མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལྟ་ང་ཚོར་གོང་དུ་བཀའ་འདྲི་ཞུ་ས་དང་འོག་ལ་འགྲེལ་བཤད་རྒྱག་ས་གཉིས་ཀ་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༠༣/༡༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་ངྷ་ས་བོད་ཀྱི་དཔེ་མཛོད་ཚོཊ་ཁང་དུ་སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་ཆེན་མོའི་ཆོས་ལུཊ་དང་འབྲེལ་བའི་ཐ་སྙད་རྩོམ་སྒྲིག་བྱེད་ཕྱོཊ་སྐོར་གྱི་རྩོམ་སྒྲིག་མི་སྣའི་ཚོགས་འདུ་ཐེངས་གཉིས་པ་དབུ་འཛུགས་གནང་སྟེ། བློ་བཟང་སྨོན་ལམ་ལགས་ཀྱིས་ད་ལྟ་ང་ཚོས་ཧ་མ་གོ་ན་གོང་དུ་བཀའ་འདྲི་ཞུ་ས་ཡོད་ལ། འོག་ལ་འགྲེལ་བཤད་རྒྱག་སའང་ཡོད་སྟབས། ང་ཚོའི་མི་རབས་འདི་དཔེ་མི་སྲིད་པའི་གནད་འགག་ཅིག་ཆགས་ཡོད་སྐོར་བརྗོད་བྱུང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༠༠ ཐོག ངྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་གོ་སྒྲིག་འོག སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་ཆེན་མོའི་ནང་ཆོས་ལུགས་དང་འབྲེལ་བའི་ཐ་སྙད་རྩོམ་སྒྲིག་བྱེད་ཕྱོགས་སྐོར་རིས་མེད་ཆོས་བརྒྱུད་ཁག་གི་རྩོམ་སྒྲིག་མི་སྣའི་ཚོགས་འདུ་ཐེངས་གཉིས་པ་དབུ་འཛུགས་གནང་སོང་ལ། ཚོགས་འདུའི་ཐོག་རིས་མེད་ཆོས་བརྒྱུད་ཁག་གི་ཚིག་མཛོད་རྩོམ་སྒྲིག་མི་སྣ་ ༤༠ ལྷག་དང་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་ལས་བྱེད་བཅས་འཛོམས་འདུག

ཐེངས་འདིའི་ཚོགས་འདུ་ཚེས་ ༡༣ ནས་ ༡༥ བར་ཚོགས་རྒྱུ་ཡིན་པ་དང་། ཉིན་དང་པོར་ཆོས་བརྒྱུད་སོ་སོའི་ཚིག་མཛོད་རྩོམ་སྒྲིག་ཁང་རེ་རེའི་སྐུ་ཚབ་གཅིག་རེས་འདས་པའི་ལོ་གཅིག་གི་ལས་ཀ་ངོ་སྤྲོད་དང་ཉམས་མྱོང་ཕྱོགས་བསྡོམས་ཀྱི་གསུང་བཤད་གནང་རྒྱུ་དང་། ཉིན་གཉིས་པར་ཚིག་མཛོད་སྤྱི་ཁྱབ་རྩོམ་སྒྲིག་པ་འཇུ་བསྟན་སྐྱོང་ལགས་ཀྱིས་ཚིག་མཛོད་ཀྱི་ཐ་སྙད་ལ་འགྲེལ་བཤད་རྒྱག་སྟངས་ཀྱི་ཚད་གཞིའི་སྐོར་དང་མ་འོངས་པར་རྩོམ་སྒྲིག་བྱེད་ཕྱོགས་སྐོར་ལམ་སྟོན་གནང་རྒྱུ་དང་། ཚིག་མཛོད་རྩོམ་སྒྲིག་འགན་འཁུར་བ་གཞོན་པ་སྤྲོ་ཚིགས་ཆོས་གྲགས་ལགས་ཀྱིས་ཚིག་མཛོད་ནང་བརྡ་སྤྲོད་རྣམ་གཞག་དབྱེ་སྟངས་དང་། ལོ་རྒྱུས་དང་འབྲེལ་བའི་ཞིབ་འཇུག་དང་རྩོམ་སྒྲིག་བྱེད་ཕྱོགས་སྐོར་ངོ་སྤྲོད། ཉིན་གསུམ་པར་ཚིག་མཛོད་ནང་ལྟ་གྲུབ་དང་འབྲེལ་བའི་ཆོས་ལུགས་ཀྱི་ཐ་སྙད་དང་ལོ་རྒྱུས་རྩོམ་སྒྲིག་བྱེད་ཕྱོགས། དེ་བཞིན་ཕྱག་བཞེས་འཕྲིན་སྒྲུབ་དང་འབྲེལ་བའི་ཐ་སྙད་རྩོམ་སྒྲིག་བྱེད་ཕྱོགས་བཅས་ཀྱི་ཐད་ཕན་ཚུན་གོ་བསྡུར་གནང་རྒྱུ་ཡིན་འདུག

དེ་རིང་ཚོགས་འདུ་དབུ་འབྱེད་ཐོག་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས། ཚིག་མཛོད་ཀྱི་ལས་གཞི་ངོ་སྤྲོད་དང་ཚོགས་འདུའི་དགོས་དམིགས་སྐོར་གསུང་བཤད་གནང་སྐབས། “ ང་ཚོ་ཚང་མ་མཉམ་རུབ་ཀྱིས་ཤུགས་རྒྱག་ཐུབ་ན་གྲུབ་འབྲས་ཤིག་འཐོན་གྱི་རེད། རྒྱུ་མཚན་གང་ཡིན་ཟེར་ན། གཅིག་ནས་ད་ལྟ་ང་ཚོས་ཧ་མ་གོ་ན་གོང་དུ་བཀའ་འདྲི་ཞུ་ས་ཡོད་ལ། འོག་ལ་འགྲེལ་བཤད་དགོས་ནའང་རྒྱག་ས་ཞིག་ཡོད་སྟབས། ང་ཚོའི་མི་རབས་འདི་དཔེ་མི་སྲིད་པའི་གནད་འགག་ཅིག་ཆགས་འདུག གཉིས་ནས་ང་ཚོ་ལ་གོ་སྐབས་ཡག་པོ་ཞིག་འདུག བཙན་བྱོལ་ལུང་པའི་ནང་ང་ཚོ་རང་དབང་ཡིན་ལ། བླ་ཆེན་ཁག་མང་ཆེ་བ་ཞིག་འདིར་བཞུགས་ཡོད་པ་དང་། དགོན་སྡེ་ཁག་འདི་འདྲ་མང་པོ་ཞིག་ཡོད་པ་རེད། བོད་ནང་ལོགས་ནས་ལས་ཀ་འདི་འདྲ་ཞིག་སྒྲུབ་དགོས་ན་དཀའ་ལས་ཁག་པོ་རེད། དེར་བརྟེན་ང་ཚོ་ཚང་མས་གོ་སྐབས་འདི་བཟུང་ནས་ཤུགས་རྒྱག་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཡིན་ནའང་། ང་ཚོ་མི་གཅིག་གཉིས་ཤིག་གིས་ཡོང་བ་ཞིག་མ་རེད་ལ། ཤེས་ཀྱང་ཤེས་ཀྱི་མ་རེད། ཤེས་མདོག་གིས་ལས་ཀ་འདི་བྱས་པ་ཡིན་ན་གོ་ལོག་ཐེབས་པའི་འགྲེལ་བཤད་དེ་འདྲ་རྒྱག་སྲིད་པའི་ཉེན་ཁ་ཡོད་སྟབས། སོ་སོས་གང་ཤེས་པ་དེའི་ཐོག་འགྲོ་རྒྱུ་རེད་མ་གཏོགས་བསམ་པ་རྣམ་དག་བྱས་པ་ཡིན་ནའང་འགྲོ་ས་ཡོད་པ་མ་རེད། དེ་སྔོན་ཞུས་པ་ལྟར། རྣམ་པ་ཚོ་ཚང་མས་འདིའི་སྒང་ལ་དཀའ་ལས་རྒྱག་རོགས་གནོངས་ཞེས་རེ་སྐུལ་ཞུ་རྒྱུ་ཡིན། ” ཞེས་བརྗོད་བྱུང་།

ཡང་ཁོང་གིས། ” ང་རང་ལྟ་བུ་ཡིན་ན། གཞན་པ་གང་ཡང་མེད་ཀྱང་དཀའ་ལས་གང་འཚམ་བརྒྱབ་མྱོང་ཡོད། དཀའ་ལས་ག་ཚོད་རྒྱག་ཐུབ་ན་དེའི་ཚོད་ཀྱིས་གྲུབ་འབྲས་ཤིག་ཐོན་ཐུབ་པ་གསལ་བོ་ཡིན་སྟབས། ན་ནིང་འདིར་ཕེབས་མཁན་ཚོས་ཕྱག་ལས་གནང་སྟེ་གང་འཚམ་འགྲོ་བཞིན་ཡོད་དུས་ཚིག་མཛོད་རྩོམ་སྒྲིག་བྱེད་པའི་ཉམས་མྱོང་གང་ལ་གང་འཚམ་བསགས་ཡོད་པ་རེད། ཡིན་ནའང་། གསར་པ་དེ་ཚོས་ཕལ་ཆེར་ཉམས་མྱོང་བསག་རྒྱུ་ཡིན་སྟབས། མ་འོངས་ལོ་བཞི་དང་ལྔ་ཡི་ནང་དུ་དཀའ་ལས་རྒྱག་ཐུབ་པ་ཡིན་ན། ཚིག་མཛོད་རྩོམ་སྒྲིག་བྱེད་མཁན་མཁས་པ་ཞིག་ཆགས་ཐུབ་པའི་རེ་བ་ཡོད། དེ་རིང་ང་ཚོ་འདིར་མི་བཞི་བཅུ་ལྔ་བཅུ་ཞིག་འཛོམས་བསྡད་ཡོད་པ་དང་། མ་འོངས་པར་བཙན་བྱོལ་ནང་གི་ཚིག་མཛོད་རྩོམ་སྒྲིག་བྱེད་མཁན་ཆེད་མཁས་པ་ཞིག་རང་བཞིན་གྱིས་ཆགས་ཡོད་པ་རེད། འདི་བཙན་བྱོལ་ནང་གི་གཟི་བརྗིད་དང་། བོད་ཀྱི་དགོན་སྡེ་ཁག་གི་གྲུབ་མཐའ་སོ་སོ་དང་ལུང་ཚན་སོ་སོའི་གཟི་བརྗིད་ཅིག་ཆགས་ཡོད་པ་རེད། ལས་ཀ་འདི་ཡག་པོ་ཞིག་བྱུང་བ་ཡིན་ན་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ལྷག་པར་དུ་སོ་སོ་རང་གི་མེ་ཏོག་གངས་ལ་འཕོས་པའི་ཆོས་རྒྱུད་གྲུབ་མཐའ་དེ་དག་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ཐུགས་ཕན་ཆེན་པོ་གསོ་ཐུབ་ངེས་རེད་དྲན་གྱི་འདུག ང་ཚོས་བསྟན་པ་སྤྱི་ལ་ཞབས་འདེགས་ཞུས་ཟེར་ནའང་སོ་སོའི་དེ་ཡར་རྒྱས་བཏང་ནས་སངས་རྒྱས་བསྟན་པ་སྤྱི་ལ་ཕན་པ་ཞིག་བསྒྲུབ་རྒྱུ་རེད་མ་གཏོགས། དེ་མིན་པའི་སངས་རྒྱས་བསྟན་པ་སྤྱི་ལ་ཞབས་འདེགས་ཞུས་ཟེར་བ་ཞིག་ཡོང་གི་མ་རེད། ” ཅེས་བརྗོད་བྱུང་།

སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་ཆེ་ནོར་བུ་དོན་ལྡན་ལགས་ཀྱིས། ཚིག་མཛོད་ནང་གི་ཐ་སྙད་དང་དེའི་འགྲེལ་བ་བོད་ཡིག་ནང་འབྲི་དགོས་པ་དང་། སྔ་མོའི་དག་ཆ་རེ་ཟུང་ལ་དོགས་པ་ཡོད་སྲིད་སྟབས། སྤྱི་ཡོངས་ཀྱི་དག་ཆར་ཞུ་དག་ཡག་པོ་གནང་རྒྱུ་གལ་ཆེན་པོ་མཐོང་གི་འདུག ངའི་ལོ་ངོ་ཉི་ཤུ་རྩ་གསུམ་རིང་ཞབས་ཞུའི་ཉམས་མྱོང་ལས་ལྷན་ཁང་དག་དང་ཚོགས་པ་ཁག་ནང་ཁུལ་དུ་ཡིག་འབྲེལ་བྱེད་སྐབས་ཡིག་ནོར་མང་པོ་ཞིག་ཡོང་གི་འདུག མཚམས་རེར་གློག་ཀླད་ཀྱི་སྐྱོན་ཡིན་སྲིད་ཀྱང་། དོ་བདག་རང་ཉིད་ཀྱིས་ཞུ་དག་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་མཐོང་གི་འདུག ལས་གཞི་འདི་དབུ་འཛུགས་བྱས་ནས་ལོ་ངོ་གཉིས་འགྲོ་བཞིན་ཡོད་པ་དང་། ལས་གཞི་འདི་དུས་ཡུན་ལོ་ངོ་ ༩ ཡིན་སྟབས། ཚང་མས་གཟབ་གཟབ་གྱིས་ཞུ་དག་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན། ཆོས་ལུགས་ཆོས་རྒྱུད་སོ་སོའི་ནང་གི་དོན་གཅིག་པའི་ཐ་སྙད་གཅིག་དུ་བསྡུས་ནས་འགྲེལ་བ་ཁ་གསལ་ཞིག་འབྲི་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་བརྗོད་བྱུང་།

ཡང་ཁོང་གིས། “ནམ་རྒྱུན་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ང་ཚོ་ནང་པའི་ཆོས་བྱེད་མཁན་ཚོ་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས་ཞེས་གསུང་བཞིན་ཡོད་པ་ལྟར། དེང་དུས་དང་མཐུན་པའི་འགྲེལ་བཤད་ཁ་གསལ་པོ་དང་ཚང་མས་ཧ་གོ་ཐུབ་པ་ཞིག་དགོས་ཀྱི་འདུག དཔེར་ན། དེང་སང་འཛིན་རིམ་བདུན་པ་ནས་བཅུ་གཉིས་བར་ནང་ཆོས་སློབ་ཁྲིད་བྱེད་བཞིན་ཡོད་པས། ནང་ཆོས་ངོ་སྤྲོད་ཀྱི་ཐོག་འགྲེལ་བཤད་ཁ་གསལ་བོ་ཞིག་དང་གོ་བདེ་བོ་དགོས་པ་རེད། དེ་བཞིན་༧གོང་ས་མཆོག་གིས་ནང་ཆོས་ངོ་སྤྲོད་གནང་སྐབས་ཚིག་གི་འགྲེལ་བ་ཁ་གསལ་བོ་དང་གོ་བདེའི་ཐོག་ནས་འགྲེལ་བཤད་གནང་བ་དེ། ཕྱིའི་རྒྱལ་ཁབ་ཀྱི་སྐད་ཡིག་ནང་དུ་ཕབ་བསྒྱུར་བྱེད་རྒྱུ་ལས་སླ་པོ་ཡོང་གི་ཡོད་སྟབས། དེ་ལྟར་དགོངས་བཞེས་ཀྱིས་བརྡ་སྤྲོད་དང་ཐ་སྙད་དེ་དག་ཡིག་ཐོག་ནས་གང་གསལ་གསལ་དང་གོ་གང་བདེ་བདེ་ཞིག་གནང་ཐུབ་པ་ཡིན་ན། ནང་ཆོས་སློབ་གཉེར་བྱེད་མཁན་སོགས་ལ་ཕན་ཐོགས་ཆེན་པོ་ཡོང་རྒྱུ་རེད་བསམ་གྱི་འདུག ” ཅེས་བརྗོད་བྱུང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

སྐར་མ ༥༡ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༢༢ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༢ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠

མཆན། 2

  1. sangkye says:
    ལོ་ 12 སྔོན།

    སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་གཙོར་བྱས་དེར་འབྲེལ་ལས་བྱེད་ཡོངས་དང་། དེར་མཐུན་སྦྱོར་རོགས་ཕན་གནང་མཁན་ལྷན་རྒྱས་ལ་གུས་འདུད་དང་བཅས་པའི་སེམས་གཏིང་ནས་བཀྲིན་མེད་པ་ཆེ་ཞུ། བོད་མི་རིགས་ཡོངས་ལ་འདི་འདྲ་ཞབས་ཞུ་གནང་ཐུབ་པ་སྙིང་ནས་བཀའ་དྲིན་ཞུ།

    Reply
  2. ཀུན་དགའ། says:
    ལོ་ 12 སྔོན།

    སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་གཙོ་བྱས་དེར་འབྲེལ་ལས་བྱེད་ཡོངས་དང་། དེར་མཐུན་སྦྱོར་རོགས་ཕན་གནང་མཁན་ལྷན་རྒྱས་ལ་གུས་འདུད་དང་བཅས་སེམས་གཏིང་ནས་བཀྲིན་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese