མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྔོན་རྩིས་མ་དངུལ་བང་མཛོད་ནང་བཞག་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༠༣/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གྲོས་ཚོགས་ནང་ནང་སྲིད་བཀའ་བློན་མཆོག་གིས་བོད་ནས་གསར་དུ་འབྱོར་བའི་གཞོན་སྐྱེས་ལས་མེད་དང་ཆབ་སྲིད་བཙོན་ཟུར་ཆེད་སྡོད་ཁང་གསར་རྒྱག ངྷ་སའི་ཐང་ཁྲོམ་གྱི་དཀའ་ངལ་བཅས་ཀྱི་ཐད་ནས་ལན་འདེབས་གསལ་བཤད་གནང་སོང་།

ཁ་སང་ཕྱི་ཚེས་ ༡༢ ཉིན་གྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ཉིན་གཉིས་པའི་སྔ་དྲོ། སྤྱི་འཐུས་ཨཅྰརྱ་ཡེ་ཤེས་ཕུན་ཚོཊ་ལཊ་ཀྱིས་ནང་སྲིད་བཀའ་བློན་མཆོག་ལ་བོད་ནས་གསར་དུ་འབྱོར་བའི་གཞོན་སྐྱེས་ལས་མེད་ཀྱི་འཚོ་ཐབས་དང་ཆབ་སྲིད་བཙོན་ཟུར་རྣམས་ལ་སྡོད་ཁང་མཐུན་འགྱུར་གནང་རྒྱུའི་ལས་འཆར་གྱི་སྔོན་རྩིས་གྲོས་ཚོགས་སུ་ཞུས་དོན་ལྟར། ད་ཆ་གཞོན་སྐྱེས་ཇི་ཙམ་ཞིག་གི་འཚོ་ཐབས་ཐོག་ཕན་རླབས་གྲུབ་འབྲས་ཇི་བྱུང་དང་། ཆབ་སྲིད་བཙོན་ཟུར་རྣམས་ལ་སྡོད་ཁང་མཐུན་འགྱུར་གང་དང་གང་གནང་ཐུབ་ཡོད་མེད། ལས་འཆར་ཕྱག་བསྟར་གནང་ཐུབ་མེད་ཚེ་ད་ལྟའི་གནས་སྟངས་དང་མ་འོངས་པར་ལག་བསྟར་གནང་ཐུབ་མིན་སྐོར་ལ་སྐར་རྟགས་ཅན་གྱི་དྲི་བ་བཏོན་སོང་ལ།  དེར་ནང་སྲིད་བཀའ་བློན་མཆོག་གིས། ད་བར་བོད་ནས་གསར་དུ་འབྱོར་བའི་གཞོན་སྐྱེས་ཕོ་མོ་གྲངས་ ༣༥ ལ་སྦྱོར་བརྡར་ཕུལ་ཟིན་པ་དང་། ད་ལྟའི་ཆར་གཞོན་སྐྱེས་ཕོ་མོ་གྲངས་ ༦༢ ལ་དབྱིན་སྐད་དང་། ༣༡ ལ་གློག་ཀླད། ༢༡ ལ་རྨང་རིམ་ཤེས་ཡོན་སྦྱོང་བརྡར་ (Open Basic Education) བཅས་ཀྱི་སློབ་ཁྲིད་འགྲོ་མུས་ཡིན་པར་ཕན་རླབས་གྲུབ་འབྲས་མི་དམན་ཙམ་བྱུང་ཡོད་པའི་རེ་བ་ཞུ་བཞིན་ཡོད་པ་དང་། ཆབ་སྲིད་བཙོན་ཟུར་ཁག་ཅིག་ལ་སྡེ་ར་ལྡུན་དུ་སྡོད་ཁང་གསར་སྐྲུན་ལས་གཞི་བསྒྲིཊ་ཟིན་ཀྱང་། ཆབ་སྲིད་བཙོན་ཟུར་ཁག་ཅིག་ནས་སྡོད་ཁང་བཞུཊ་སྒར་ཁུལ་དུ་ཡོང་བའི་རེ་འདུན་ཞུས་པ་ལྟར། བཀའ་ཤག་ནས་དམིཊ་བསལ་དགོངས་བཞེས་ཀྱིས་ལས་གཞི་དེ་ཉིད་སྡེ་ར་ལྡུན་ནས་ངྷ་རམ་ས་ལར་སྤོ་འཐུས་ཆོག་པའི་བཀའ་འཁྲོལ་གནང་སོན་བྱུང་བ་དང་། ཁང་སའི་ཐད་བཀའ་ཟུར་རྗེ་བཙུན་པདྨ་མཆོག་དང་བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་ཚེ་དབང་ཡེ་ཤེས་མཆོག་གཙོས་འགན་འཛིན་ལྷན་ཚོཊ་བཅས་ནས་མེག་གྷན་དགའ་ལྡན་ཆོས་གླིང་བཙུན་དགོན་ཉེ་འཁྲིས་སུ་ཆབ་སྲིད་བཙོན་ཟུར་ཁག་ཅིག་གི་སྡོད་ཁང་དང་། ངྷ་ས་ས་གནས་མགོ་འཛིན་ལས་ཁུངས་ཀྱི་ལས་ཤག་གསར་སྐྲུན་ཞུ་རྒྱུ་ཆེད་ཇི་ལྟར་འབོད་སྐུལ་ཞུས་པ་ལྟར་ཁང་ས་དེ་གསོལ་བསྩལ་གནང་ཡོད་ཚུལ་དང་། ད་ལྟའི་ཆར་ས་མཚམས་དབྱེ་འབྱེད་ (Demarcation) དང་ཨར་ལས་ཆེད་ (Digital Survey) སྒྲུབ་ཟིན་ཡོད་པ་རིང་མིན་སྡོད་ཁང་གི་བཀོད་རིས་དང་འཆར་རྩིས་བཟོ་འགོད་ཞུས་ཏེ་འབྲེལ་ཡོད་གྲོང་སྡེ་ལས་ཁུངས་ནས་ཆོག་མཆན་ཐོན་མཚམས་ཨར་ལས་མགོ་འཛུགས་ཞུ་རྒྱུ་ཡིན་ཞེས་བཀའ་ལན་གནང་སོང་།

ཡང་སྤྱི་འཐུས་ཨཅྰརྱ་ཡེ་ཤེས་ཕུན་ཚོཊ་ལཊ་ཀྱིས་ནང་སྲིད་བཀའ་བློན་མཆོག་ལ། ངྷ་སར་གནས་སྡོད་བོད་རིཊ་ཁག་ཅིག་གི་འཚོ་རྟེན་དཀའ་སེལ་ལས་འཆར་གྱི་སྔོན་རྩིས་གྲོས་ཚོཊ་སུ་ཞུས་ཡོད་པ་ལྟར། ད་ཆ་ལས་འཆར་ཕྱག་བསྟར་ཇི་ཙམ་གནང་ཐུབ་ཡོད་མེད་དང་། ལས་འཆར་གྱི་ངོ་བོ་ཇི་འདྲ་ཞིག་ཐོག་གནང་བཞིན་ཡོད་མེད། མ་འོངས་ལས་འཆར་མུ་མཐུད་གནང་དགོས་གཟིགས་ཀྱི་ཡོད་མེད་བཅས་ཀྱི་སྐར་རྟགས་ཅན་གྱི་དྲི་བ་  ༥ བ་བཏོན་པའི་ལན་དུ་ནང་སྲིད་བཀའ་བློན་མཆོག་གིས། ངྷ་སར་གནས་སྡོད་བོད་རིཊ་ལམ་ཁྲོམ་སྟོན་མཁན་རྣམས་ཀྱི་འཚོ་རྟེན་ཁྲོམ་སའི་དཀའ་ངལ་སེལ་ཐབས་སུ་ས་གནས་གཞུང་ལ་འཆར་འབུལ་ཞུས་ཟིན་པ་མཇུག་གནོན་ཞུ་བཞིན་ཡོད་པ་དང་། ལས་འཆར་གྱི་ངོ་བོ་གཉིས་ཡོད་པར་ལྷ་རབ་གཞུང་ལམ་ཅུང་རྒྱ་སྐྱེད་ཀྱིས་རང་འཇགས་གནང་ཐབས་དང་། དེ་ལྟར་དོན་འབྲས་མ་སོན་ཚེ་ས་ཆ་གཞན་ཞིག་ལ་ཁྲོམ་ས་ཐབས་ཤེས་ཞུ་རྒྱུ་བཅས་ཡིན་ཚུལ་དང་། ལས་གཞི་མགོ་འཛུགས་ཟིན་པ་ཞིག་དོན་གཉེར་མ་བྱུང་བར་མུ་མཐུད་མཇུག་སྐྱོང་དགོས་གལ་མཐོང་གི་ཡོད་པའི་ལན་འདེབས་གནང་སོང་།

སྐབས་དེར་སྤྱི་འཐུས་ཁག་ཅིག་གིས་གཞོན་སྐྱེས་ ༣༥ ལ་སྦྱོར་བརྡར་ཕུལ་ཡུལ་དང་ཕོ་མོ་གྲངས་ག་ཚོད་ཡོད་མེད་སོགས་འཕྲོས་དོན་དྲི་བ་བཏོན་པར། ནང་སྲིད་བཀའ་བློན་མཆོག་གིས་གཞོན་སྐྱེས་ཚོར་སློབ་སྦྱོང་སྤྲོད་ཡུལ་གཙོ་བོ་ངྷ་ས་བོད་ཀྱི་བདེ་རྩ་ (Tibet Charity) ཡིན་པ་དང་། ད་ཆར་དབྱིན་ཡིག་སློབ་ཁྲིད་གཙོས་འཛིན་གྲྭ་གསུམ་པ་དང་ལྔ་བ། བརྒྱད་པ་བཅས་ཀྱི་ཡིག་འབྲེལ་ཡིག་རྒྱུགས་གཏོང་ཆོག་པའི་སློབ་སྦྱོང་སྤྲོད་བཞིན་ཡོད་པ་དང་། ཁོངས་འཁྱོལ་མཁན་གཞོན་སྐྱེས་ཕོ་མོ་གྲངས་ ༣༥ ཐོན་ཐུབ་ཡོད་པའི་ཁྲོད་དབྱིན་སྐད་སློབ་སྦྱོང་བྱེད་མཁན་ཕོ་ ༡༦ དང་མོ་ ༥ ཁྱོན་མི་ ༢༡ དང་། གློག་ཀླད་སྦྱོང་བརྡར་བྱེད་མཁན་ཕོ་ ༨ དང་མོ་ ༢ ཁྱོན་མི་ ༡༠ དང་། མ་བྱན་སློབ་སྦྱོང་བྱེད་མཁན་ཕོ་ ༡ དང་མོ་ ༣ ཁྱོན་མི་ ༤ བཅས་ཡིན་པ་དང་། སྐད་ཡིག་སྦྱོང་བརྡ་བྱེད་མཁན་ཚོར་ཟླ་རེར་ལག་དངུལ་ཧིན་སྒོར་ ༡༠༠༠ དང་། གློག་ཀླད་སློབ་སྦྱོང་བྱེད་མཁན་ལ་ཟླ་རེར་ཧིན་སྒོར་ ༡༥༠༠། ས་གནས་ཕྱི་ལོགས་ནས་ངྷ་སའི་སྦྱོང་བརྡར་ནང་ཞུགས་མཁན་རིགས་ལ་སྡོད་གནས་མཐུན་རྐྱེན་སྤྲོད་ཐུབ་ཀྱི་མེད་སྟབས། ཟླ་རེར་ཧིན་སྒོར་ ༢༥༠༠ བཅས་ཕུལ་གྱི་ཡོད་སྐོར་གསུངས་བྱུང་།

ཆབ་སྲིད་བཙོན་ཟུར་རྣམས་ཀྱི་སྡོད་ཁང་གསར་འཛུཊ་ཀྱི་གནས་སྟངས་དང་། སྡོད་ཁང་ཐོབ་རིགས་ཨོ་སི་ཊོ་ལི་ཡའི་རྒྱན་ཤོག་ནང་ཞུགས་ཆོག་མིན། མ་འོངས་པར་སྡེ་ར་ལྡུན་གྱི་ས་ཆ་དེ་བེད་སྤྱོད་ག་རེ་གནང་མིན་སོགས་ཀྱི་འཕྲོས་དོན་དྲི་བ་ཁག་གི་ལན་དུ་ནང་སྲིད་བཀའ་བློན་མཆོག་གིས། “ སྦྱིར་བཏང་ནང་སྲིད་ཀྱིས་ཨར་ལས་འཛུགས་སྐྲུན་གྱི་འགན་འཁུར་གྱི་ཡོད། ཨར་ལས་གྲུབ་རྗེས་བདེ་སྲུང་ལས་ཀྱི་འགན་འཁུར་གྱི་ཡོད་པ་རེད། ང་རང་གིས་ཆབ་སྲིད་བཙོན་པ་ཚོ་ཨོ་སི་ཊོ་ལི་ཡར་རྒྱན་ཐོབ་ན་ག་རེ་བྱེད་རེད་ཅེས་གསུང་བ་དེ་དཀའ་ངལ་ཞིག་ཨེ་ཡིན་ན་བསམ་གྱི་ཡོད། སྡོད་ཁང་ནང་གི་བཙོན་ཟུར་ཞིག་ལ་ཨོ་སི་ཊོ་ལི་ཡའི་རྒྱན་ཐོབ་ཚེ་ལམ་ཁ་འགོག་པའི་གནས་སྟངས་ཤིག་མཐོང་གི་མེད། དེ་ནི་གཞི་ཆགས་ཁག་གི་བོད་མི་ཕྱི་རྒྱལ་ལ་གཏོང་བའི་འགྲོ་སྟངས་ལྟར་ཡིན། ལྡེ་ར་ལྡུན་གྱི་ས་ཆ་དེ་ང་རང་ཚོའི་ཡིན་པ་ལྷག་བསྡད་ཡོད་སྟབས། དེའི་སྐོར་ད་སྔ་ཞུ་རྒྱུ་གང་ཡང་མེད། ད་ལྟ་ང་ཚོས་ཆབ་སྲིད་བཙོན་ཟུར་གྱི་སྡོད་ཁང་རྒྱག་སའི་ས་མཚམས་དབྱེ་བ་སོགས་ཀྱི་གནས་ཚུལ་རྐྱེན་པས་འགོར་ཡོད་ཀྱང་གང་མགྱོགས་ལས་གཞི་མགོ་བཙུགས་གནང་རྒྱུ་ཡིན། ”ཞེས་གསུངས་བྱུང་།

ངྷ་རམ་ས་ལའི་ཁྲོམ་སའི་དཀའ་ངལ་ཐད་ཁོང་གིས། ” ངྷ་ས་ཁུལ་དུ་ཡོད་མཁན་ཚོའི་འཚོ་རྟེན་དཀའ་ངལ་སེལ་ཆེད་དངུལ་རྩིས་ནང་དམིགས་བསལ་ཧིན་སྒོར་འབུམ་ ༥༠ ཞུས་ཡོད། ང་ཚོས་སྔོན་རྩིས་བཀའ་འཁྲོལ་ཞུས་རྗེས་རྒྱ་གར་གྱི་ (PWT) རང་གི་ཐོག་ནས་འཆར་གཞི་ཞིག་བཟོས་པ་སྐབས་སྔོན་མའི་གྲོས་ཚོགས་ལ་ཕུལ་བ་ཡིན། མངའ་སྡེ་དང་རྫོང་གཉིས་ཀྱིས་འཆར་གཞི་ལ་བཀའ་འཁྲོལ་ཐོབ་ཀྱང་། སྟབས་མ་ལེགས་པར་རྒྱ་གར་གྱི་ཁོར་ཡུག་དང་འབྲེལ་བ་ཡོད་པའི་ (National Green Tribunal ) ལས་ཁུངས་ཀྱིས་ཤིང་ནགས་སྲུང་སྐྱོབ་དགོས་པའི་བཀའ་ཁྱབ་བཏང་ཡོང་དུས་དེ་སྔོན་ (PWT) མཉམ་དུ་གྲོས་བསྡུར་བྱས་པའི་ཧིན་སྒོར་འབུམ ༣༥ ཡི་ལས་གཞི་འགྲོ་མ་ཐུབ་པའི་གནས་སྟངས་ཤིག་བྱུང་བ་རེད། ཡིན་ནའང་། དམིགས་བསལ་བཀའ་འཁྲོལ་ཞུས་པའི་ཧིན་སྒོར་འབུམ་ ༥༠ སོང་མེད་པར་དངུལ་གཞུང་གི་བང་མཛོད་ནང་ཡོད། དེ་སྔོན་ (PWT) མཉམ་དུ་སྒྲིག་པའི་འཆར་གཞི་དེ་དཔལ་འབྱོར་ལས་ཁུངས་བརྒྱུད་ནས་ཧིན་སྒོར་ ༧༨.༢༦༠༧༦ རག་ཐུབ་སྟབས། ནང་སྲིད་དང་ས་གནས་མགོ་འཛིན་ལས་ཁུངས་ཀྱིས་འབད་བརྩོན་ཞུ་བཞིན་ཡོད།  བར་སྐབས་ལམ་ཁར་ཚོང་ལས་རྒྱག་མ་བཅུག་པའི་ཛ་དྲག་གནས་སྟངས་བྱུང་ཡང་། ད་ལྟ་རྒྱ་གར་གཞུང་འབྲེལ་ཡིག་ཐོག་གནས་སྐབས་རིང་ལམ་ཁར་ཚོང་ལས་བྱེད་ཆོག་པའི་བཀའ་འཁྲོལ་གནང་ཡོད། ལམ་ཁྲོམ་ཚོང་ལས་བྱེད་མཁན་ཚོར་རྫོང་ལས་ཁུངས་ནས་ངོས་འཛིན་ལག་འཁྱེར་བཟོ་དགོས་ཚུལ་བཤད་སྟབས། དེའི་ཐད་ཀྱི་འགྲོ་སོང་ཆ་ཚང་ནང་སྲིད་ལས་ཁུངས་ཀྱི་བཏང་ཡོད། ” ཅེས་གསུངས་སོང་།

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

University students wearing graduation gowns take part in a photo-shooting session on the Potala Palace Square during a government-organised media tour to Lhasa, Tibet Autonomous Region, China June 1, 2021. Picture taken June 1, 2021. REUTERS/Martin Pollard/File Photo
Mobile App

འདས་ལོར་བོད་པའི་སློབ་མ་ཁྲི་གཅིག་ལྷག་རྒྱ་ནག་ཏུ་སློབ་སྦྱོང་བྱེད་པར་བཏང་འདུག

ཆུ་ཚོད་ ༦ སྔོན་ལ།
སྤྱི་ཚོགས་རིག་པའི་འབུམ་རམས་པ་ལྡོང་རྒྱལ་ལོ་ལགས་ཀྱིས་རྒྱ་ནག་གི་ད་ལྟའི་གནས་སྟངས་དབྱེ་ཞིབ་ལས་མཐོང་བའི་བོད་ཀྱི་གོ་སྐབས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༡།༡༥
Mobile App

བཙན་བྱོལ་སྤྱི་ཚོགས་ལ་རྒྱ་ནག་འཐོར་ཞིག་ཏུ་འགྲོ་བར་གྲ་སྒྲིག་དགོས།

༢༠༢༦/༠༡/༡༦
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྡི་ལི་བོད་ཁང་གི་ལམ་རིང་ལྷག་མཐོང་ཆེན་མོའི་ཟབ་སྦྱོང་འཛིན་གྲྭར་ཕེབས་པའི་རྒྱལ་ཁབ་ ༢༦ གི་སློབ་གཉེར་བ་མི་གྲངས་༢༣༧ གཙོས་དད་ལྡན་བཞི་བརྒྱ་ལྷག་ལ་མཇལ་ཁ་སྩལ། ༢༠༢༦།༡།༡༦ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཞོགས་པ་ཡར་ལངས་པ་དང་སེམས་ཅན་ཚང་མར་ཕན་ཐོགས་བྱེད་ཐུབ་པ་ཞིག་བྱུང་ན་བསམས་ཚེ་སེམས་ཀྱི་ཞི་བདེ་སླེབས་ཡོང་གི་འདུག་ཅེས་གསུངས།

༢༠༢༦/༠༡/༡༦
ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༡༣ ཉིན་ཨི་རན་གྱི་མི་མང་འདུ་འཛོམས་ཆེ་བའི་ངོ་རྒོལ། དྲ་ལམ་གྱི་པར།
Mobile App

རྒྱལ་སྤྱིའི་ཚོགས་སྡེ་སུམ་ཅུ་ལྷག་གིས་ཨི་རན་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དགོས་པའི་བསྒྲགས་གཏམ་སྤེལ། 

༢༠༢༦/༠༡/༡༦
༧གོང་ས་མཆོག་གི་བཀའ་དགོངས་བཞིན་རྒྱ་གར་ནང་ཕེབས་ཏེ་པད་ནོར་རིན་པོ་ཆེ་མཆོག་དང་ལྷན་དུ་མགོན་པོ་གང་ཉིད་ལ་མཇལ་བ། ༡༩༩༠ དྲ་ལམ་གྱི་སྐུ་པར།
Mobile App

མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གི་འདས་མཆོད་སྨོན་ལམ་ཆེན་མོ་སྐབས་ ༢༢ པ་དེ་འཚོགས། 

༢༠༢༦/༠༡/༡༦
མཁན་པོ་ཉི་མ་ཀུན་ཁྱབ་མཆོག་བལ་གཞུང་ནང་ཆོས་དང་དགོན་པ་འཕེལ་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོས། photo:breaknlinks.com/
Mobile App

མཁན་པོ་ཉི་མ་ཀུན་ཁྱབ་མཆོག་བལ་གཞུང་གི་ནང་ཆོས་དར་སྤེལ་དང་དགོན་པ་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོས།

༢༠༢༦/༠༡/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese