མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱིའི་སྣོད་ཡག་པོ་བཟོས་ཡོད་པ་ལྟར་ནང་གི་བཅུད་ཀྱང་ཡག་པོ་ཡོང་དགོས།

བོད་ཀྱི་དུས་བབ།
༢༠༡༤/༠༣/༡༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གྲོས་ཚོགས་ཚོགས་དུས་བདུན་པ་སྤྱི་འཐུས་ཚོགས་ཁང་གསར་པའི་ནང་མགོ་འཛུགས་གནང་ཡོད་ཅིང་། ཚོགས་གཙོའི་ངོ་སྤྲོད་གནང་བ་ལྟར་ན་ཐེངས་འདིར་སྔོན་རྩིས་གཏན་འབེབས་ལས་གཞན་ལས་རིམ་མང་པོ་མེད་པ་དང་། མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་མཇུག་སྐྱོང་སྙན་ཐོ་ཕྱི་འགྱངས་བྱེད་དགོས་བྱུང་ཡོད་སྐོར་གསུངས་སོང་།

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༡།༣༠ སྟེང་། གངས་ཅན་སྐྱིད་གཤོང་གི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་གསར་པའི་ནང་། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་དེ་དབུ་འཛུགས་གནང་སོང་། ཚོགས་འདུ་དབུ་འཛུགས་ཐོག་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་ཀྱིས་གཙོས་པའི་སྤྱི་འཐུས་རྣམ་པ་དང་སྲིད་སྐྱོང་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ། དེ་བཞིན། ཟུར་ཉན་དུ་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་བཞུགས་སྒར་དང་གངས་སྐྱིད་ཁུལ་གྱི་དོ་སྣང་ཅན་དག དམིགས་བསལ་སྐུ་མགྲོན་ཡུ་རོབ་མཐུན་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཚན་ཁག་གི་ཚོགས་གཙོ་སྐུ་ཞབས་ཧེ་རེ་མཱ་ལོ་སེལ་ (Heuri Malosse) ལགས་ཀྱིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པ་བཅས་ཕེབས་འདུག

ཚོགས་འདུ་དབུ་འཛུགས་ཀྱི་ཐོག་མར་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་དབུ་འཛུགས་ཀྱི་གཏམ་བཤད་དོན། ཁ་སང་གསུམ་བཅུ་དུས་དྲན་མཛད་སྒོའི་སྐབས་ཆབ་སྲིད་དང་འབྲེལ་བའི་དོན་གནད་ཁག་ཞུས་ཟིན་སྟབས་བསྐྱར་ལྡབ་བྱེད་མི་དགོས་པར་ད་རེབ་ཚོགས་གཙོས་དབུ་འཛུགས་གཏམ་བཤད་མང་པོ་ཞུ་རྒྱུ་མེད། དེ་རིང་ཞོགས་པར་༧གོང་ས་མཆོག་དབུ་བཞུགས་ཐོག་ཐུགས་རྗེས་ལེགས་གསོལ་དང་། ད་རེབ་གྲོས་ཚོགས་ཚོགས་དུས་བདུན་པ་འདི་ཚོགས་ཁང་པ་བསྐྱར་གསོ་འཛུགས་སྐྲུན་བྱས་རྗེས་ཀྱི་ཚོགས་དུས་དང་པོ་དེ་འཚོགས་ཀྱི་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་བརྒྱབ་སྟེ་ཕྱིའི་དངོས་པོའི་ཐོག་ནས་མཐུན་རྐྱེན་འཛོམས་པ་ཆགས་བསྡད་ཡོད་སྟབས། ནང་གི་བཅུད་དེ་ཚོགས་ཁང་འདིའི་ནང་ཡོད་པའི་སྲིད་སྐྱོང་མཆོག་གཙོས་བཀའ་བློན་རྣམ་པ་དང་སྤྱི་འཐུས་ཚོགས་གཙོ་གཞོན་གཙོས་པའི་སྤྱི་འཐུས་རྣམ་པ་ཆགས་ཡོད་སྟབས། ཕྱིའི་སྣོད་ཡག་པོ་ཡོད་པ་བཞིན་ནང་གི་བཅུད་དེའང་སྔར་ལས་ལྷག་པ་ཡར་རྒྱས་གཏོང་བའི་གནད་འགག་ཆགས་ཡོད།

དེར་བརྟེན། ང་ཚོས་ལས་རིམ་ག་རེ་གནང་བ་ཡིན་ན་ང་ཚོས་སྤྱི་པར་བསམ་པ་དང་སྤྱི་པའི་ཐོག་ནུས་པ་སྤུངས་པ། སྤྱི་པའི་བསོད་ནམས་བསགས་ཆེད་དུ་བསམ་བློ་གཏོང་དགོས་པ་གལ་ཆེན་ཆགས་ཡོད། ཐེངས་འདིའི་གྲོས་ཚོགས་ཀྱི་ལས་རིམ་གཙོ་བོ་སྔོན་རྩིས་སྐོར་ཡིན་སྟབས་དུས་ཚོད་མང་ཤོས་རྩིས་ཀྱི་ཐོག་གཏོང་དགོས་ཀྱི་ཡོད་པ་རེད། སང་ཉིན་དཔལ་འབྱོར་བཀའ་བློན་མཆོག་གིས་སྔོན་རྩིས་གསུང་བཤད་གནང་བའི་རྗེས། ཉིན་རྒྱབ་སྔོན་རྩིས་ནང་དོན་ཐོག་སྤྱི་འཐུས་རྣམ་པའི་གཟིགས་ཞིབ་ཡག་པོ་གནང་ཆེད་ཉིན་ཕྱེད་ཀ་བཞག་ཡོད་པ་རེད། གཟིགས་ཞིབ་ཡག་པོ་གནང་སྟེ་གྲོས་ཚོགས་ནང་བགྲོ་གླེང་གནང་སྐབས་འགན་འཁྱེར་བའི་ཐོག་ནས་དངོས་ཡོད་གནས་ཚུལ་དང་འཚམ་པའི་ཐོག་ནས་དགོངས་འཆར་གསུང་རྒྱུར་འབད་བརྩོན་གནང་རོགས།

ཐེངས་འདིའི་གྲོས་ཚོགས་ནང་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ཁག་ཅིག་ཡོང་གི་རེད། ལྷག་པར་དུ་ཚོགས་དུས་དྲུག་པ་ནས་ད་ལྟའི་བར་བོད་ནང་གི་རང་ལུས་མེར་བསྲེགས་བྱུང་བ་ཁག་ཅིག་ལ་མྱ་ངན་གུས་འདུད་ཞུ་རྒྱུ་དང་། འདས་པའི་ཟླ་བ་དྲུག་ནང་སྤྱི་འཐུས་ཟུར་པ་གཉིས་འདས་གྲོངས་སུ་ཕྱིན་པ་བཅས་ལ་མྱ་ངན་གུས་འདུད་ཞུ་རྒྱུ་བཅས་ཡོད་པ་རེད། གཙོ་བོ་དེ་ ༢༠༠༨ ནས་ད་ལྟའི་བར་དུ་བོད་ནང་གི་གནས་སྟངས་དང་རྒྱ་ནག་གི་སྲིད་ཇུས་ལ་འགྱུར་བ་ཕྱིན་མེད་པ། བོད་ནང་ཛ་དྲག་གི་གནས་སྟངས་མུ་མཐུད་ལྷག་ཡོད་པར་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཞིག་གཞུང་འབྲེལ་གྱི་ཐོག་ནས་བསྣམས་ཕེབས་ཡོད་པ་རེད། དེ་ལས་གཞན་གྲོས་ཆོད་གྲོས་འཆར་གལ་ཆེན་ཞེ་དྲག་ཡོད་པ་མ་རེད། དེ་ནས་འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་སྒྲིག་གཞི་བསྐྱར་བཅོས་ཀྱི་ལས་རིམ་གང་འཚམ་ཞིག་ཡོད་པ་རེད། དེ་ནས་སྤྱི་འཐུས་རྣམ་པ་ཚོས་དྲི་བ་བཏང་བཞག་པ་ཡིག་ཐོག་ཏུ་ཡོད་པ་དྲི་བ་ ༡༥ ཙམ་འདུག

ང་ཚོས་མཐའ་མའི་ལས་རིམ་བང་བསྒྲིགས་པའི་ནང་དུ། མང་ཚོགས་རྩིས་ཁྲ་ཚོགས་ཆུང་སྐབས་ལྔ་པའི་སྙན་ཐོ་མཇུག་སྐྱོང་འཛིན་བཀའ་ཤག་གིས་ལག་བསྟར་གནང་བའི་སྙན་ཐོ་དེ་ལས་དོན་བྱེད་ཕྱོགས་ཀྱི་ཐོག་ནས་ཚར་མེད་སྟབས་དེ་མཇུག་སྐྱོང་བྱེད་རྒྱུ་གྲུབ་ཡོད་པ་མ་རེད། དེ་དུས་འགྱངས་ཞུ་བའི་གྲོས་ཆོད་གྲོས་འཆར་ཞོང་གི་རེད། དེ་གཙང་མ་ཞིག་མ་བྱུང་ན་འགྲིག་གི་མེད་སྟབས། དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་ཡིག་ཆ་མང་པོ་ལྟ་དགོས་པ་དང་འབྲི་དགོས་པ་མང་པོ་ཞིག་ཡོད་སྟབས་ད་རེབ་གྲོས་ཚོགས་ནང་འཁྱེར་ཡོང་ཐུབ་མ་སོང་། སྲིད་སྐྱོང་གཙོས་པའི་བཀའ་བློན་རྣམ་པ་དང་སྤྱི་འཐུས་ཚོགས་གཙོ་གཞོན་གཙོས་པའི་སྤྱི་འཐུས་རྣམ་པས་འཕྱར་གྲུ་མཉམ་འདེགས་བྱས་ཏེ་ད་སྔ་ཚགས་ཚུད་པོ་བྱུང་ཡོད་པ་རེད་ལ། ད་རེབ་ཀྱང་དེང་སྐབས་ང་ཚོའི་སྤྱི་ཚོགས་ནང་ཟང་ངི་ཟིང་ངི་མང་པོ་ཞིག་ཡོང་བསྡད་པ་དེ་དག་འདིར་མ་ཡོང་བར་སྤྱི་འཐུས་རྣམ་པ་ཚོས་ཐུགས་བསམ་བཞེས་དགོས་པ་གལ་ཆེན་པོ་ཆགས་ཀྱི་འདུག ཅེས་སོགས་གསུངས་སོང་།

ཚོགས་འདུ་དབུ་འཛུགས་ཀྱི་ལས་རིམ་ཁག་གྲུབ་རྗེས་བོད་ནང་གི་ཛ་དྲག་གནས་སྟངས་ཐད་ཀྱི་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་སྤྱི་འཐུས་རེ་རེ་བཞིན་བགྲོ་གླེང་གནང་མགོ་འཛུགས་གནང་སོང་།

ཐེངས་འདིའི་གྲོས་ཚོགས་ཚོགས་དུས་བདུན་པ་སྐབས་ཚོགས་གཙོ་གཞོན་མེད་པའི་ལས་ཚབ་ཏུ་སྤྱི་འཐུས་དགེ་བཤེས་བློ་བཟང་སྙན་གྲགས་ལགས་དང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས། སྤྱི་འཐུས་འཇིགས་མེད་འབྱུང་གནས་ལགས་གསུམ་བསྐོ་བཞག་གནང་སོང་།

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༤ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༦ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༡
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese