མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གུང་ཁྲན་ཏང་གི་ཐག་གཅོད་ལ་ལག་པ་ཞིག་བརྡབ་ནས་ཡོང་རྒྱུ་དེ་རེད།

བོད་ཀྱི་དུས་བབ།
༢༠༡༤/༠༣/༡༠
Share on FacebookShare on TwitterShare on EmailShare on Whatsapp


ཞི་ཅན་ཕིན་དང་ལི་ཁེ་ཆིང་སོགས་ཀྱིས་སྣེ་ཁྲིད་པའི་རྒྱ་ནག་གཞུང་གི་དམངས་ཆེན་དང་སྲིད་གྲོས་
གཉིས་ཀྱི་ཚོགས་ཆེན་སྔ་རྗེས་སུ་ཚོགས་སོང་། རྒྱ་ནག་ནང་དང་རྒྱལ་སྤྱི་ཐོག་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ཀྱང་སྲིད་དོན་དབྱེ་ཞིབ་པ་ཚོས་ཚོགས་ཆེན་འདི་གཉིས་ལ་གྲུབ་འབྲས་ཆེན་པོ་ཐབས་མེད་པའི་ཚོད་དཔག་བྱེད་ཀྱིན་འདུག

ཟླ་འདིའི་ཕྱི་ཚེས་ ༣ དང་ ༥ ཉིན་སོ་སོར་རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱི་མི་མང་ཚོགས་ཁང་ཆེན་མོ་རུ། རྒྱ་ནག་གི་སྐབས་ ༡༨ པའི་མགོ་ཁྲིད་གསར་པ་རྣམས་ཀྱི་ལོ་འཁོར་ཚོགས་ཆེན་ཐོག་མ་སྟེ་རྒྱལ་ཡོངས་སྲིད་གྲོས་དང་དམངས་འཐུས་སྐབས་ ༡༢ པའི་གྲོས་ཚོགས་ཐེངས་གཉིས་པ་གཉིས་དབུ་འཛུགས་གནང་ཡོད་ཅིང་། ཚོགས་ཐོག་ཏུ་སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་བློན་ལི་ཁེ་ཆིང་སོགས་དམར་ཤོག་ཚོགས་པའི་མགོ་ཁྲིད་རྣམ་པའི་གཙོས་འཐུས་མི་ ༣༠༠༠ ཙམ་མཉམ་ཞུགས་བྱས་ཡོད་འདུག

ཐེངས་འདིའི་ཚོགས་ཐོག་ཏུ། འདས་ལོའི་ལས་བསྡོམས་སྙན་སྒྲོན་དང་འཆར་ལོའི་སྔོན་རྩིས་གཏན་འབེབས། རྒྱ་ནག་གི་དཔལ་འབྱོར་སྲིད་བྱུས་དང་ཁོར་ཡུག་སྲུང་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན་དང་རྒྱལ་ཁོངས་བརྟན་བརླང་སོགས་ཀྱི་སྐོར་ལ་གྲོས་བསྡུར་བྱེད་བཞིན་ཡོད་ཅིང་། ཐེངས་འདི་ནི་ཞི་ཅིན་ཕིན་རྒྱ་ནག་གི་སྲིད་འཛིན་དུ་བསྡད་རྗེས་ཀྱི་ལས་བསྡོམས་སྙན་སྒྲོན་ཐོག་མ་དེ་ཆགས་ཡོད་སྟབས། རྒྱལ་སྤྱིའི་ཐོག་དོ་སྣང་ཆེན་པོ་བྱེད་བཞིན་ཡོད།

གཟའ་ཕུར་བའི་ཉིན་གསར་འགོད་པས་བོད་མི་མང་སྤྱི་འཐུས་དང་རྒྱ་ནག་ཉམས་ཞིབ་པ་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་སུ། ཐེངས་འདིར་གནད་དོན་གང་དག་ཐོག་བགྲོ་གླེང་དང་གཏན་འབེབས་འབྱུང་སྐོར་དྲིས་པར། ཁོང་གིས་འདི་ལྟར་བརྗོད་བྱུང་། “ སྤྱིར་བཏང་རྒྱ་ནག་གི་ཚོགས་འདུ་དེ་དག་ཕྱི་ཡི་རྣམ་པ་ཙམ་ལས། ནང་དོན་གྱི་ཆ་ནས་རང་དབང་དམངས་གཙོའི་ལུང་པའི་གྲོས་ཚོགས་ལྟར། ཁྲིམས་དང་སྲིད་བྱུས་གཏན་འབེབས་བྱེད་པའི་དབང་ཚད་ཡོད་པ་མ་རེད། མང་ཆེ་བ་རྒྱ་ནག་ཆབ་སྲིད་ལྷན་ཁང་གིས་ཐག་གཅོད་གང་བྱས་པ་དེར་ད་རེབ་ཚོགས་ཆེན་ཐོག་བགྲོ་གླེང་ཙམ་བྱས་ཏེ་རྒྱབ་སྐྱོར་ཡོད་པའི་རྣམ་པ་ཙམ་སྟོན་ཆེད་རེད།” ཅེས་བརྗོད་བྱུང་།

སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཚོད་དཔག་གི་ཚུལ་དུ་བརྗོད་དོན། “ ཡིན་ནའང་ལོ་གཉིས་ཙམ་གོང་ལ་མི་མང་འཐུས་མིའི་ཚོགས་ཆེན་དེ་དོན་དམ་གྱི་ཁྲིམས་བཟོའི་ངོ་བོར་བསྒྱུར་བར་ཤུགས་རྒྱག་དགོས་པའི་གཏན་འབེབས་བྱུང་བ་ལྟར། བསམ་ཚུལ་དེ་ཤུགས་ཆེན་པོ་ཞེ་དྲག་ཡོང་གི་ཡོད་སྟབས། ཐེངས་འདིའི་ཚོགས་ཆེན་ཐོག་དཔེར་ན། རྒྱ་ནག་ནང་ཁྲལ་འདྲ་མིན་ ༡༨ ཞིག་ཡོད་པ་ལས། ཁྲིམས་ཀྱིས་གཏན་འབེབས་བྱས་པའི་ཁྲལ་རིགས་གསུམ་མ་གཏོགས་མེད་པ་དང་། གཞན་ ༡༥ དེ་འཛིན་སྐྱོང་གི་བཀོད་རྒྱ་ཞིག་གི་འོག་ལ་བསྡུ་བཞིན་ཡོད་པ་དེ་རིགས་ལ་འགྱུར་བ་ཆེན་པོ་འགྲོ་སྲིད་པ་རེད། དེ་བཞིན། རྒྱ་ནག་གཞུང་གཉེར་དཔལ་འབྱོར་དང་། གཞུང་གི་དཔོན་རིགས་དང་ཚོང་པ་ལྐོག་འབྲེལ་གྱི་སྒེར་འདོམས་ལམ་ལུགས་མང་པོ་ཞིག་རྩ་གཏོར་གཏོང་བའི་སྲིད་བྱུས་དེ་སྔར་ལས་ཤུགས་ཆེ་རུ་འགྲོ་རྒྱུ་རེད་བསམ་གྱི་འདུག ” ཅེས་བརྗོད་བྱུང་།

སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཐེངས་འདིའི་ཞི་ཅིན་ཕིན་གྱི་རྣམ་འགྱུར་ཐད་འདི་ལྟར་བརྗོད་བྱུང་། “ སྤྱིར་བཏང་ཐེངས་འདིའི་ཚོགས་ཆེན་གཉིས་ཀྱི་ཐོག དམིགས་བསལ་གྱིས་གྲངས་ཉུང་མི་རིགས་དང་འབྲེལ་བའི་སྲིད་བྱུས་གཏན་འབེབས་བྱེད་ཐུབ་ཀྱི་ཡོད་པ་མ་རེད། ཡིན་ནའང་། ཚོགས་ཆེན་གྱི་ཉིན་དང་པོ་དེར་མགོ་ཁྲིད་རྣམས་ཚོགས་ཆུང་ཁག་ཏུ་ཆ་བགོས་བྱེད་སྐབས། ཞི་ཅིན་ཕིན་མི་རིགས་དང་ཆོས་ལུགས་སྡེ་ཚན་ནང་ཕྱིན་ཡོད་པ་མ་ཟད། མི་རིགས་སྲིད་བྱུས་སྐོར་ལ་སྐད་ཆ་ཤུགས་ཆེན་པོ་བཤད་ཡོང་གི་འདུག དེའི་ཐོག་ནས་ད་ལྟའི་རྒྱ་ནག་གི་སྐབས་ ༡༨ པའི་མགོ་ཁྲིད་གསར་པ་དེ་ཚོས་རྒྱ་ནག་ནང་གི་མི་རིགས་གནད་དོན་དེ་གལ་ཆེན་ཞིག་ཏུ་རྩི་བཞིན་ཡོད་པ་ཤེས་ཐུབ་པ་རེད་དྲན་གྱི་འདུག ”ཅེས་བརྗོད་བྱུང་།

གསར་འགོད་པས། ཐེངས་འདིར་འཐུས་མི་ཧ་ཅང་མང་པོ་ཞིག་ཚོགས་བཅར་ཞུས་ཡོད་པ་དེ་དག་གིས་མི་མང་གི་ཚབ་མཚོན་ཐུབ་ཀྱི་ཡོད་མེད་དྲིས་པར། ཁོང་གིས། “དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་བརྒྱ་ཆ་ ༧༠ ལྷག་ཙམ་རྒྱ་ནག་གཞུང་གི་དཔོན་རིགས་ཏེ་གུང་ཁྲན་ཏང་མི་ཡིན་པ་དང་། གཞན་རྣམས་གཞས་པ་དང་གློག་བརྙན་འཁྲབ་སྟོན་པ། མི་རིགས་ཁ་ཤས་ཀྱིས་ཧུར་བརྩོན་དཔེ་བཟང་ཅན་སོགས་མཚན་མཐོང་གི་ངོ་བོ་མཚོན་བྱེད་རྐྱང་བསླེབས་ཡོད་པ་ལས། མི་མང་གི་བདེ་སྡུག་ཞུ་ཐུབ་པའི་མི་མང་གི་ངོ་ཚབ་མཚོན་ཐུབ་མཁན་ཧ་ལམ་གཅིག་ཀྱང་ཡོད་པ་མ་རེད། ཚོགས་བཅར་བ་དེ་དག་ལ་མང་ཚོགས་ཁྲོད་ ‘འགྱིག་ཐང་’ ཞེས་ལབ་ཀྱི་ཡོད་པ་ལྟར། རྒྱ་ནག་གུང་ཁྲན་ཏང་གིས་ཐག་གཅོད་གང་བྱས་པ་དེར་ལག་པ་ཞིག་བརྡབ་ནས་ཐོན་ཡོང་རྒྱུ་དེ་རེད། གཞན་ཁོང་ཅག་ལ་དབང་ཚད་གང་ཡང་ཡོད་པ་མ་རེད་ལ། མི་མང་གི་བདེ་སྡུག་སྐྱེལ་ཐུབ་པའི་ནུས་པ་དང་ལྷག་བསམ་ཡོད་མཁན་དེ་འདྲ་ཡང་མ་རེད།” ཅེས་བརྗོད་བྱུང་།

ཁོང་གིས་མུ་མཐུད་དུ་བརྗོད་དོན། “ དེང་སང་མཁས་པ་མང་པོ་ཞིག་གིས། ཆབ་སྲིད་གྲོས་མོལ་ཁང་དང་མི་མང་འཐུས་མིའི་ཚོགས་ཆེན་ཟེར་བ་དེ་དགོས་དོན་མི་འདུག གཅིག་ནས་ཁྲིམས་བཟོ་ཐུབ་ཀྱི་མེད་པ་དང་། གཉིས་ནས་ཁྲིམས་བཟོས་པ་དེ་ལག་བསྟར་ཐུབ་ཀྱི་མེད་སྟབས་ནུས་པ་གང་ཡང་འཐོན་གྱི་མེད། མ་འོངས་པར་དངོས་གནས་ཁྲིམས་བཟོ་ལྷན་ཁང་གི་ངོ་བོར་བསྒྱུར་དགོས་པ་ཡིན་ན། འཐུས་མི་སུམ་སྟོང་ཙམ་དགོས་དོན་མེད་པར་ལྔ་བརྒྱ་དྲུག་བརྒྱ་ཞིག་གིས་འགྲིག་གི་འདུག་ཟེར་གྱི་ཡོད་པ་རེད ” ཅེས་བརྗོད་བྱུང་།

མཇུག་ཏུ་ཁོང་ལ། སྲིད་གྲོས་མགོ་འཛུགས་ཀྱི་སྔར་ཉིན་དེར་རྒྱ་ནག་གཞུང་འབྲེལ་གསར་ལམ་དུ་ཀྲུའུ་ཡཱོང་ཁང་གི་བུ་ཀྲུའུ་པེན་གྱི་ཐོབ་ཐང་དང་ཀྲུའུ་ཡཱོང་ཁང་གི་མིང་དངོས་ལ་ཀྲུའུ་ཡཱན་ཀིན་ཟེར་གྱི་ཡོད་པ་སོགས་ཕྱིར་བསྒྲགས་བྱས་པ་དེའི་ཐོག་ནས་ཚོད་དཔག་ག་རེ་བྱེད་ཐུབ་ཀྱི་ཡོད་སྐོར་ཁོང་གིས། “ཀྲུའུ་ཡཱོང་ཁང་སྔོན་ཆད་རྒྱ་ནག་རྡོ་སྣུམ་ལས་ཁུངས་དང་ཉེན་རྟོག་ལས་ཁུངས། སྲིད་ཁྲིམས་ལྷན་ཁང་བཅས་ཀྱི་མགོ་ཁྲིད་ཡིན་སྐབས། ཁོ་རང་གིས་གསོ་སྐྱོང་བྱས་ཏེ་ད་ལྟ་དཔོན་པོ་ཆགས་ཡོད་པ་ཚང་མ་འཛིན་བཟུང་བཀག་ཉར་བྱས་ཚར་བ་རེད། རྒྱ་ནག་གཞུང་གིས་པགས་པ་བཤུས་པ་བཞིན་རིམ་པ་རིམ་པ་བྱས་ཏེ། ཀྲུའུ་ཡཱོང་ཁང་གི་གཡས་གཡོན་གྱི་ཚང་མ་འཛིན་བཟུང་བྱས་རྗེས། ད་རེབ་ཀྲུའུ་པེན་གྱི་གནས་ཚུལ་དེ་བཏོན་ཡོང་དུས། གཅིག་བྱས་ན་སྔོན་ཆད་པའོ་ཞི་ལེ་བཞིན་མི་མང་འཐུས་མིའི་ཚོགས་ཆེན་སྐབས་ཀྲུའུ་ཡཱོང་ཁང་གི་གནད་དོན་དངོས་སུ་གསལ་བསྒྲགས་བྱེད་པའམ་ཡང་ན་ཁོ་དངོས་སུ་འཛིན་བཟུང་བཀག་ཉར་བྱས་པ་ཁྱབ་བསྒྲགས་བྱེད་སྲིད་པ་རེད། ”ཅེས་བརྗོད་བྱུང་།

 

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༢ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༢༤ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༤ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠

མཆན། 2

  1. ཇོ་རུ་ཚེ་རིང་། says:
    ལོ་ 12 སྔོན།

    ཀྲུག་ཡུང་ཁཱང་ཚར་ལ་ཉེ་འདུག

    ཕྱི་ཚེས་ ༢ ཉིན་གྱི་རྒྱ་ནག་དམར་གཞུང་སྲིད་གྲོས་ལྷན་ཁང་གི་གསར་འགོད་ལྷན་ཚོགས་ཐོག ཧོང་ཀུང་ནན་ཧྭ་ཞོགས་ཚགས་ཀྱི་གསར་འགོད་པས་ཀྲུག་ཡུང་ཁཱང་གི་སྐོར་ནས་དྲི་བ་བཏོན་སྐབས། མགྲིན་ཚབ་པ་ལེའུ་ཞིན་ཧྭ་ཡིས་ཕྱི་ལོ་ ༢༠༡༣ ལོ་ནས་བཟུང་རྒྱ་དམར་དབུས་སྒྲིག་ཁྲིམས་ཞིབ་བཤེར་འཐུས་མི་ལྷན་ཁང་དང་ཁྲིམས་ཞིབ་སྡེ་ཁག་གིས་ཁྲིམས་སྒྲིག་ལ་འགལ་བའི་དཔོན་རིགས་ ༣༡ ལ་ཞིབ་བཤེར་ཐག་གཅོད་བྱས་ཤིང་། དེའི་ཁྲོད་དུ་པུའུ་རིམ་པའི་དཔོན་རིགས་ཡོད་པ་དང་། མི་སུ་དང་གོ་གནས་ཅི་འདྲ་མཐོ་ནའང་། ཁྲིམས་སྒྲིག་དང་འགལ་ཚེ་ཞིབ་བཤེར་ཐག་གཅོད་ནན་མོ་བྱ་རྒྱུ་ཡིན་པ་དེ་ཁ་སྟོང་ཙམ་ཡིན་སྐོར་བརྗོད་མཐར། ཁོས་༼ངས་འདི་ལྟར་ལན་འདེབས་རྒྱུ་ལས་གཞན་མི་འདུག ཁྱོས་ཀྱིས་རྟོགས་འདུག༽ཅེས་བཤད་ཡོད་པ་རེད། འདི་ནི་རྒྱ་གཞུང་གི་འབྲེལ་ཡོད་མི་སྣ་ཀྲུག་ཡུང་ཁཱང་གི་སྐོར་ནས་ལན་འདེབས་བྱས་པ་ཐོག་མ་དེ་ཆགས་ཡོད་ལ། འདི་ལས་ཀྲུག་སྔ་ཕྱི་ཙམ་མ་གཏོགས་ཚར་རྒྱུ་ཡིན་པ་མངོན་འདུག ཀྲུག་གི་རྗེས་སུ་ཞིག་ཡིན་ནམ། ལིས་ཕིན་ཡིན་ནམ། ཙུན་ཆིན་ཧུང་ཡིན་ནམ། ཅང་ཙེ་མིན་ཡིན་ནམ། ཆེས་མཐའ་མར་ཤི་དགོས་པའི་སྟག་དེ་གང་ཟག་གཅིག་མ་ཡིན་པར་གུང་ཁྲན་ཏང་ཡིན་ནམ།

    Reply
  2. ལྷ་དགའ། says:
    ལོ་ 12 སྔོན།

    དུས་ཐོག་ཆར་བ་ལྟ་བུའི་གསར་འགྱུར་ཞིག་རེད། དྲི་བ་དྲིས་ལན་གཉིས་ཀ་རིན་ཐང་ཆེན་པོ་འདུག ཐུགས་རྗེ་ཆེ། (ནང་དོན་གྱི་ཆ་ནས་རང་དབང་དམངས་གཙོའི་ལུང་པའི་གྲོས་ཚོགས་ལྟར། ཁྲིམས་དང་སྲིད་བྱུས་གཏན་འབེབས་བྱེད་པའི་དབང་ཚད་ཡོད་པ་མ་རེད། མང་ཆེ་བ་རྒྱ་ནག་ཆབ་སྲིད་ལྷན་ཁང་གིས་ཐག་གཅོད་གང་བྱས་པ་དེར་ད་རེབ་ཚོགས་ཆེན་ཐོག་བགྲོ་གླེང་ཙམ་བྱས་ཏེ་རྒྱབ་སྐྱོར་ཡོད་པའི་རྣམ་པ་ཙམ་སྟོན་ཆེད་རེད།)གསུང་འདུག་པ་འདི་དོན་དག་རྡོག་རྡོག་དེ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese