མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཀིརྟི་རིན་པོ་ཆེ་མཆོག་ལ་བརྟན་བཞུཊ།

བོད་ཀྱི་དུས་བབ།
༢༠༡༤/༠༣/༡༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་དུ་ཀིརྟི་རིན་པོ་ཆེའི་དགུང་ཀེག་དང་བསྟུན་ཏེ་ཁོང་ལ་བོད་གཞིས་བྱེས་གཉིས་ཀྱི་ཀིརྟི་ཚང་གི་སློབ་བརྒྱུད་ཐུན་མོང་ནས་བརྟན་ཞུགས་ཕུལ་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ པའི་ཐོག་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་ཚོམས་ཆེན་དུ། དཔལ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས་བཀའ་ལུང་ཡང་ཡང་ཕེབས་དོན་བཞིན། རོང་ཆེན་བསྟན་པའི་སྒྲོན་མེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་དགུང་གྲངས་ ༧༣ ལ་ཕེབས་པའི་དགུང་ཀེག་ཐ་དག་ཟློག་ཕྱིར། བོད་གཞིས་བྱེས་གཉིས་ཀྱི་ཀིརྟི་ཚང་གི་སློབ་བརྒྱུད་ཐུན་མོང་ནས་བརྟན་ཞུགས་འདེགས་འབུལ་ཞུས་སོང་།

བརྟན་ཞུགས་ཀྱི་མཛད་སྒོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་སྤྱི་འཐུས་གཞན་ཁག་ཅིག་བཅས་ཕེབས་འདུག དེ་བཞིན། སྟག་ཚང་ལྷ་མོ་དང་ཧོར་གཙང་ཀིརྟི་དགོན་གྲོང་། རྔ་བ་ཀིརྟི་དགོན་གྲོང་། ཚོ་བདུན་ཀིརྟི་དགོན་གྲོང་། ཀིརྟི་བྱེས་པ་གྲྭ་ཚང་དང་སུ་ཁེ་ཀིརྟི་དགོན་སོགས་ཀྱི་སྐུ་ཚབ་བླ་མ་ལས་སྣ་བཅས་བོད་གཞིས་བྱེས་གཉིས་ཀྱི་སེར་སྐྱ་མི་མང་ ༤༠༠ ཡས་མས་བཅས་འཛོམས་འདུག

བརྟན་བཞུགས་ཀྱི་མཇུག་ཏུ་གསར་འགོད་པས་ཀིརྟི་དགོན་པའི་གྲྭ་ཚེ་རིང་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས། ང་ཚོས་ཀིརྟི་རིན་པོ་ཆེ་མཆོག་ལ་རྒྱུ་མཚན་གསུམ་གྱི་ཐོག་ནས་བརྟན་ཞུགས་འབུལ་བཞིན་ཡོད། དང་པོ། ༢༠༡༢ ལོར་ཀིརྟི་སྐུ་ཕྲེང་རིམ་བྱོན་གྱིས་མདོ་རོང་གི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་སྤེལ་མཛད་དེ་ལོ་ངོ་ ༦༠༠ འཁོར་བར་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཚོས་སྲུང་གཙི་ཞུས་པ་དང་འབྲེལ་བརྟན་ཞུགས་ཤིག་བསྟར་ཕུལ་ཞུ་དགོས་པའི་གྲོས་ཆོད་བཞག་ཡོད་ཀྱང་། རིན་པོ་ཆེ་མཆོག་གིས་བརྟན་ཞུགས་དེ་གལ་ཆེན་པོ་མི་འདུག་ཅེས་ཞལ་བཞེས་མ་ཐོབ་པ་དང་། གཉིས་པ། ལོ་ལྟར་དཔལ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་ལ་ཀིརྟི་རིན་པོ་ཆེ་མཆོག་གི་ལོ་གཅིག་གི་སྐུ་གཞི་བདེ་ཐང་གང་འདྲ་ཡོང་མིན་ཐད་ལ་མོ་ལུང་ཕྱག་མོ་ཞུ་བཞིན་ཡོད་པ་ལྟར་བཀའ་ལན་སྔ་ཕྱི་ཐེངས་གསུམ་བཞི་ཙམ་ཞིག་གི་ནང་ངེས་པར་དུ་བོད་གཞིས་བྱེས་གཉིས་ཀྱི་ངོ་བོ་ཐོག་ནས་ཀིརྟི་རིན་པོ་ཆེར་བརྟན་ཞུགས་རྒྱས་པ་ཞིག་ཚེས་སྒྲུབ་སྔོན་དུ་སོང་ནས་བསྟར་ཕུལ་ཞུ་དགོས་བཀའ་ཕེབས་གནང་བ། གསུམ་པ། ད་ལོ་རིན་པོ་མཆོག་དགུང་ཀེག་འཁེལ་ཡོད་སྟབས་བོད་གཞིས་བྱེས་གཉིས་ཀྱི་གདུལ་བྱ་ཚོས་བརྟན་ཞུགས་ཤིག་འདེགས་ཕུལ་ཞུ་དགོས་པའི་གསོལ་འདེབས་ཡང་ཡང་ཞུས་པ་ལྟར་རིན་པོ་ཆེས་གྲ་རྒྱས་པོ་དང་རྫིག་པོ་དེ་འདྲ་མིན་པར་ཆོས་ཕྱོགས་ཁོ་ནའི་ཆེད་སྡིགས་སྤོང་དགེ་སྒྲུབ་ཀྱི་འབད་པ་རྒྱ་ཆེར་སྒྲུབ་ཕྱིར་བརྟན་ཞུགས་ཤིག་ཕུལ་ན་འགྲིག་གི་རེད་ཅེས་ཞལ་བཞེས་ཐོབ་སྟེ་གོ་སྒྲིག་ཞུས་པ་ཞིག་རེད། ཅེས་སོགས་ངོས་སྤྲོད་གནང་སོང་།

གསར་འགོད་པ། དོན་གྲུབ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist