མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཔའ་བོའི་རྗེས་དྲན་སྐུ་བརྙན།

བོད་ཀྱི་དུས་བབ།
༢༠༡༤/༠༣/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཨོ་སི་ཊོ་ལི་ཡའི་རྒྱ་རིགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་གིས་བོད་ཀྱི་འགྲེམས་སྟོན་ཁང་གི་མདུན་དུ་བོད་མིའི་རང་ལུས་མེར་བསྲེགས་ལ་རྗེས་དྲན་སྐུ་བརྙན་ཞིག་གསར་བཞེངས་དབུ་འབྱེད་གནང་སོང་།

དེ་རིང་སྔ་དྲོར་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་བོད་མིའི་སྒེར་ལངས་དུས་དྲན་ཐེངས་ ༥༥ པའི་གཞུང་འབྲེལ་མཛད་སྒོ་གྲུབ་རྗེས། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་སྣེ་ཁྲིད་དེ་དྷ་ཤོད་ཀ་ཅཱ་རིའི་ཁྲིམས་ཁང་བར་མི་མང་གིས་སྐད་འབོད་གོམ་བགྲོད་གནང་ཡོད། ཆུ་ཚོད་ ༡༠།༣༠ ཙམ་ལ་གཙུག་ལག་ཁང་གི་བོད་ཀྱི་འགྲེམས་སྟོན་ཁང་གི་མདུན་དུ། ཨོ་སི་ཊོ་ལི་ཡར་རྟེན་གཞི་བྱས་པའི་རྒྱ་རིགས་ཚོགས་པ་རིས་ཆཱི་རིག་གཞུང་ཐེབས་རྩ་ཁང་གིས། ད་ལྟའི་བར་བོད་ཕྱི་ནང་གཉིས་ནས་བོད་མི་ ༡༣༠ ཙམ་གྱིས་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་བར་རྗེས་དྲན་སྐུ་བརྙན་ཞིག་བཞེངས་ཡོད་པ་དེ། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་དབུ་འབྱེད་གནང་སོང་།

སྐབས་དེར་རྒྱ་རིགས་ཚོགས་པ་དེའི་སྐུ་ཚབ་ལྕམ་ཆི་ཅཱ་ཀྲིན་ལགས་ཀྱིས་གཏམ་བཤད་གནང་དོན། “དེ་རིང་གསུམ་བཅུའི་དུས་དྲན་དང་བོད་ཕྱི་ནང་གཉིས་ནས་རང་ལུས་མེར་བསྲེགས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་གྱི་ཉིན་མོ་གལ་ཆེན་འདིར། བཞུགས་སྒར་དྷ་རམ་ས་ལར་བཙན་བྱོལ་བོད་མི་དང་རྒྱ་མི་མཉམ་འཛོམས་ཀྱིས་དུས་དྲན་སྲུང་གཙི་ཞུ་རྒྱུ་དང་། སྐུ་བརྙན་འདིས་རྒྱ་གཞུང་གི་དབང་བསྒྱུར་འོག་སྡུག་སྦྱོང་མནར་གཅོད་ཐེབས་པའི་བོད་མི་ཁྲི་སྟོང་མང་པོ་དང་རང་ལུས་མེར་བསྲེགས་གནང་བའི་བོད་རིགས་སྤུན་ཟླ་ཚོར། ང་ཚོ་ནམ་ཡང་ཁོ་ཚོར་བརྩེ་བ་ཡོད་ལ་ནམ་ཡང་བརྗེད་མི་སྲིད་པ་མཚོན་ཡོད། བོད་མི་འདི་འདྲ་མང་པོས་ག་རེ་བྱས་ནས་རང་ལུས་མེ་རུ་བསྒྲོན་པ་རེད། ཁོ་ཚོའི་རེ་འདོན་ག་རེ་རེད། ཁོ་ཚོས་ཆོས་ལུགས་རང་དབང་དང་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གཅེས་འཛིན། རང་ཉིད་ཀྱི་འཚོ་བའི་གོམས་གཤིས་རྒྱུན་འཛིན། ༧རྒྱལ་བ་ཡིད་བཞིན་ནོར་བུ་བོད་དུ་ཕྱིར་ཕེབས་ཏེ་བོད་མི་རྣམས་དང་མཉམ་དུ་བཞུགས་ཐུབ་པའི་རེ་བ་གནང་གི་ཡོད་ཀྱང་། རྒྱ་གཞུང་གི་དབང་བསྒྱུར་འོག་ཁོ་ཚོའི་རེ་འདོད་མངོན་འགྱུར་བྱེད་ཐུབ་ཀྱི་མེད། ཡིན་ནའང་། རང་ལུས་མེར་བསྲེགས་གནང་མཁན་གྱི་བོད་མི་ཚོས་རང་གི་ལུས་སྲོག་བློས་བཏང་བ་ལས་གཞན་ལ་གནོད་འཚེ་མི་བྱེད་པའི་བྱ་སྤྱོད་འདིས་འཛམ་གླིང་མི་མང་ལ་མིག་དཔེ་བཟང་པོ་བསྟན་ཡོད། སྤྱིར་བཏང་ང་ཚོ་རྒྱ་མི་དང་བོད་མི་གཉིས་ཀ་རྒྱ་གཞུང་གི་དབང་བསྒྱུར་འོག་གནོད་འཚེ་ཐེབས་མཁན་ཡིན་ལ། ང་ཚོ་ཚང་མ་ཁྱིམ་ཚང་གཅིག་ནས་ཡིན་སྟབས་ཚང་མས་རྡོག་རྩ་ཆིག་སྒྲིལ་གྱིས་རྒྱ་གཞུང་གི་དབང་ཆ་གཅིག་སྡུད་ལམ་ལུགས་མེད་པར་བཟོ་ཆེད་ནུས་ཤུགས་ཡོད་དགུ་འདོན་དགོས། ”ཞེས་བརྗོད་སོང་།

དེའི་རྗེས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག རྡ་ས་འགྲེམས་སྟོན་ཁང་དུ། ཐེངས་འདིར་གསུམ་དུས་མཛད་སྒོར་བཅར་བའི་ཡུ་རོབ་མཐུན་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཚོགས་ཆུང་(European Economic & Social Committee)གི་ཚོགས་གཙོ་སྐུ་ཞབས་ཧན་རི་མཱ་ལོ་སི་(Henri Malosse)མཆོག་གི་གཙོས་སྐུ་ཚབ་ཚོགས་ཆུང་གི་ངོས་ནས་གསར་འགོད་ལྷན་ཚོགས་ཤིག་བསྐྱངས་སོང་། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་རྣམ་གཉིས་ཀྱིས། སྐུ་ཞབས་ཧན་རི་མཱ་ལོ་སི་མཆོག་ནི་བོད་ཀྱི་ཡིད་ཆེས་བྱེད་ཆོག་པའི་གྲོགས་པོ་རྙིང་པ་ཞིག་ཡིན་པ་དང་། ད་རེབ་ཡུ་རོབ་མཐུན་ཚོགས་ཀྱི་གཞུང་འབྲེལ་ངོས་ནས་སྐུ་ཚབ་ཚོགས་པ་གསུམ་བཅུའི་དུས་དྲན་གྱི་མཛད་སྒོར་ཕེབས་ཏེ། བོད་མི་ཚོར་གདུང་སེམས་མཉམ་སྐྱེད་དང་བོད་དོན་ཐོག་ཐུགས་ཁུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སོང་།

སྐུ་ཞབས་ཧན་རི་མཱ་ལོ་སི་མཆོག་གིས། “ང་ཚོ་དྷ་རམ་ས་ལར་ཡོང་དགོས་དོན་ནི་བོད་དོན་གཅིག་པུ་མིན་པར་འཛམ་གླིང་ཡོངས་ཀྱིས་ངོས་འཛིན་བྱེད་བཞིན་པའི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཆེ་མཐོང་། རང་དབང་བཅས་ལ་རྒྱ་གཞུང་གིས་ལོ་མང་རིང་རྡོག་རོལ་གཏོང་བཞིན་པ་དག་ལ་གདུང་སེམས་མཉམ་སྐྱེད་ཞུ་ཆེད་ཡིན་ལ། སྐྱབས་བཅོལ་བོད་མིའི་སྒྲིག་འཛུགས་ནི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ། རང་དབང་བཅས་ལ་གུས་བརྩི་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་སྤྱིའི་ཐོག་གི་རྒྱལ་ཁབ་དང་ཚོགས་སྡེ། མི་སྒེར་བཅས་ཀྱིས་དམིགས་དཔེ་ལྟ་ས་ཞིག་ཡིན་སྟབས། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་དབུ་མའི་ལམ་གྱི་ཐབས་ལམ་བརྒྱུད་རྒྱ་གཞུང་གིས་བོད་མིའི་སྒྲིག་འཛུགས་དང་ལྷན་དུ་བོད་དོན་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་བྱེད་བཞིན་ཡོད” ཅེས་གསུངས་སོང་།

དེའི་རྗེས་གསར་འགོད་པ་ཚོའི་དྲི་བར་ལན་འདེབས་སྐབས་ཁོང་གིས། “ཡུ་རོབ་མཐུན་ཚོགས་ཀྱི་རྩ་ཁྲིམས་དོན་ཚན་ ༢༡ ནང་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། སྨྲ་བརྗོད་རང་དབང་གོང་འཕེལ་དུ་གཏོང་རྒྱུ་ནི་རང་དབང་ཚོང་ལས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན་པར་བརྟེན། ཡུ་རོབ་གྲོས་ཚོགས་ནང་ཡུའུ་ཁུ་རཱེན་གྱི་རང་སྐྱོང་མངའ་ཁུལ་ཁུ་རེ་མཱེ་ (Crimea )གནད་དོན་གཙོས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་གྲོས་བསྡུར་བྱ་རྒྱུ་ཡིན་ལ། ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་མཉམ་དུ་རང་དབང་ཚོང་ལས་ཀྱི་གྲོས་ཆོད་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ནི་གླེང་དགོས་པའི་གནད་དོན་གལ་ཆེན་ཞིག་ཡིན། མི་འགྱངས་བར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་འཇར་ནམ་དུ་ཡོང་རྒྱུ་ཡིན་སྟབས། སྐབས་དེར་ང་ཚོས་ཁོ་རང་ལ་སྲིད་དོན་དང་འབྲེལ་བའི་བོད་ཀྱི་གནད་དོན་སྐོར་གླེང་བྱ་རྒྱུ་ཡིན། ”ཞེས་བརྗོད་སོང་།

ད་རེབ་གསུམ་བཅུའི་དུས་དྲན་ཐོག་ཕེབས་པར་རྒྱ་གཞུང་གིས་གནོན་ཤུགས་སྤྲད་པའི་སྐོར་ལ་ཁོང་གིས། “ ཉེ་ལམ་རྒྱ་ནག་ཚོང་འབྲེལ་དོན་གཅོད་ཀྱིས་ང་ཚོ་དྷ་རམ་ས་ལར་འགྲོ་མི་ཆོག་པའི་ཡི་གེ་ཞིག་འབྱོར་སོང་། དེ་བཞིན། ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་རྒྱ་ནག་གཞུང་ཚབ་པ་ང་སར་ཡོང་སྟེ་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་མ་བྱེད་རོགས་ཞེས་བརྗོད་སོང་། ངས་ཀྱང་ཁོ་མོར་ང་ཚོར་མཚོན་ན་བོད་ཀྱི་གནད་དོན་ནི་རྒྱལ་སྤྱིའི་གནད་དོན་ཞིག་ཡིན་པ་དང་། རྒྱ་ནག་གི་མགོ་ཁྲིད་ཚོས་ཀྱང་ཉི་ཧོང་དང་ཝེ་ཐི་ནམ་སོགས་ཀྱི་ནང་སྲིད་ལ་ཐེ་གཏོགས་བྱེད་ཀྱི་ཡོད། དེ་མིན་རྒྱ་གཞུང་གིས་ང་ཚོར་བོད་ཀྱི་ལྷ་ས་གཙོས་བོད་རིགས་ས་ཁུལ་དུ་ཡོང་རྒྱུར་མགྲོན་འབོད་བྱོས་དང་། ང་ཚོ་བོད་ནང་དུ་ཡོང་ན་བོད་ཀྱི་གནས་སྟངས་ངོ་མ་མཐོང་ཐུབ་ཅེས་འགྲེལ་བརྗོད་བྱས་པ་ཡིན། ”ཞེས་སོགས་བརྗོད་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese