མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་བུད་མེད་ཚོའི་ཐུན་མིན་གྱི་བློ་སྟོབས་དེ་རྩ་དོན་ཆེད་གཏོང་དགོས།

བོད་ཀྱི་དུས་བབ།
༢༠༡༤/༠༣/༡༢
Share on FacebookShare on TwitterShare on EmailShare on Whatsapp

བུད་མེད་སྒེར་ལངས་དུས་དྲན་ཐེངས་ ༥༥ པའི་ཐོག་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས། བོད་ཀྱི་བུད་མེད་ཚོར་གཞན་དང་མ་འདྲ་བའི་བློ་སྟོབས་ཆེན་པོ་ཡོད་པ་དེ་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཆེད་གཏོང་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩། ༠༠ པ་ཙམ་ལ་དྷ་ས་གཙུག་ལག་ཁང་གི་རྒྱལ་གཅེས་དཔའ་བོའི་རྗེས་དྲན་རྡོ་རིང་མདུན་དུ། བོད་ཀྱི་བུད་མེད་སྒེར་ལངས་དུས་དྲན་ཐེངས་ ༥༥ པ་སྲུང་གཙི་གནང་ཡོད་ཅིང་། སྐུ་མགྲོན་གཙོ་བོ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གི་གཙོས་བུད་མེད་སྤྱི་འཐུས་ཁག་ཅིག་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་དྷ་སའི་ཉེ་འཁྲིས་ཀྱི་སློབ་གྲྭ་ཁག་གི་སློབ་ཕྲུག་དང་སེར་སྐྱ་མི་མང་བཅས་འདུ་འཛོམས་གནང་འདུག

དུས་དྲན་མཛད་སྒོའི་ཐོག་ཕྱི་ལོ་ ༡༩༩༧ ནས་བཟུང་ཅན་ངྷི་གྷར་དུ་སྨན་བཅོས་ཐད་དང་བླངས་ཞབས་ཞུ་གནང་མཁན་ཨ་ཅག་ཚེ་རིང་སྒྲོལ་དཀར་ལགས་ཀྱི་སྤྱི་སེམས་ལ་ཆེ་མཐོང་དང་གུས་བཀུར་མཚོན་ཆེད། ༢༠༡༤ ལོའི་རྒྱལ་གཅེས་༼དཔའ་མོའི་མེར་སྒྲོན་གྱི་གཟེངས་རྟགས༽ཧིན་སྒོར་ ༢༥༠༠༠ ཕུལ་བ་དང་། གཞན་ཡང་། གཞིས་བཞུགས་བོད་མི་རྒན་གཞོན་ཚང་མས་རང་སྲོག་བློས་གཏོང་གིས་བོད་ཀྱི་ཆོས་དང་སྐད་ཡིག་རིག་གཞུང་བཅས་མི་ཉམས་རྒྱུན་འཛིན་གནང་བཞིན་པར་བསྔགས་བརྗོད་དང་ཡི་རངས་མཚོན་ཆེད། འདི་ལོའི་བུད་མེད་སྒེར་ལངས་ཀྱི་ཉིན་མོ་དང་བསྟུན་ཏེ་༼རྒྱའི་བཙན་གནོན་འོག་གི་རྒྱ་བོད་མི་རིགས་བསྲེས་ལྷད་ཐད་ཞིབ་འཇུག༽དང་༼བྱེས་སུ་གྱར་རྗེས་བོད་རིགས་དང་མི་རིགས་གཞན་བར་རིགས་རྒྱུད་བསྲེས་ལྷད་ཐད་ཞིབ་འཇུག༽ཅེས་པའི་བརྗོད་གཞི་གཉིས་ཀྱི་ཐོག བུད་མེད་ཤེས་ཡོན་ཅན་གཉིས་ལ་དུས་ཡུན་ལོ་གཅིག་རིང་ལས་ཞོར་དུ་ཉམས་ཞིབ་བྱེད་པར་མཐུན་རྐྱེན་བསྐྲུན་རྒྱུ་ཡིན་པ་ཁྱབ་བསྒྲགས་གནང་སོང་།

མཛད་སྒོའི་ཐོག་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་སྒྲོལ་མ་ལགས་ཀྱིས་ཡིག་ཐོག་ནས་བསྒྲགས་གཏམ་སྒྲོགས་སྦྱང་གནང་བའི་ནང་། ང་རང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་བོད་རིགས་རྒན་གཞོན་བར་གསུམ་གྱིས་སྒེར་གྱི་སྟབས་བདེའི་ཆེད་མིན་པར། བོད་མི་རིགས་རྩ་བརླག་ཏུ་འགྲོ་བའི་ཉེན་སྲུང་གི་འོས་འགན་དེ་མདང་སྐྱེས་ཀྱི་བྱིས་པར་ཡང་ཡོད་ན། རྒྱ་ཆེ་ས་ནས་བསམ་བློ་བཏང་ནས་དེང་དུས་ཀྱི་སྦྱང་པའི་ཡོན་ཏན་དང་མཉམ་དུ། ཕ་མེས་ནས་ཡོད་པའི་བོད་མི་རིགས་ཀྱི་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་མཛངས་སྤྱོད་དང་། འཛམ་གླིང་ལ་ངོམ་དུ་ཆོག་པའི་སངས་རྒྱས་ཀྱི་ཆོས་ལ་དོ་སྣང་། དེ་བཞིན་སོ་སོའི་སྐད་ཡིག་གོམས་སྲོལ་ལ་ཆེ་མཐོང་སྤྲོད་ཐུབ་པ་དང་། དེའི་ཐོག་ནས་རང་རྒྱལ་ཁབ་ཀྱི་བཟང་པོའི་གོམས་སྲོལ་གྱིས་རྒྱབ་ཐེག་པ་ཞིག་ཡོང་བར་གོམ་པ་དང་པོ་ཁྱིམ་ཚང་ནང་ནས་སློབ་གསོ་གོ་རྟོགས་སྤེལ་རྒྱུ་རྒན་རབས་ཚོར་འགན་ཡོད་པ་བཞིན། མི་རབས་གསར་པ་ཚོའི་ངོས་ནས་ཀྱང་སྟབས་གང་བདེ་དང་སྣང་བ་གང་སྐྱིད་ཙམ་མིན་པར། བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེགས་ག་རེའི་དོན་དུ་གཏོང་གི་ཡོད་པ་ཚང་མས་མཁྱེན་གྱི་ཡོད་པ་བཞིན། ཉིན་རེའི་འཚོ་བའི་བྱ་ལས་ནང་སེམས་འཁུར་བླངས་ཏེ་གཤིས་རྒྱུད་བཟང་པོའི་ཡོན་ཏན་རྣམས་མི་རབས་ནས་མི་རབས་བརྒྱུད་རྩིས་སྤྲོད་ཐུབ་རྒྱུར་བདག་གཅེས་ལ་འབད་བརྩོན་གནང་དགོས་པའི་གཞེན་སྐུལ་ཞུ་ཡི་ཡོད། ཅེས་བཀོད་འདུག

ཡང་བསྒྲགས་གཏམ་དེའི་ནང་། དེ་རིང་གི་གོ་སྐབས་འདི་བརྒྱུད་དེ་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་ཡོད་མེད་རྒྱ་གཞུང་གིས་གསལ་སྟོན་དགོས་པ་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གིས་དབུས་ཆབ་སྲིད་བཙོན་པ་ཡོངས་གློད་བཀྲོལ་དགོས་པ། ངེས་མེད་འཛིན་བཟུང་དང་། བཙོན་ཁང་ནང་གཅར་རྡུང་དྲག་པོས་དམར་གསོད་གཏོང་བ་སོགས། ལོ་ངོ་དྲུག་བཅུའི་ནང་བོད་མིའི་ཐོག་ལག་བསྟར་བྱེད་མུས་སུ་ཡོད་པའི་མཁྲེགས་བཟུང་སྲིད་ཇུས་དེ་ཕམ་ཉེས་དང་། དབང་ཆ་གཅིག་སྡུད་དང་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ཡིན་པར་རྒྱ་གཞུང་གི་འགོ་ཁྲིད་ཚོས་ངོས་ལེན་བྱེད་དགོས་པའི་འབོད་སྐུལ་ཞུ། ཞེས་སོགས་བཀོད་འདུག

མཇུག་ཏུ་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་ཀྱིས་གསུང་བཤད་གནང་དོན། “ ང་ཚོ་ཚང་མས་ལས་ཀ་ག་རེ་བྱས་པ་ཡིན་ནའང་སོ་སོའི་ལུས་ངག་ཡིད་གསུམ་གཏད་ནས་དེ་ཅིའི་ཕྱིར་བྱེད་ཀྱི་ཡོད་པ་ཧ་གོ་དགོས་པ་གལ་ཆེན་པོ་རེད་མ་གཏོགས། རྒན་པ་དང་འགན་འཛིན་ཚོས་སོང་ཟེར་གྱི་འདུག་མ་འགྲོ་རང་འགྲོ་རེད་བསམ་ནས་ཕྱིན་པ་ཡིན་ན་དེར་དོན་སྙིང་ཡོད་པ་མ་རེད། ངས་སྙིང་ཐག་པ་ནས་འབོད་སྐུལ་ཞུ་འདོད་པ་ཞིག་ལ་ང་ཚོས་རྒྱལ་ཁབ་ཀྱི་དོན་དུ་དཀའ་ལས་བརྒྱབ་པ་དེ་འཁྲབ་སྟོན་ཙམ་མིན་པར་ཚོར་བ་དང་ལྡན་པའི་ཐོག་ནས་གནང་དགོས་པ་དེ་ཞེ་དྲག་གལ་ཆེན་པོ་རེད། དེ་བཞིན། ལས་ཀ་ག་རེ་བྱས་པ་ཡིན་ནའང་མཉམ་རུབ་བྱེད་རྒྱུ་གལ་ཆེན་པོ་རེད། འདས་པའི་ལོ་ ༥༥ རིང་སྐུ་ལས་བསྐྱོན་པ་ལ་བརྟེན་ཏེ་བོད་པའི་བཙན་བྱོལ་སྤྱི་ཚོགས་ཟེར་དུས་འཛམ་གླིང་ཐོག་ཉི་མ་ཤར་བ་ལྟར་ཚང་མས་ཧ་གོ་བ་ཞིག་དང་། ཧ་གོ་འདོད་མེད་མཁན་ཚོར་ཡང་ཧ་མ་གོ་རང་གོ་ལྟ་བུ་ཆགས་བསྡད་ཡོད་སྟབས། ང་ཚོས་མུ་མཐུད་དུ་གོམ་པ་བརྒྱབ་ནས་ང་ཚོ་གང་དུ་འགྲོ་དགོས་ས་རེད། ག་རེ་བྱེད་དགོས་ཀྱི་འདུག་བལྟས་པ་ཡིན་ན། སྔ་མོའི་མི་ཚོ་དང་འདྲ་ཡི་མ་རེད། སྔོན་མའི་ཨ་མ་ལགས་བག་ལེབ་བཙོང་མཁན་དེ་ཚོར་ཐུགས་ཁག་ཡོད་པ་མ་རེད། དེ་དུས་སྐད་ཤེས་ཀྱི་མེད་ལ་དེང་སང་ནང་བཞིན་གཞན་ལ་སློང་བ་སོགས་ཡོད་པ་མ་རེད། ཡིན་ནའང་། ཁོང་མོ་ཚོས་བག་ལེབ་བཙོང་ནས་ཚོགས་པའི་འགྲོ་སོང་བསགས་པ་རེད། ངས་བལྟས་ན་དེ་ཚོ་ལོ་རྒྱུས་ནང་འགོད་དགོས་པའི་གཟི་བརྗིད་ཅིག་རེད་བསམ་གྱི་འདུག སྤྱིར་བཏང་བཙན་བྱོལ་གྱི་སྤྱི་ཚོགས་མང་པོ་ཞིག་ཡོད་ཀྱང་སྤྱི་པའི་ཆེད་དུ་དེ་འདྲ་དཀའ་ལས་རྒྱག་མཁན་ཧ་ལམ་བྱུང་ཡོད་པ་མ་རེད་དྲན་གྱི་འདུག མི་སྒེར་སོ་སོའི་ཆེད་དུ་ལས་ཀ་ག་རེ་ཡིན་ནའང་བྱེད་མཁན་གང་སར་ཡོད་པ་རེད། མདོར་བསྡུས་ནས་ཞུས་ན། དེ་རིང་འདིར་བོད་ཀྱི་བུད་མེད་ལྷན་ཚོགས་ཁྲ་རིག་རིག་བསླེབས་ཡོད་པ་དེ་དཔའ་མོ་སྟོང་ཕྲག་མང་པོས་སྐུ་ལས་བསྐྱོན་ཏེ་བྱུང་བ་ཡིན་སྟབས། འདི་ཡག་པོ་ཞིག་ཉར་ནས་མ་འོངས་པར་བོད་ལ་གདན་འདྲེན་ཞུ་དགོས་པ་དེ་དཔེ་གལ་ཆེན་པོ་རེད། ”ཅེས་གསུངས་སོང་།

ཡང་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་བོད་ཀྱི་བུད་མེད་ཚོར་གཞན་དང་མ་འདྲ་བའི་བློ་སྟོབས་ཤིག་ཡོད་པ་དེ་བེད་སྤྱོད་ཡག་པོ་གཏོང་དགོས་བའི་སྐོར་ལ། “ འཛམ་གླིང་མི་མང་ལ་མེད་པ་ཞིག་ང་ཚོར་ག་རེ་འདུག་ཟེར་ན། ང་ཚོ་བོད་མི་དང་དེའི་ནང་ནས་ཀྱང་བུད་མེད་ཚོ་སྐུ་ལས་བསྐྱོན་ཐུབ་མཁན་དང་གནད་དོན་ཆེ་མ་ཆུང་གསུམ་ལ་གདོང་ལེན་བྱེད་ཐུབ་མཁན། གང་ལྟར་བོད་ཀྱི་བུད་མེད་ཟེར་དུས་དངོས་གནས་དྲང་གནས་གཞན་དང་མ་འདྲ་བའི་བློ་སྟོབས་ཆེན་པོ་ཅན་ཞིག་ལ་ངས་ངོས་འཛིན་ཞུ་བཞིན་ཡོད། དེར་བརྟེན་བློ་སྟོབས་དེ་བེད་སྤྱོད་གཏོང་ས་མ་ནོར་བ་བྱས་ནས་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་དང་ཆོས། རིག་གཞུང་སྲུང་སྐྱོབ་ཐོག་གཏོང་ཐུབ་པ་ཡིན་ན། འདིར་ཞུགས་ཚང་མ་ཁྱིམ་གྱི་ཨ་མའམ་ཡང་ན་མ་འོངས་པའི་ཨ་མ་ཡིན་སྟབས། སོ་སོའི་ཁྱིམ་མི་ཚོར་བོད་ཀྱི་ཆོས་དང་རིག་གཞུང་སྤེལ་ཐུབ་པ་ཡིན་ན། འཛམ་གླིང་གི་མི་སུ་གཅིག་གིས་ཀྱང་ང་ཚོར་ལག་ཁེལ་གྱི་མ་རེད་བསམ་གྱི་འདུག མདོར་བསྡུས་ན་ང་ཚོས་ལོ་ངོ་ ༥༥ ཕྱི་ལོགས་ནས་བསྐྱལ་བ་རེད། ད་དུང་ལོ་ག་ཚོད་བསྐྱལ་དགོས་མིན་ཤེས་ཀྱི་མ་རེད། གཅིག་བྱས་ན་ང་ཚོ་མགྱོགས་པོར་བོད་ལ་ལོག་ཐུབ་པ་དང་། ཡང་ན་ད་དུང་ལོ་ ༥༥ ལ་བསྡད་དགོས་ཁེལ་སྲིད་པ་རེད། གལ་སྲིད་ཕྱི་ལོགས་ནས་ལུས་པ་ཡིན་ན་ང་ཚོས་གོམ་པ་གང་འདྲ་རྒྱག་དགོས་ཀྱི་འདུག་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེན་རེད། ”ཅེས་གསུངས་སོང་།

དུས་དྲན་མཛད་སྒོ་གྲུབ་རྗེས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྣེ་ཁྲིད་དེ་དྷ་ཤོད་ཀ་ཅ་རིའི་ཁྲིམས་ཁང་བར་བུད་མེད་ཚོས་ཞི་བའི་གོམ་བགྲོད་གནང་ཡོད།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དྷ་ས་ས་གནས་མགོ་འཛིན་གྱི་ཚོགས་ཁང་དུ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་རྗེས་དྲན་བགྲོ་གླེང་ཞིག་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༦
Mobile App

མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་བཀྲོངས་པ་ཁ་གསལ་བཟོ་ངེས་ཡིན་པའི་བསྒྲགས་གཏམ་སྤེལ།

༢༠༢༥/༠༥/༡༦
Exile Tibetan Buddhist nuns carry placards during a protest march demanding the release of their religious leader Gedhun Choekyi Nyima, the 11th Panchen Lama, who was put under house arrest by the Chinese authorities this day in 1995 in Tibet, in Dharmsala, India, Wednesday, May 17, 2017. © 2017 AP Photo/Ashwini Bhatia
Mobile App

༧པཎ་ཆེན་རིན་པོ་ཆེ་ནང་མི་སྐུ་འཁོར་དང་བཅས་པ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་སྐུལ་མ་བྱས་འདུག

༢༠༢༥/༠༥/༡༦
གངས་་སྐྱིད་དུ་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༨ པ་སྲུང་གཙི་གནང་།  ༢༠༢༥།༠༥།༡༦ དུས་བབ་ཀྱི་པར།
Mobile App

བོད་ཀྱི་སྒྱུ་རྩལ་པས་སྒྱུ་རྩལ་བརྩམས་ཆོས་ཀྱི་ཐོག་ནས་བོད་དོན་འགྲེམས་སྟོན་བྱས།

༢༠༢༥/༠༥/༡༦
Advertisement for App

འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

༢༠༢༥/༠༥/༡༦
The people involved in the brawl received administrative penalties on Friday. Photo: Handout (SCMP)
Mobile App

རང་བཙན་ནམ་འཇིགས་སྐུལ་བའི་དོགས་ཟོན་འོག་མི་ ༣༡ འཛིན་བཟུང་བྱས།

༢༠༢༥/༠༥/༡༥
The Ministry of Civil Affairs of the People’s Republic of China (PRC) released the 5th list of names geolocating locations in the Indian state of Arunachal Pradesh, 11th May 2025.
Mobile App

རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེའི་ས་ཁུལ་དང་རི་ཆུ་ ༨༩ ལ་མིང་གསར་པ་བཏགས།

༢༠༢༥/༠༥/༡༥

མཆན། 2

  1. བོད་ཀྱི་བུ། says:
    ལོ་ 11 སྔོན།

    བུད་མེད་ཚོགས་པའི་རྒྱལ་ཁབ་ཅིག་ལ་ཡིད་སྨོན་བྱེད་ཀྱི་ཡོད་པ་དེ་ཡག་པོ་རེད་ཤག ངས་བུད་མེད་ཚོགས་པའི་རྒྱལ་ཁབ་བརྗེད་འདུག་བསམ་སོང་། བུད་མེད་ཚོགས་པ་འདི་ཤར་གླིང་ཟླ་སྒྲོན་ཟེར་བའི་སྐབས་འཚོལ་བ་དེའི་ཚོའི་གཡོ་འོག་ལ་མི་འགྲོ་རྒྱུ་གལ་ཆེ།

    Reply
  2. མགོ་ལོག་ཟླ་བྷེ། says:
    ལོ་ 11 སྔོན།

    སྐྱེས་མ།
    བུད་མེད་ཟེར་བའི་ཚིག་དེ་ལ་སྒྲ་བཤད་ངན་པ་མི་འདྲ་བ་གསུམ་ཡོད་པར་བོད་དམངས་ཁྲོད་ཀྱི་གནའ་བོའི་ངག་རྒྱུན་དུ་གོ་རྒྱུ་འདུག
    དེང་གི་མཁས་པ་ཁ་ཤས་ཤིག་གི་ཞལ་ནས་ཀྱང་དེ་བཞིན་ཐོས་སོང་།
    ༡༽སྐྱེས་མའི་མཚན་མ་དེ་སྐྱེས་པའི་མཚན་མ་ལྟར་འབུད་རྒྱུ་མེད་པས་ན་་་་ བུད་མེད་་་་་་དང་།
    ༢༽སྤྱི་ཚོགས་སྟེང་སྐྱེས་མ་རྣམས་ཀྱི་ཐོབ་ཐང་དང་ཆེ་མཐོང་གནས་རིམ་སོགས།སྐྱེས་པ་ཚོའི་གོང་ལ་དུས་ནམ་ཡང་འབུད་མི་ཐུབ་པར་ བསྙད་དེ་་་་་བུད་མེད་་་་་་དང་།
    ༣༽སྐྱེས་མ་ལ་འབྲེལ་ཞིང་ཆགས་ན་འཁོར་བ་དང་ངན་སོང་གི་གནས་ནས་ནམ་ཡང་ཐར་བའམ་འབུད་མི་ཐུབ་ཅེས་སྐུར་ནས་་་་་བུད་མེད་་་་་ཟེར་གྱིན་ཡོད་པ་རེད་ཟེར། དེ་བཞིན་དུ་སྐྱེ་བ་བླངས་པ་སྐྱེས་པ་ལས་དམན་པར་བཤད་ནས་སྐྱེ་དམན་དང་ནག་མོ་ཨ་ཡེ་སོགས་འབོད་པ་ནི།མུན་ནག་དང་མ་རབས་རྗེས་ལུས་ཀྱི་སྤྱི་ཚོགས་ཤིག་གི་ཕོ་མཆོག་མོ་དམན་གྱི་ལྟ་ངན་འཁུར་མཁན་ཚོའི་འབྱུང་བོའི་རང་གཟུགས་རུལ་དྲི་བྲོ་བ་དེ་རེད་འདོད།འོད་སྣང་དང་ཡ་རབས། བྱམས་བརྩེ།འདྲ་མཉམ་གྱི་དུས་རབས་འདིར། ཆེས་བླ་ན་མཐོ་ཞིང་། ཆེས་རླབས་ཆེ་བའི་འགྲོ་བ་མིའི་རིགས་ཀྱི་མ་ཡུམ་བྱམས་ཆེན་བརྩེ་བའི་བདག་ཉིད་དྲིན་མོ་ཆེ་རྣམས་ལ་ང་ཚོས་ད་ནས་བཟུང་
    ༼སྐྱེས་མ༽ཞེས་འབོད་རོགས་སྙིང་ནས་ཞུ་ཞུ། ཞེས་བོད་རྒྱལ་ལོ༢༡༤༡ལོ་སར་ཚེས༧ནུབ་གུས་དམན་པ་མགོ་ལོ་ཟླ་བྷེ་རུ་འབོད་པས་མགྱོགས་བྲིས་བྱས།
    ༢༠༡༤/༠༣/༠༨ རྒྱལ་སྤྱིའི་སྐྱེས་མའི་དུས་ཆེན་ལ་བོ་ཁ་བ་ཅན་གྱི་མ་ལྕམ་སྲིང་གསུམ་ལ་རྟེན་འབྲེལ་གྱི་དོད་དུ་འབྲི་ཁུལ་བྱས་པར་འདིར་སྣོན་བརྒྱབ་པ་ཞིག་ལ་བོད་ཀྱི་བུད་མེད་ཚོགས་པ་ཞུ་བའི་མཚན་འདི་ཡང་༼ སྐྱེས་མ༽ཞེས་པར་བརྗེ་བསྒྱུར་གནང་བར་རེ་ཞུ་དང་བཅས་ཕུལ།

    ཉི་མ་དེ་རིང་ནས་བཟུང་བོད་ཁ་བ་ཅན་ལ་་་་་་སྐྱེས་མ་་་་་་་མ་གཏོགས་བུད་མེད་མེད།
    ནག་མོ་མེད། སྐྱེ་དམན་མེད། ཨ་ཡེ་མེད་པར་ཤོག་ཅིག་གུ། མ་སྲིང་སྐྱེས་མའི་སྡེ་ཆེན་རྒྱལ་གྱུར་ཅིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese