མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གྲྭ་པ་དམར་གསོད་དང་འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༤/༠༣/༠༩
Share on FacebookShare on TwitterShare on EmailShare on Whatsapp

https://tibettimes.net/admin/articles.php?&page=edit&id=8618

རྒྱ་གཞུང་གིས་ཆབ་མདོ་ཝོན་པ་དགོན་པའི་གྲྭ་བ་ཞིག་ལ་གཅར་རྡུང་བཏང་སྟེ་དམར་གསོད་བཏང་ཡོད་པ་མ་ཟད། གྲོང་གསར་དགོན་པའི་དབུ་མཛད་རྒན་པ་འཇུ་བཟུང་བཙན་འཁྲིད་བྱས་ཡོད་འདུག

ཟླ་སྔོན་མའི་ཕྱི་ཚེས་ ༢༨ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣།༠༠ ཡས་མས་སུ་རྒྱ་གཞུང་གིས་ཆབ་མདོ་ཁུལ་ཝོན་པ་དགོན་པའི་གྲྭ་བཀྲ་ཤིས་དཔལ་འབྱོར་ལགས། ཉེན་རྟོག་པས་ས་གནས་སུ་སྔོག་གཤེར་བྱེད་སྐབས་ཁོང་གི་སྡོད་གནས་སུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་གཏམ་བཤད་འོད་སྡེར་དང་། ༧གོང་ས་མཆོག་གི་བཀའ་སློབ་ཀྱི་དཔེ་དེབ་བཅས་རྙེད་སོན་བྱུང་ཡོད་ཚུལ་བཤད་དེ་བཙན་འཁྲིད་བྱས་ཡོད་འདུག ཕྱི་ཟླ་ ༣ ཚེས་ ༡ ཉིན་ཉེན་རྟོག་པས་ཁོང་ལ་གཅར་རྡུང་ཚད་མེད་བཏང་སྟེ་ལུས་པོ་ཡོངས་སུ་རྨ་བཟོས་པ་དང་ཁ་གྲགས་མི་ཐུབ་པའི་གནས་སུ་བསྐྱལ་རྗེས་ཕྱིར་ནང་མིར་རྩིས་སྤྲོད་བྱས་ཡོད་པ་མ་ཟད། ཉེན་རྟོག་པས་ནང་མིར་ཁོང་གི་རང་སྲོག་གཅོད་རྩིས་བྱས་ཏེ་གནས་སྟངས་དེ་འདྲ་ཆགས་ཡོད་སྐོར་བརྗོད་ཡོད་འདུག རྗེས་སུ་ནང་མི་ཚོས་མགྱོགས་མྱུར་ངང་སྨན་ཁང་དུ་འཁྲིད་ཡོད་ཀྱང་། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ ༣ ཡས་མས་སུ་སྨན་ཁང་ལ་མ་བསླེབ་པའི་ལམ་བར་དུ་སྐུ་གྲོངས་ཡོད་འདུག

གྲྭ་བཀྲ་ཤིས་དཔལ་འབྱོར་ལགས་ནི། ཆབ་མདོ་ཁུལ་ཝོན་པ་སྡེ་བ་ནས་ཡིན་པ་དང་། ད་ལྟ་རང་ལོ་ ༣༤ ཡིན་འདུག ཁོང་གི་ཨ་མ་དེ་སྔོན་ནས་གྲོངས་ཡོད་པ་དང་ཕ་མིང་ལ་དངོས་གྲུབ་ཞུ་བཞིན་ཡོད་འདུག ཁོང་གིས་དེ་སྔོན་སྡེ་དགེ་རྫོང་སར་དགོན་དུ་ལོ་ ༡༣ རིང་བོད་ཀྱི་ཐུན་མོང་མང་ཡིན་པའི་ཆོས་དང་རིག་གཞུང་ལ་སློབ་གཉེར་གནང་སྟེ་སློབ་དཔོན་གྱི་མཚན་གནས་བཞེས་ཡོད་པ་དང་། ཕྱིས་སུ་ཝོན་པ་དགོན་པའི་ནང་བཞུགས་ཡོད་འདུག གནས་ཚུལ་བྱུང་རྗེས་དགོན་པའི་གྲྭ་མང་གིས་ཁོང་གི་ཆེད་དུ་བསྔོ་སྨོན་མཆོད་འབུལ་གནང་གི་ཡོད་འདུག

དེ་བཞིན། ཀུན་བཟང་བསྟན་འཛིན་ལགས་ཀྱིས་འདི་གར་གནས་ཚུལ་ངོ་སྤྲོད་གནང་དོན་ལྟར་ན།  ཟླ་འདིའི་ཚེས་ ༤ ཉིན་གྱི་མཚན་མོར་ཆབ་མདོ་དཔའ་ཤོད་རྫོང་གི་ཉེན་རྟོག་པ་ཁག་ཅིག་གློ་བུར་གྲོང་གསར་དགོན་པའི་ནང་ཡོང་སྟེ། དགོན་པའི་དབུ་མཛད་རྒན་པ་བློ་བཟང་ཆོས་འབྱོར་ལགས་ཀྱི་གྲྭ་ཤག་སྔོག་གཤེར་དང་ལག་འཁྱེར་ཁ་པར་ཞིབ་བཤེར་བྱེད་དགོས་ཚུལ་བཤད་ཡོད་འདུག སྐབས་དེར་ཁོང་གིས་ཁ་པར་རྩིས་སྤྲོད་བྱས་མེད་ཀྱང་ཉེན་རྟོག་པས་ཁོང་གིས་སྐད་འཕྲིན་བརྒྱུད་མི་གཞན་ལ་༧གོང་ས་མཆོག་གི་སྐུ་པར་དང་བཀའ་སློབ་བསྐུར་ཡོད་ཚུལ་དང་། ཁ་པར་ནང་སྐུ་པར་ཉར་ཚགས་བྱས་ཡོད་སྐོར་སོགས་བཤད་དེ་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག

གྲྭ་བློ་བཟང་ཆོས་འབྱོར་ལགས་ནི་ཆབ་མདོ་ཚ་ཕུག་སྡེ་བ་ཡིན་པ་དང་། ད་ལྟ་རང་ལོ་ ༢༦ ཙམ་ཡིན་འདུག ཁོང་གི་ཕ་མིང་ལ་ཆོས་འཕེལ་དང་མ་མིང་ལ་བག་ཆུང་ཞུ་བཞིན་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་གླེང་བ། ༢༠༢༣།༠༦།༨-༡༠ དུས་བབ་ཀྱི་པར།
Mobile App

རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

༢༠༢༣/༠༦/༠༨
Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

༢༠༢༣/༠༦/༠༨
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

༢༠༢༣/༠༦/༠༨
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist