མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏཱ་ལའི་བླ་མ་མཆོག་དང་དོལ་རྒྱལ་ཚོགས་པ།

བོད་ཀྱི་དུས་བབ།
༢༠༡༤/༠༣/༡༣
Share on FacebookShare on TwitterShare on EmailShare on Whatsapp

རོ་བེར་ཊ་ཐུར་མཱན་གྱིས་བརྩམས། འཇམ་དབྱངས་གྲགས་པས་བསྒྱུར།

རྒྱ་གར་ཉེན་རྟོག་པས་ཞིབ་འཇུག་འཐིལ་ཕྱིན་བྱས་པའི་གྲུབ་དོན་ལྟར་ན་ ༡༩༩༧ ལོར་རྒྱ་ནག་ནས་གྲྭ་བར་བརྫུས་ཏེ་དྷ་སར་འཛུལ་ཡོང་ནས་ཏཱ་ལའི་བླ་མ་མཆོག་དང་འབྲེལ་བ་ཟབ་པའི་བླ་མ་གྲགས་ཆེན་དགེ་སློང་བློ་བཟང་རྒྱ་མཚོ་ལགས་དང་ཁོང་གི་དགེ་ཕྲུག་གཉིས་དམར་གསོད་བཏང་བ་ནས་བཟུང་དོལ་རྒྱལ་གསོལ་སྟོན་པ་ཚོས་དྲག་འཛིང་བྱེད་མགོ་བཙུགས་ཡོད་འདུག དཔང་རྟགས་ཁུངས་བཙན་ཡོད་པའི་ཉེས་ཅན་པ་རྣམས་བོད་བརྒྱུད་དེ་རྒྱ་ནག་ཏུ་བྲོས་སོང་བས་ན་ཁོ་ཚོ་འཛིན་ཐུབ་མེད། ཡིན་ཡང་དོལ་རྒྱལ་ཚོགས་པས་རྒྱ་མི་མ་ཡིན་པའི་“གྲངས་ཉུང་མི་རིགས་”ཁག་དང་འབྲེལ་བ་བྱེད་ཀྱིན་ཡོད་པར་གྲགས་པའི་རྒྱ་ནག་མི་མང་འཐབ་ཕྱོགས་གཅིག་གྱུར་ཁང་ནས་དངུལ་ཕོགས་བླངས་ཏེ་ཁོ་ཚོའི་བཀའ་ལྟར་མུ་མཐུད་ལས་འགུལ་སྤེལ་ཡོད་པ་རེད། འཐབ་ཕྱོགས་གཅིག་གྱུར་ཁང་གིས་བོད་མི་རྣམས་རང་གི་གཅེས་ཤིང་བཀུར་བའི་བླ་མ་དང་སེམས་ཐག་ཇེ་རིང་དུ་གཏང་ཕྱིར་དང་། ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་དང་གྷན་དྷིའི་རྗེས་འཇུག་པར་ཀུན་གྱིས་ཁས་ལེན་པའི་བླ་མ་ཁོང་ལ་འཛམ་གླིང་མི་མང་གི་ལྟ་སྟངས་བསྒྱུར་ཕྱིར་མུ་མཐུད་དོལ་རྒྱལ་ཚོགས་པ་ལ་རྒྱབ་སྐྱོར་བྱས་ཡོད་པ་རེད། ཁོ་ཚོའི་དམིགས་ཡུལ་མཐར་ཐུག་ནི་ཏཱ་ལའི་བླ་མ་མཆོག་གིས་ལོ་ངོ་ལྔ་བཅུའི་རིང་སྐུ་ལས་བསྐྱོན་པའི་དྲང་བདེན་གྱི་ལས་འགུལ་དེ་སིལ་བུར་གཏོར་ཏེ་བོད་མི་ས་ཡ་དྲུག་པོ་ཁོ་ཚོས་ཤོག་བུའི་ཐོག་ཏུ་སྤྲད་པའི་བོད་རང་སྐྱོང་ལྗོངས་སུ་སྡོད་འཇུག་རྒྱུ་དེ་རེད།

དོལ་ཚོགས་དང་རྒྱ་གཞུང་གཉིས་ཀྱིས་བཤད་ཀྱིན་པའི་ཉོག་གཏམ་དེ་དག་ཤིན་ཏུ་སུན་འབྱིན་རྒྱུ་སླ་བས་རྒོལ་འཛིང་གི་ལས་འགུལ་དེ་ནི་དོན་སྙིང་གིས་སྟོང་བ་ཞིག་རེད།

༡) ཏཱ་ལའི་བླ་མ་མཆོག་གིས་ཁོ་ཚོས་བདམས་པའི་སྲུང་མ་དེ་“འགོག་སྡོམ་”གནང་མེད། ཁོང་ལ་ནང་ཆོས་ཀྱི་བརྒྱུད་པ་གང་ཞིག་འགོག་སྡོམ་བྱེད་པའི་སྐུ་དབང་ཡང་མེད། འགོག་སྡོམ་བྱེད་པ་ནི་བོད་ཀྱི་ནང་ཆོས་ཀྱི་ཁ་ཕྱོགས་མ་རེད། ནང་པ་ཚོས་བྱེད་དགོས་པ་ནི་སངས་རྒྱས་ཀྱི་ས་ཐོབ་པར་བརྩོན་རྒྱུ་དེ་ཡིན་མོད། ཡིན་ཡང་དོལ་ཚོགས་ཀྱིས་“ལྷ་སྲུང་”རྡོ་རྗེ་ཤུགས་ལྡན་འབོད་པ་དེ་ལ་རྨོངས་དད་ཅི་ཙམ་བྱས་ཀྱང་ཆོག ཏཱ་ལའི་བླ་མ་མཆོག་སྐུ་ན་གཞོན་དུས་སུ་དོལ་རྒྱལ་སྲུང་མ་ཕལ་པ་ཞིག་གི་ཚུལ་དུ་བསྟེན་མྱོང་ཡང་། དེའི་ལོ་རྒྱུས་ལ་བརྩད་གཅོད་བྱས་ཏེ་སྲུང་མ་མིན་པར་དོལ་གྱི་ཕྱོགས་ཀྱི་རྒྱལ་པོའམ་བཙན་ཞིག་ཡིན་པ་ཤེས་པ་དང་ཁོང་གིས་བསྟེན་མཚམས་བཞག་ཡོད།

ཁོང་གིས་ལོ་རྒྱུས་ལ་ཞིབ་འཇུག་བྱས་ཏེ་དེ་ལྟར་ཐག་གཅོད་བྱུང་རྗེས། ཁོང་གི་ཆོས་བརྒྱུད་ཀྱི་བླ་མ་རྣམས་ལའང་དོལ་རྒྱལ་གྱིས་བོད་ཀྱི་ཆོས་བརྒྱུད་གཞན་ལ་སྡང་པོ་བྱེད་ཀྱིན་འདུག་པས་དེ་དང་འབྲེལ་བ་རྩ་བ་ནས་གཅོད་པའམ་ཡང་ན་རང་ཉིད་ཙམ་གྱིས་བསྟེན་པ་ལས་ཁྱབ་སྤེལ་བྱེད་མི་རུང་བའི་བསླབ་བྱ་གནང་ཡོད།

ལོ་རབས་བརྒྱད་ཅུ་པའི་སྨད་ཙམ་ལ་བླ་མ་བྱེ་བྲག་པ་འགས་དོལ་རྒྱལ་ཁྱབ་སྤེལ་བྱེད་མགོ་བརྩམས་ཏེ། དབྱིན་ཡུལ་གཙོས་པའི་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་ནང་ཆོས་ལ་གསར་དུ་ཞུགས་པའི་ནུབ་ཕྱོགས་པ་དེ་འདྲའང་དོལ་ཚོགས་ཀྱི་ཚོགས་མིར་བདམས་ཡོང་སྐབས་ཁོང་གིས་མི་དེ་འདྲ་བ་དག་ལ་ཁོ་ཚོས་ཁོང་གི་ཁ་ལ་ཉན་མེད་པས་ཁོང་ཁོ་ཚོའི་བླ་མར་མི་རུང་ཚུལ་གསུངས་ཤིང་། ཁོང་གི་རྩ་ནས་དབང་ལུང་མན་ངག་ཀྱང་མ་ཞུས་ན་ལེགས་ཚུལ་གསུངས་ཡོད། དེའི་རྗེས་མི་དེ་རིགས་ཀྱིས་མུ་མཐུད་ཁོ་ཚོ་“འགོག་སྡོམ”བྱས་སོང་ཚུལ་དང་“ཕྱིར་འཕུད”བྱས་སོང་ཚུལ་བཤད་དེ་རྒོལ་འཛིང་བྱས་ཡོད། དོན་དངོས་སུ་ཁོ་ཚོས་བཤད་པ་ལས་ལྡོག་སྟེ་ཏཱ་ལའི་བླ་མ་མཆོག་གིས་རང་གི་ཁ་ལ་མི་ཉན་པའི་མི་རྣམས་སློབ་མར་ཞལ་བཞེས་མི་གནང་བ་དེ་ནི་ཁོང་གི་ཆོས་དད་རང་མོས་ཕྱག་ལེན་གནང་བ་རེད།

༢)དོལ་རྒྱལ་གསོལ་བསྟེན་བྱེད་སྲོལ་དེ་ནི་སྲུང་མ་ཆུང་ཁག་ཅིག་གམ་དྲེག་པ་ཞིག་གསོལ་བསྟེན་བྱེད་སྲོལ་ལས་འདའ་མེད་སྟབས། དེ་གསོལ་བསྟེན་པ་མི་“ས་ཡ་བཞི་”ཡོད་ཅེས་པ་མི་བདེན་པར་མ་ཟད། “ས་ཡ་”ལབ་པ་ཙམ་གྱིས་མི་བདེན་པར་གྱུར་ཡོད།

༣)དོལ་རྒྱལ་གསོལ་བསྟེན་པ་རྣམས་ནི་བོད་ཀྱི་ཆོས་བརྒྱུད་ཚང་མའི་ནང་དུ་ཡོད་པ་ཞིག་མ་ཡིན་པར། དགེ་ལུགས་པའི་ནང་གི་རང་གི་ཆོས་བརྒྱུད་ཁོ་ན་དག་པར་བརྩི་བའི་མི་ཉུང་ཤས་ཤིག་རེད།

༤)ཏཱ་ལའི་བླ་མ་མཆོག་གིས་སུ་ལའང་སུ་ཞིག་རྡུང་རྡེག་བྱེད་དགོས་ཚུལ་གསུངས་མེད་ཅིང་། བོད་མི་རྣམས་ཀྱིས་ཀྱང་ཏཱ་ལའི་བླ་མ་མཆོག་ལ་འཛིང་མོ་མི་བྱེད་པར་རང་གི་དོན་ལ་གཞོལ་གྱིན་པ་དག་ལ་ཅི་ཡང་བྱས་མེད། ཡིན་ཡང་ཏཱ་ལའི་བླ་མ་མཆོག་ལ་“སྒེར་གཅོད་པ་” “བླ་མ་རྫུན་མ་” “གདོན་འདྲེ་” “རྫུན་ཤོད་མཁན་”སོགས་ཀྱི་མིང་གིས་བོས་ཏེ་འཛིང་མོ་བྱེད་མཁན་དག་གིས་ཁོང་ལ་དད་གུས་ཟབ་པའི་བོད་མི་རྣམས་རང་བཞིན་གྱིས་ཁོང་ཁྲོ་བསླངས་ཡོད།

༥) རྒྱ་མི་མ་ཡིན་པའི་“གྲངས་ཉུང་མི་རིགས་”ཁག་དང་འབྲེལ་མཐུད་བྱེད་ཀྱིན་ཡོད་པར་གྲགས་པའི་རྒྱ་ནག་མི་མང་འཐབ་ཕྱོགས་གཅིག་གྱུར་ཁང་གིས་ཚོགས་པ་དེ་ཆེ་ས་ནས་འཛམ་གླིང་མི་མང་དང་ཏཱ་ལའི་བླ་མ་མཆོག་གི་བར་དང་། ཆུང་ས་ནས་བོད་མི་མང་དང་ཏཱ་ལའི་བླ་མ་མཆོག་གི་བར་དུ་འགལ་ཟླ་སློང་བྱེད་དུ་མཐོང་མེད་ཚེ་རྙོག་ཟིང་དེ་སྔོན་མ་ནས་ཞི་འཇགས་སུ་སོང་ཡོད་ངེས།

དེ་བས་ཁོ་ཚོས་ནུབ་ཕྱོགས་དང་། ཧོར་སོག རྒྱ་གར། བོད་བཅས་སུ་ཡོད་པའི་དོལ་ཚོགས་ཀྱི་མགོ་ཁྲིད་རྣམས་ལ་ཕོགས་སྤྲད་ཅིང་། ལས་འགུལ་དེ་རྒྱུན་མཐུད་པར་མཐུན་རྐྱེན་བསྐྲུན་པ་རེད། འདིའི་དཔང་རྟགས་ནི་ཤིན་ཏུ་གསལ་བོ་རེད། དཔེར་ན། སྲོལ་རྒྱུན་གྱི་ལུགས་ཀྱིས་བདམས་ཏེ་ཏཱ་ལའི་བླ་མ་མཆོག་གིས་ཞལ་བཞེས་གནང་ཟིན་པའི་པཎ་ཆེན་རིན་པོ་ཆེའི་ཆུང་སྲིད་དགུང་ལོ་ལྔ་ལ་སོན་པ་དེ་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་གྱུར་རྗེས་དམར་ཤོག་ཚོགས་པས་བདམས་པའི་པཎ་ཆེན་ཡང་སྲིད་ཟེར་བ་དེ་དོལ་རྒྱལ་གྱི་གཟུགས་བརྙན་ཆེན་པོ་ཞིག་གི་མདུན་དུ་ལངས་བསྡད་པའི་པར་དྲ་རྒྱའི་བརྒྱུད་ལམ་གང་སར་བཀྲམས་འདུག དེ་ནི་ཏཱ་ལའི་བླ་མ་མཆོག་ལ་ཁ་གཏད་དྲག་པོ་ཞིག་ཡིན་པའི་ཁུལ་རེད། དོལ་ཚོགས་དང་རྒྱ་གཞུང་གཉིས་ཀྱི་དམིགས་ཡུལ་མཐར་ཐུག་ནི་འཛམ་གླིང་མི་མང་ལ་ཏཱ་ལའི་བླ་མ་མཆོག་ང་ཚོས་མཐོང་བ་བཞིན་གྱི་མི་ཡག་པོ་ཞིག་མིན་པར་མི་ཤིན་ཏུ་སྡུག་པོ་ཞིག་གམ། “བདུད་”ལྟ་བུ་ཞིག་ཡིན་པ་ར་སྤྲོད་བྱ་རྒྱུ་དེ་རེད།

དྲེག་པ་དང་བཙན་གྱི་སྐོར་ལ་ཇི་ལྟར་བསམ་ཡང་རུང་། དོལ་རྒྱལ་གསོལ་བསྟེན་པ་ཚོས་འདས་པའི་ལོ་ངོ་སུམ་ཅུའི་རིང་ལ་བོད་ནང་དང་བཙན་བྱོལ་བཅས་སུ་རང་ཁོངས་ཀྱི་ཚོགས་མི་ནང་ཕན་ཚུན་དང་། བོད་མི་ནང་ཚུན་དུ་རྙོག་ཟིང་བསླངས་པ་ལས་གཞན་ཅི་ཡང་བྱས་མེད་པ་གསལ་བོ་རེད། དོན་རྐྱེན་འདིས་བོད་ཀྱི་གཏེར་ཁ་དང་ས་ཆའི་བདག་དབང་བརྟན་པོར་འཛིན་འདོད་དེ་བོད་མི་རྣམས་རྩ་བ་མེད་པའི་འབངས་མི་གཉིས་པ་ཞིག་ཆགས་ཕྱིར་གྲངས་ཉུང་མི་རིགས་སུ་འབོད་པའི་བོད་མི་རིགས་ཀྱི་ངོ་བོ་དང་ཚེ་སྲོག་གཉིས་ཀ་མེད་པ་བཟོ་བའི་སྲིད་བྱུས་ལག་བསྟར་བྱས་ནས་ནང་ཆོས་ཀྱི་རིག་གཞུང་རྣམས་རྩ་གཏོར་གཏོང་འདོད་ཡོད་པའི་རྒྱ་གཞུང་ལས་གཞན་སུ་ལའང་ཕན་ཐོགས་བྱུང་མེད། ཡིན་ཡང་ང་ཚོས་འཛམ་གླིང་གང་སར་མཐོང་བ་ལྟར་(ང་ཚོར་ད་དུང་ཡང་ཨ་རི་བ་ཐོག་དང་པོའི་ལོ་རྒྱུས་མཐོང་དུ་ཡོད་པ་ལྟ་བུ)རྒྱལ་རབས་ལ་ནམ་ཡང་མཚམས་ཆད་རྒྱུ་མེད་ལ། མི་རྣམས་ཀྱིས་རང་གི་ངོ་བོ་ནམ་ཡང་བློས་གཏོང་གི་མ་རེད། ད་དུང་དྲང་པོ་དང་བདེན་པ་ནི་མི་རིགས་རྩ་མེད་བཟོ་བའི་མེ་དཔུང་གི་ཐལ་བ་ལས་འགོག་མི་ཐུབ་པར་ཡར་ལངས་ཡོང་གི་རེད།

དོལ་རྒྱལ་གསོལ་བསྟེན་སྐོར་ལ་ཞིབ་འཇུག་འཐིལ་ཕྱིན་བྱས་ཏེ་བྲིས་པའི་དཔེ་དེབ་ཀློག་འདོད་ཚེ་གསར་འགོད་པ་གྲགས་ཆེན་R. བྷུལ་ཊི་རི་ནིས་བརྩམས་པའི་དཔེ་དེབ་ཏཱ་ལའི་བླ་མ་མཆོག་དང་བཙན་གྱི་རྒྱལ་པོ་ཞེས་པ་ཨ་རི་བོད་ཁང་གིས་དཔར་བསྐྲུན་བྱས་པ་དེ་ཕབ་ལེན་བྱོས།

* རོ་བེར་ཊ་ཐུར་མཱན་ལགས་ནི་ཨ་རིའི་ཀོམ་བྷེ་ཌི་ཡ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་ཞིག་ཡིན། ཁོང་གིས་བོད་ཀྱི་ནང་ཆོས་ཀྱི་སྐོར་ལ་དེབ་འགའ་བྲིས་གནང་ཡོད་པར་མ་ཟད། ཨ་རི་བོད་ཁང་གསར་འཛུགས་གནང་མཁན་དང་ཚོགས་པ་དེའི་ཚོགས་གཙོ་བཅས་ཡིན་འདུག ཁོང་གིས་རྒྱུན་དུ་རྒྱ་ནག་གིས་བོད་བདག་བཟུང་བྱས་པར་ངོ་རྒོལ་གནང་གི་ཡོད།

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༡༥ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 2

  1. དཔའ་ཆེན་དོན་གྲུབ། says:
    ལོ་ 12 སྔོན།

    རྩོམ་མཁན་འདི་འདྲ་ཡོད་ན་བདེན་པ་གསལ་བོ་བཟོ་ཐུབ་ཀྱི་རེད། ཐུགས་རྗེ་ཆེ།

    Reply
  2. བདེན་པའི་རྒྱལ་སྲས། says:
    ལོ་ 12 སྔོན།

    གོང་དུ་བརྗོད་པ་དེ་བཞིན། དོལ་ཚོགས་རྗེས་འབྲང་དག་གིས་འཁྱོག་བཤད་ལ་ཡིད་ཆེས་མཁན་ཞིག་ཕན་ཚུན་གནས་ཚུལ་ལ་རྒྱུས་ཡོད་པའི་བློ་གཟུར་བོར་གནས་མཁན་སུ་ཡོད། འོན་ཀྱང་འཛམ་གླིང་ཡུལ་གྲུ་གང་སར་མི་སྣ་ཚོགས་ཡོད་པས། ཡིག་རིགས་ཁག་མང་པོ་ནས་འཛམ་གླིང་ཀུན་ལ་གསལ་བཤད་དགོས་པ་དེ་གལ་ཆེན་དུ་སྣང་། ཡིན་ནའང་ངེད་ཅག་འགའ་ཤས་ཤིག་གིས་སྔོན་མཐོན་དུ་ཆགས་ལ་རེ་སྟེ། ༧གོང་ས་མཆོག་གིས་བཀའ་དགོངས་བེད་སྤྱོད་ལོག་པར་བཏང་དང་གཏོང་བཞིན་ཡོད། སྤྱིའི་ཆ་ནས་དོལ་ཚོགས་རྗེས་འབྲང་ལ་ཁ་རྡུང་གཏོང་དགོས་ངེས་ཤིག་ཡིན་ནའང་། ལ་ལ་ཁ་ཚུར་ཁུག་ཐབས་ལ་འབད་ན་རང་རེ་ཚང་མ་སྤུན་ཟླ་གཅིག་ཡིན་པས། སྔར་གྱི་ནོར་འཛོལ་ལ་ང་ཚོས་བསམ་ཤེས་བྱེད་འོས་པ་མཐོང་ཡང་། རང་རེ་སྤྱི་ཚོགས་ནསའབུད་རྒྱག་གཏོང་ཅི་ཐུབ་ལ་འབད་བཞིན་འདུག་པ་དེ་ལ་དགེ་མཚན་ལས་གནོད་པ་མང་དུ་མཐོང་། གོ་བཀོན་བློ་འགུགས་ཀྱིས་ཁ་ཚུར་འཁོར་པའི་ཐབས་ཤེས་གནང་ན། གལ་ལེར་དོལ་ཚོགས་ཇེ་ཉུང་དུ་འགྲོ་བར་འདོན་མི་ཟ། འོན་ཀྱང་དོལ་རྒྱལ་བ་འགའ་ཤས་ནི་འཇམ་རྩུབ་ཅི་ལྟར་བསྟན་ཡང་གོ་ཤེས་དང་ཉན་ཤེས་རྩ་བ་ནས་མེད་པའི་དགྲ་གཉེན་གོ་ལྡོག་མཁན་དེ་དག་ལ་བྱ་ཐབས་བྲལ་བས། ཆོས་དང་ཟ་ཟིང་གི་འབྲེལ་བ་གཙང་བཅད་གནང་ན་མི་འོས་པ་དེ་ཙམ་མ་མཐོང་། ད་དུང་དེར་མུས་དོལ་ཚོགས་རྗེས་འབྲང་ཟེར་སྟེ། འབུད་རྒྱག་གཏོང་ཅི་ཐུབ་གནང་ན། དོལ་ཚོགས་རྗེས་འབྲང་ཇེ་མང་དང་། རང་རེར་ཁ་བཏད་ཇེ་མང་དུ་འགྲོ་ཉེན་ཆེ་བས། ཀུན་གྱིས་ཐབས་མཁས་ཐུགས་རྗེས་གནང་གལ་ཆེའོ།། ང་ཚོས་ཚོད་འཛིན་དགོས་པ་དང་བྱ་ཐབས་མཁས་དགོས་སྐོར་ལེན་གྲངས་མང་པོ་བརྗོད་ཟིན་ཡང་། རེ་གཉིས་ཕུད་ཕལ་མོ་ཆེས། ཁྱེད་རང་གིས་དོལ་ཚོགས་ལ་རྒྱབ་སྐྱོར་བྱེད་ཀྱིན་འདུག་ཟེར་ཁ་རྡུང་ཡང་མི་ཉུང་བ་རག་མྱོང་ཡོད། མ་གཞི་སྐད་ཆ་འདིའི་རིགས་བཤད་མཚམས་འཇོགས་ཡོད། ཡིད་ཐང་ཆད་ཟིན་ཡང་༧གོང་ས་མཆོག་འཛམ་གླིང་གང་དུ་ཕེབས་ན་དོལ་ཚོགས་མ་རུང་བ་དག་གིས་ངོ་རྒོལ་བྱེད་པ་དག་མཐོང་དུས་དེ་རིང་འདིར་ཐེངས་གཅིག་གླེང་ཤོར་ཐལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese