མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གསུམ་དུས་ལ་དམ་དྲག་བྱ་རྒྱུ་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༡༤/༠༣/༠༧
Share on FacebookShare on TwitterShare on EmailShare on Whatsapp

བལ་ཡུལ་གྱི་གསར་ལམ་ཁག་ཅིག་ནང་གནས་ཚུལ་སྤེལ་བར། ཉེ་ལམ་བལ་ཡུལ་གྱི་སྲིད་བློན་སོ་ཤེལ་ཀོ་རེ་ལཱ་( Susshil Koirala) ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག ད་ལོའི་གསུམ་བཅུའི་དུས་དྲན་ཉིན་བོད་མི་ཚོས་ཞི་དྲག་གང་རུང་ནས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཚེ་འཇུ་བཟུང་བཀག་ཉར་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

གནད་དོན་འདིའི་ཐད་རྒྱལ་ས་ཀ་ཐ་མན་ཀྲུའི་ཉེན་རྟོག་པ་གྷ་ཎེཤི་ (Ganesh KV) ལགས་ཀྱིས། “ ང་ཚོར་གསུམ་བཅུའི་དུས་དྲན་ཉིན་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཚེ་འཇུ་བཟུང་དང་བཀག་ཉར་བྱ་རྒྱུའི་ཆོག་མཆན་ཡོད་སྟབས། ཡུལ་ཁྲིམས་ལ་བརྩི་སྲུང་མ་བྱས་པར་གང་བྱུང་ལས་འགུལ་སྤེལ་བ་ཡིན་ན་ཁྲིམས་ཆད་དྲག་པོ་གཅོད་རྒྱུ་ཡིན་” ཞེས་བརྗོད་ཡོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས། ཉེ་ལམ་རྒྱ་གཞུང་གིས་བལ་ཡུལ་གྱི་འཛུགས་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས་ཐད་རོགས་རམ་ཤུགས་ཆེན་བྱེད་བཞིན་ཡོད་པར་བརྟེན། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྔར་ལྷག་འཕེལ་རྒྱས་ཕྱིན་ཏེ་མཐུན་གྲོགས་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་སྟབས། རྒྱ་གཞུང་གིས་བལ་གཞུང་ལ་གནོན་ཤུགས་སྤྲད་པར་བརྟེན་བོད་མི་ཚོར་དམ་དྲག་བྱས་པ་ཞིག་ཡིན་སྐོར་བརྗོད་འདུག

གནས་ཚུལ་དེའི་ནང་། བོད་མིའི་རང་དབང་འཐབ་རྩོད་པ་རྒྱལ་པོ་བླ་མ་ལགས་ཀྱིས། བལ་ཡུལ་ཀོང་རེ་སེ་སྲིད་གཞུང་ནི་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་གཞུང་ཞིག་ཆགས་ཡོད་ཀྱང་། མི་སེར་ཚོར་དམངས་གཙོའི་ཁེ་དབང་སྟེ་ཞི་རྒོལ་བྱ་རྒྱུའི་ཐོབ་ཐང་དང་རང་དབང་སྤྲོད་ཀྱི་མེད་པ་དེ་ནི་དམངས་གཙོའི་ལམ་ལུགས་དང་འགལ་ཡོད་སྐོར་དང་། དེ་བཞིན། ང་ཚོས་ཁྲིམས་དང་མ་འགལ་བའི་ཐོག་ནས་འདུ་འཛོམས་དང་། ཆོས་དད་རང་དབང་ལོངས་སུ་སྤྱད་དེ་ལས་འགུལ་སྤེལ་བ་དག་ལ་གཞུང་གི་ལས་བྱེད་རྒྱུག་ཁྱི་དེ་ཚོས་དམ་དྲག་བྱས་པ་ཡིན་ན་རྒྱལ་སྤྱིའི་ཁྲིམས་ལུགས་དང་རྒྱབ་འགལ་ཆགས་ཀྱི་ཡོད་སྟབས། བལ་གཞུང་གིས་བལ་རྒྱ་གཉིས་ཀྱི་འབྲེལ་ལམ་གཅིག་པུ་གཙོར་འདོན་མི་བྱེད་པར། མི་ཆོས་རིང་ལུགས་དང་དམངས་གཙོའི་རིན་ཐང་ལ་བརྩི་སྲུང་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་བརྗོད་ཡོད་ཚུལ་སོགས་བཀོད་འདུག

བལ་ཡུལ་ནང་སྐྱབས་བཅོལ་བོད་མི་ ༢༠༠༠༠ ནས་ ༣༠༠༠༠ བར་ཡོད་པ་དང་། ༢༠༠༨ ལོར་བོད་མདོ་དབུས་ཁམས་གསུམ་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་རྗེས། བལ་སྡོད་སྐྱབས་བཅོལ་བོད་མི་ཚོས་བལ་གཞུང་གི་དམ་དྲག་བྱེད་མིན་ལ་མ་ལྟོས་པར་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་བསྟུད་མུར་སྤེལ་བཞིན་ཡོད་ལ། བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེགས་ཀྱང་གནང་ཡོད།

གསར་འགོད་པ། དོན་གྲུབ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist