་འགལ་རྐྱེན” དང་། དེས་བཟོས་བའི་སྡུག་བསྔལ་ལ་ “མཉམ་བཟོས་སྡུག་བསྔལ” ཞེས་ཟེར།

བོད་ནི་ད་ལྟའི་རྒྱ་ནག་གི་དབང་འོག་ཏུ་མ་ཚུད་པའི་ཡར་སྔོན་ནས་བཟུང་བོད་མིའི་ནང་ན་རྒྱ་ནག་གཞུང་དང་མཉམ་འབྲེལ་གྱིས་བོད་ཀྱི་ཆབ་སྲིད་གནས་བབ་ལ་གཏོར་བརླག་གཏོང་མཁན་བྱུང་ཡོད་ལ། རྒྱ་དམག་ནང་ཞུགས་ཏེ་བོད་ལ་བཙན་འཛུལ་བྱེད་མཁན་ཡང་བྱུང་ཡོད།  ལོ་ ༢༠ སྔོན་ན་རྒྱ་དམག་ནང་ཞུགས་ཏེ་བོད་ཀྱི་ “བཅིངས་འགྲོལ” ལས་དོན་ནང་ཞུགས་མཁན་གྱི་བོད་མི་ཞིག་གི་ཁ་ནས། “སྐབས་དེར་ (ལོ་རབས་༥༠) ང་ལ་དོམ་མཁྲིས་ ༦༠ ལྷག་ཡོད” ཅེས་དང་། “ལྷ་ས་བཅིངས་འགྲོལ་བྱེད་སྐབས་རྒྱ་དམག་དང་མཉམ་དུ་བོད་མོ་ ༢༠ ལྷག་ལ་བཙན་གཡེམ་བྱས་མྱོང” ཞེས་པའི་སྐད་ཆ་སྐྱུག་བྲོ་བ་ཞིག་ཐོས་མྱོང་། སྐབས་དེར་ཁོང་གིས་དེ་ནི་གཟི་བརྗིད་ཅིག་ལ་བསམ་འདུག

ཁོང་ལྟ་བུའི་བོད་མི་ནི་དུས་ད་ལྟའང་བོད་པའི་སྤྱི་ཚོགས་ནང་དུ་ཡོད་ལ། ཁོང་ཚོས་མུ་མཐུད་དུ་རྒྱ་ནག་དང་ངན་འབྲེལ་གྱིས་བོད་མིའི་རང་དབང་ཐོབ་ཐང་དང་སྤྱི་ཚོགས་ཐོབ་ཐང་།  སྲིད་ཞུགས་ཐོབ་ཐང་སོགས་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་པས། དེ་ནི་བོད་ཀྱི་བདེན་མཐའ་སེལ་བར་འགོག་རྐྱེན་ཆེན་པོ་ཞིག་ཏུ་གྱུར་ཡོད།

དེ་བས། དུས་ད་ལྟའང་བོད་ཀྱི་བདེན་མཐའ་སེལ་མ་ཐུབ་པར་ལྷག་བསྡད་ཡོད་པའི་རྒྱབ་ལོགས་ན་མི་དེ་འདྲའི་ལས་རྒྱུ་འབྲས་མེད་པའི་བྱ་སྤྱོད་མང་པོ་ཞིག་སྦས་ནས་ཡོད་ཅེས་བཤད་ཆོག རྒྱ་མི་རིགས་ཀྱིས་མི་དེའི་རིགས་ལ་ “རྒྱལ་འཚོང་བ” ཞེས་ཟེར་ལ། བོད་ཀྱི་སྤྱི་ཚོགས་ཁྲོད་ཀྱི་རྒྱལ་འཚོང་བའི་གནད་དོན་འདི་ཡང་བོད་མི་ཡོངས་ཀྱི་ངོ་ཚ་ཞིག་ལ་བསམས་ཏེ་ངེས་པར་དུ་གདོང་ལེན་བྱེད་དགོས་བའི་ཐུན་མོང་གི་འགན་ཁུར་ཞིག་ཏུ་ཆགས་ཡོད།

 ༣༽རྒྱ་ནག་གཞུང་གིས་བཟོས་པའི་བྱུང་རྐྱེན།

འདི་ལ་ “གཞན་བཟོས་འགལ་རྐྱེན” དང་། དེས་བཟོས་བའི་སྡུག་བསྔལ་ལ་ “གཞན་བཟོས་སྡུག་བསྔལ” ཞེས་ཟེར།

ཚང་མས་མཁྱེན་གསལ་ལྟར་བོད་དོན་གྱི་བྱུང་རྐྱེན་གཙོ་བོ་ནི་ད་ལྟའི་རྒྱ་ནག་གིས་བོད་ལ་བཙན་འཛུལ་དབང་བསྒྱུར་བྱས་ཡོད་པ་དེ་ཡིན། དུས་རབས་ ༢༠ ལོ་རབས་ ༥༠ ནས་རིག་གནས་གསར་བརྗེ་ཆེན་པོ་མཇུག་རྫོགས་རག་བར་དུ་བོད་མི་ ༡༢༠༠༠༠༠ ལྷག་རྒྱ་ནག་གི་དབང་འོག་ནས་ཚེ་སྲོག་ཤོར་ཡོད་ལ། དགོན་པ་དང་ཆོས་དཔེ་སོགས་རྩ་ཆེའི་རིག་གནས་བགྲང་ལས་འདས་པ་ཞིག་བཅོམ་བརླག་ཏུ་ཕྱིན་ཡོད། གནས་ཚུལ་འདི་ལ་དུས་ད་ལྟའང་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་བྱུང་མེད།

དཔེར་ན། ༢༠༠༨ ལོ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཆ་སོ་སོའི་དགོན་སྡེ་ཁག་ནང་དུ་ལམ་ལུགས་གསར་བ་བཙུགས་ཏེ་ལོ་ ༡༨ མན་དང་ ༦༠ ཡན་གྱི་གྲྭ་བཙུན་དང་། ས་གནས་རང་ནས་མིན་པའི་གྲྭ་བཙུན་རྣམས་དགོན་པ་ནས་ཕྱིར་འཕུད་གཏོང་བ། གྲྭ་བཙུན་ལྷག་མ་རྣམས་ལ་ “ཁྲིམས་ལུགས་སློབ་གསོ་” ཞེས་བའི་མིང་ཐོག་ནས་བཙན་གྱིས་ “རྒྱལ་གཅེས་ཆོས་གཅེས” དང་། “རྒྱལ་གཅེས་ཏང་གཅེས” ཟེར་བ་སོགས་ཀྱི་ཆབ་སྲིད་སློབ་གསོ་སྤྲོད་བཞིན་ཡོད། ད་དུང་ཨ་མདོ་མཚོ་སྔོན་ཕྱོགས་སུ་བོད་སྐད་བོད་ཡིག་ལའང་ཚད་བཀག་སྣ་ཚོགས་བཟོ་བཞིན་ཡོད། དེ་དག་གི་དམིགས་ཡུལ་ཅི་ཞིག་ཡིན་ནམ།

ལེ་ཉིན་དང་ཞི་ཐུ་ལེ་གང་རུང་ཞིག་གིས་ “མི་རིགས་ཤིག་རྩ་མེད་གཏོང་དགོས་ན་ཐོག་མར་དེའི་རིག་གནས་མེད་པར་བཟོ་དགོས། རིག་གནས་རྩ་མེད་གཏོང་དགོས་ན་ཐོག་མར་དེའི་སྐད་ཡིག་མེད་པར་བཟོ་དགོས། སྐད་ཡིག་རྩ་མེད་གཏོང་དགོས་ན་ཐོག་མར་དེའི་སློབ་གྲྭའི་སློབ་གསོ་ལ་གཏོར་བརླག་གཏོང་དགོས” ཞེས་པའི་སྐད་ཆ་ཞིག་བཤད་ཡོད་པ་འདྲ། གང་ལྟར་ཀྱང་སྐད་ཆ་དེ་རྒྱ་གཞུང་གིས་བོད་ཐོག་ལག་བསྟར་བྱེད་ཀྱིན་ཡོད་ལ། མ་འོངས་པར་ཡང་དེ་ལ་བཟང་ཕྱོགས་ཀྱི་འགྱུར་བ་མ་བྱུང་ན་བོད་མི་རིགས་ལ་ཉེན་ཁ་འཕྲད་སྲིད།

དེ་བས། བོད་མི་ལ་མཚོན་ན་རྒྱ་ནག་གིས་བཟོས་པའི་སྡུག་བསྔལ་འདི་ནི་ད་གཟོད་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་སྡུག་བསྔལ་ཆེན་པོ་ཞིག་ཡིན་ཞེས་བཤད་ཆོག གནད་དོན་འདི་ལ་ཇི་ལྟར་གདོང་ལེན་བྱེད་དགོས་སམ། བོད་མི་ཞིག་ཡིན་ན་བོད་ཀྱི་ཆེད་དུ་སྐད་ཆ་བཤད་རྒྱུ་གལ་ཆེན་པོར་ཆགས་ཡོད།

 (༡) སྐད་ཆ་འདི་ནི་ཉི་ཧོང་སྐད་ལས་ཚུར་བསྒྱུར་བ་ཡིན། གོང་ས་མཆོག་གིས་དེ་ལྟར་གསུངས་ཡོད་པ་ཐོས་མྱོང་མོད། འོན་ཀྱང་བོད་ཡིག་གི་ཡིག་ཆ་ད་དུང་རྙེད་མ་སོང་།

 

༢༠༡༤ ཟླ་ ༡ ཚེས་ ༡༥ ཉིན། ཉི་ཧོང་ནས།



 

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

མཆན། 6

  1. thapkegyatso says:
    ལོ་ 12 སྔོན།

    ཆོས་ལྡན་འབུམ་ཞུ་བ་ལ་ལེགས་སོའི་བསྔགས་བརྗོད་ཡོད། དེ་ནས་ཉིད་ཀྱིས་ཅི་ཡང་ནོར་མི་འདུག་མོད། ཐོས་པས་ཕོངས་པ་འགའ་ཞིག་གིས་རྒྱལ་དབང་ལྔ་བ་བློ་བཟང་རྒྱ་མཚོ་༼༡༦༡༧ནས་༡༦༨༢་བར་༽དང་རྒྱལ་དབང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་༼༡༨༦༧་ནས་༡༩༣༣བར་༽གཉིས་ཀྱི་མཚན་ཙམ་ལ་ཡང་རྨོངས་བཞིན་དུ་ཤེས་རྟགས་སྟོན་ཁུལ་བྱེད་པ་ནི་ཆེས་སྐྱོའོ།།་ལྷག་པར་དུ་བོད་ཀྱི་ལོ་རྒྱུས་ཁྲོད་དུ་ཧ་ཅང་མཚན་སྙན་ཅན་གྱི་རྒྱལ་བ་འདི་གཉིས་ཀྱི་མཚན་དང་འཁྲུངས་ལོ་ལའང་ནག་ནོག་བཟོ་བ་ནི་དོན་ངོ་མར་སུ་ཞིག་གི་གདོན་ཞུགས་པ་ཡིན་ནམ།

    Reply
  2. ཆོས་ལྡན་འབུམ། says:
    ལོ་ 12 སྔོན།

    དྲ་གྲོགས་རྣམ་པ་བསམ་ཚུལ་གསུངས་བར་ཐུགས་རྗེ་ཆེ།
    དྲ་གྲོགས་བསོད་འོད་ལགས། ཆུ་ཐིགས་སྔོན་མོ་ལགས།
    གོང་ས་སྐུ་ཕྲེང་བཅུ་གསུམ་པའི་མཚན་གྱི་སྐོར་ལ། གོང་ས་མཆོག་གི་དྲ་ཐོག་ནས་ཡང་༼ཐུབ་བསྟན་རྒྱ་མཚོ༽་ཞེས་བྲིས་འདུག འཇིགས་མེད་བསམ་གྲུབ་ཀྱིས་བརྩམས་པའི་༼གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་ཆོས་སྲིད་མཛད་རྣམ༽་ཞེས་བའི་ནང་དུའང་༼ཐུབ་བསྟན་རྒྱ་མཚོ༽་ཞེས་བྲིས་འདུག དོན་གྱིས་གང་ཞིག་ཡིན་ནམ།

    Reply
  3. ཚེ་རིང་བསམ་གྲུབ། says:
    ལོ་ 12 སྔོན།

    རྩོམ་ཡིག་ཡག་པོ་བྲིས་གནང་འདུག ཐུགས་རྗེ་ཆེ། རྒྱལ་དབང་བཅུ་གསུམ་པའི་མཚན་ནོར་འདུག་ཀྱང་རྩོམ་སྒྲིག་པས་བསྐྱར་བཅོས་གནང་འདུག ང་ཚོར་ནམ་རྒྱུན་གོམ་ཡོད་པའི་མིང་དང་ཡི་གེ་དེ་ཚོར་ནོར་བའི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པ་རྒྱུན་ལྡན་ལྟ་བུ་ཡིན། དེ་ཙམ་བཀོལ་སྤྱོད་མི་བྱེད་པའི་མིང་ཚིག་དེ་ཚོར་ང་ཚོས་གཟབ་ནན་བྱེད་ཀྱི་ཡོད་སྟབས་ནོར་འཁྲུལ་ཤོར་གི་མར་ེད།

    Reply
  4. gyurmey says:
    ལོ་ 12 སྔོན།

    ཁྱེད་ཀྱི་བརྩམས་ཆོས་འདི་ངས་འགོ་ནས་མཇུག་བར་འཐེང་གཅིག་བཀླགས་པ་ཡིན། དོན དང ལྡན་པ་ཞིག་འདུག

    Reply
  5. བསོད་འོད says:
    ལོ་ 12 སྔོན།

    ཐོག་མ་ཆོས་ལྡན་འབུམ་ཟེར་བ་ཁྱོད་ཀྱིས་རང་ངོས་ནས་ངེས་པར་དུ་་འགྱོད་བཤགས་བྱེད་དགོས་བའི་གནད་དོན་ཞིག་སྟེ་གངས་ལྗོངས་ལྷ་མི་ཡོངས་ལ་བཀའ་དྲིན་གཞལ་ཟླ་བྲལ་བ་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་གསུམ་པ་ཁོང་གི་མཚན་ཙམ་ཡང་མ་ཤེས་པ་དེ་ཉེས་པ་ཤིན་ཏུ་ལྩིའོ།

    Reply
  6. ཆུ་ཐིགས་སྔོན་མོ། says:
    ལོ་ 12 སྔོན།

    ༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་བློ་བཟང་རྒྱ་མཚོ་ (༡༨༧༦~༡༩༣༣)

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese