མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་སྐད་ཡིག་གི་ལས་དབང་གླེང་པ།

བོད་ཀྱི་དུས་བབ།
༢༠༡༤/༠༣/༠༨
Share on FacebookShare on TwitterShare on EmailShare on Whatsapp

གནས་ཚུལ་བཏང་འབྱོར་བྱུང་བར། གཟའ་མིག་དམར་ནས་ཕུར་བའི་བར་གྱི་ཉིན་ ༣ རིང་། ནགས་ལྷ་རྩོམ་སྒྲིག་ཁང་གི་གོ་སྒྲིག་འོག བཞུགས་སྒར་ངྷ་རམ་ས་ལའི་ཀིརྟི་དགེ་རྩ་ཚོགས་པའི་ཚོགས་ཁང་དུ། ནགས་ཤོད་འབྲི་རུའི་སློབ་མ་རྣམས་ཀྱི་བརྡ་སྤྲོད་རིག་པའི་བགྲོ་གླེང་ཐེངས་གཉིས་པ་དེ་ཚོགས་ཡོད་འདུག

ཐེངས་འདིའི་བགྲོ་གླེང་སྟེང་། བོད་ཀྱི་དཔེ་མཛོད་ཁང་གི་རྩོམ་སྒྲིག་པ་ན་ག་སངས་རྒྱས་བསྟན་དར་ལགས་དང་། རྒན་བསྟན་འཛིན་ཆོས་གྲགས་ལགས། ནགས་ལྷ་རྩོམ་སྒྲིག་ཁང་གི་འགན་འཛིན་འབྲི་སྐལ་བཟང་བཅས་ཀྱིས་གཏམ་བཤད་གནང་ཡོད་ཅིང་། གཞན། ས་རཱ་མཐོ་སློབ་དང་ནོར་གླིང་། ཤེས་རབ་དགའ་ཚལ་སློབ་གླིང་། སུ་ཇཱ། གྷོ་པལ་པུར། དེ་མིན་ངྷ་ས་ཉེ་འཁོར་གྱི་གྲྭ་བཙུན་སྔགས་གསུམ་གྱི་དགོན་སྡེ་ཁག་གི་རིགས་གཅིག་རྐང་འཛིན་པ་བཅས་ཁྱོན་སློབ་མ་ ༥༠ ཙམ་མཉམ་ཞུགས་གནང་ཡོད་འདུག

བགྲོ་གླེང་གི་བརྗོད་གཞི་ཁག་ནི། ཐོན་མི་སམ་བྷོ་ཊ་མ་ཕེབས་པའི་སྔོན་དུ་བོད་ལ་ཡི་གེ་ཡོད་མེད་དང་། དེའི་སྐབས་ཀྱི་མི་རྣམས་ཕན་ཚུན་བརྡ་སྤྲོད་བྱེད་སྟངས་སོགས་ཀྱི་སྐོར། བོད་ཀྱི་ཡི་གེ་འདི་འཛམ་གླིང་ཐོག་རྩ་ཆེ་ཆུང་ག་འདྲ་ཡིན་པ་དང་། འདི་ལ་དམིགས་བསལ་གྱི་ཁྱད་ཆོས་གང་དག་ཡོད་མེད། རྒྱུན་དུ་ང་ཚོས་བོད་ཀྱི་སྐད་ཡིག་ལ་བདག་གཅེས་ག་འདྲ་བྱེད་དགོས་པའི་སྐོར་སོགས་ཡིན་འདུག

གནས་ཚུལ་མཁོ་སྤྲོད་པས་ངོ་སྤྲོད་གནང་བ་ལྟར་ན། ནགས་ལྷ་རྩོམ་སྒྲིག་ཁང་གིས་འདས་པའི་ལོ་ལྔའི་ནང་། <<ནགས་ལྷའི་སྒྲོན་མེ།>>ཞེས་པའི་དུས་དེབ་འདོན་ཐེངས་ ༥ དང་། གནའ་དེང་ཟུང་གི་རིག་གཞུང་དང་འབྲེལ་བའི་རྩོམ་རིག་སྣ་མང་། ནང་ཆོས་དང་བརྡ་སྤྲོད་རིག་པའི་མཁས་པའི་སློབ་ཁྲིད་ལྟ་ཉན་ཆོག་པའི་རིག་གཞུང་དྲ་མཛོད། www.naglha.net བོད་ཀྱི་བརྡ་སྤྲོད་སྐོར་གྱི་སྙན་རྩོམ་འགྲན་བསྡུར། སློབ་མ་རྣམས་ཀྱི་བརྡ་སྤྲོད་རིག་པའི་བགྲོ་གླེང་སོགས་གོ་སྒྲིག་ཞུས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

རྒྱ་གཞུང་གིས་ཉེས་ཆད་བཅད་པའི་དྲ་དམངས། པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
Mobile App

རྒྱ་གཞུང་གིས་དྲ་ལམ་དུ་ས་ཡོམ་དང་འབྲེལ་བའི་གནས་ཚུལ་སྤེལ་མི་ཆོག་ཟེར།

ཆུ་ཚོད་ ༡༡ སྔོན་ལ།
རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གྲོས་ཆོད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱལ་སྤྱིའི་དགེ་ལྷན་ཁྱབ་ཁོངས་ཀྱི་དགེ་འདུན་པ་རྣམས་སྤྱི་འཐུས་ཀྱི་འོས་མིར་བཞེངས་མི་ཆོག་པའི་ཐག་གཅོད་གནང་། 

ཆུ་ཚོད་ ༡༡ སྔོན་ལ།
Mobile App

བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༦༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༦/༡༠/༢༣
ས་ཡོམ་ཁྲོད་གས་ཆག་ཤོར་བའི་ཁང་པ་ཞིག པར་དྲ་ལམ་ནས་བླངས།
Mobile App

བོད་ནག་ཆུ་ཁུལ་དུ་ཚད་རིམ་ ༧.༠ ཅན་གྱི་ས་ཡོམ་བྱུང་འདུག

༢༠༢༦/༡༠/༢༣
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཤེས་རིག་བཀའ་བློན་མཆོག་གིས་ལྷོ་བྱང་གི་བོད་མིའི་གཞིས་ཆགས་དང་སློབ་གྲྭ་ཁག་ཅིག་ཏུ་འཚམས་གཟིགས་གནང་།

༢༠༢༦/༡༠/༢༢
Mobile App

སྐུ་ཚབ་དོན་གཅོད་གཉིས་བསྐོ་གཞག་གནང་། 

༢༠༢༦/༡༠/༢༢

མཆན། 2

  1. gyurmey says:
    ལོ་ 13 སྔོན།

    སྐད་ཡིག་ནི་མི་རིགས་ཅིག་གིས་སྲོག་རྩ་ཡིན་ཞེས་བཙན་བྱོལ་ནང་གི་བོད་མི་ཡོད་ཚད་དང་། གཞུང་འབྲེལ་མིན་པའི་ ཚོགས་པ་ཀུན་གྱིས་ཡང་ཡང་གསུང་གི་ཡོད་ནའང་། དོན་དངོས་ལ་སྨན་པའི་ལས་འགུལ་སྤེལ་མཁན་ཉིན་དཀར་གྱི་སྐར་མ་ལྟ་བུ་ཞིག་ཏུ་མཐོང་བས། བསམ་གཞིག་ནན་ཏན་དུ་བྱ་དགོས་པ་སེམས།ད་དུང་བརྗོད་དགོས་པ་ཞིག་ལ། ད་ལྟ་བར་གོང་འཁོད་གནད་དོན་སྟེང་ལས་འགུལ་སྤེལ་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་དང་། མ་འོངས་བར་དེ་རིགས་མང་ཙམ་སྤེལ་གནང་ཡོད་པ་ཞུས།

    Reply
  2. སྐར་ཁྲི་བཙན། says:
    ལོ་ 13 སྔོན།

    ཨོ་རེད། ཁོང་རྣམ་པས་དེ་རིང་ཁ་རྩང་བཙན་བྱོལ་ནང་དུ་སྦྲགས་སྐད་ཀྱི་ནད་ཡམས་ཤིག་ཉིན་རེ་ནས་ཁྱབ་བརྡལ་དུ་འགྲོ་བཞིན་པར་དོ་སྣང་བྱེད་ཀྱི་མེད་པ་འདྲ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese