མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁུངས་ཀྱི་ཨེ་ཤ་ཡའི་ཚོཊ་འདུ་ཐེངས་བཞི་བ།

བོད་ཀྱི་དུས་བབ།
༢༠༡༤/༠༣/༡༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁུངས་ཀྱི་ཨེ་ཤ་ཡའི་ཚོགས་འདུ་ཐེངས་བཞི་བ་ལྡི་ལིར་མགོ་འཛུཊ་གནང་ཡོད་པ་དང་། ཚོགས་ཐོག་ཏུ་ཨེ་ཤ་ཡའི་ནང་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་ཐབས་དང་མ་འོངས་བོད་དོན་ལས་འགུལ་སྤེལ་ཕྱོཊ་སོགས་ཀྱི་ཐོག་གཏམ་བཤད་བགྲོ་གླེང་བཅས་གནང་རྒྱུ་ཡིན་འདུག

དེ་རིང་ཕྱི་ཚེས་ ༡༤ ཉིན་སྔ་དྲོའི་ཆུ་ཚོད་ ༡༠།༠༠ ཐོག ལྡི་ལི་བོད་སྒར་བསམ་ཡས་གླིང་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོཊ་ཁང་དུ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁུངས་ཀྱི་ཨེ་ཤ་ཡའི་ཚོཊ་འདུ་ཐེངས་བཞི་བ་དབུ་འཛུགས་གནང་སོང་ལ། ཚོགས་འདུའི་སྐུ་མགྲོན་གཙོ་བོར་ལྡི་ལི་སྐུ་ཚབ་དོན་གཅོད་བསྟན་པ་ཚེ་རིང་མཆོག་དང་། རྒྱལ་སྤྱིའི་བོད་དོན་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་ལྕམ་ཨེ་ལེ་སོན་རེ་ནོར་ཌི་ (Alison Reynolds) ལགས། ཆབ་སྲིད་བཙོན་ཟུར་འཇམ་དབྱངས་སྤྱིན་པ་ལགས། དེ་བཞིན། ཨ་རི་དང་ཡུ་རོབ། ཉི་ཧོང་། ཀོ་རི་ཡ། རྒྱ་གར། བལ་ཡུལ། ལ་དྭགས་བཅས་ནས་ཕེབས་པའི་སྐུ་ཚབ་ ༥༠ ལྷག་བཅས་འདུ་འཛོམས་གནང་འདུག

ཐེངས་འདིའི་ཚོགས་འདུ་དེ་ཚེས་ ༡༤ ནས་ ༡༦ བར་གྱི་ཉིན་གྲངས་གསུམ་རིང་ཚོགས་རྒྱུ་ཡིན་པ་དང་། ཚོགས་འདུའི་དམིགས་ཡུལ་གཙོ་བོ་ཨེ་ཤ་ཡའི་ནང་གི་བོད་དོན་རྒྱབ་སྐྱོར་གྱི་ནུས་ཤུཊ་ཆེ་རུ་གཏོང་ཐབས་དང་། བོད་ཀྱི་འཐབ་རྩོད་ཀྱི་དགེ་སྐྱོན་ལ་ངོས་འཛིན་ཡོད་པའི་ཐོག་མ་འོངས་ལས་འགུལ་སྤེལ་ཕྱོགས། ལྷག་པར་དུ་བོད་ནང་གི་ཛ་དྲག་གནས་བབ་ལ་གཞིགས་པའི་ལས་འགུལ་ཇི་ལྟར་སྤེལ་མིན་བཅས་ཀྱི་ཐོག་བགྲོ་གླེང་གོ་བསྡུར་གནང་ཆེད་ཡིན་འདུག་ལ། ཚོགས་ཐོག་ཏུ་སྐུ་ཚབ་དོན་གཅོད་མཆོག་ནས་དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་སྤྱི་ཁྱབ་འགན་འཛིན་ལགས་ཀྱིས་བོད་དོན་འབྲེལ་མཐུད་ལས་ཁུངས་ངོ་སྤྲོད་དང་འབྲེལ་བའི་གཏམ་བཤད། ཆབ་སྲིད་བཙོན་ཟུར་འཇམ་དབྱངས་སྦྱིན་པ་ལགས་ཀྱིས་ ༢༠༠༨ ལོའི་ཞི་རྒོལ་གནས་སྟངས་ངོ་སྤྲོད་བཅས་གནང་ཡོད་པ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་བོད་ནང་གི་རང་ལུས་མེར་བསྲེཊ་ཀྱི་གནས་སྟངས་དང་རྒྱལ་ལྗོངས་གནས་ཚུལ་ངོ་སྤྲོད་བཅས་ཀྱི་ཐོག་གཏམ་བཤད་གནང་རྒྱུ་ཡིན་འདུག

དེ་རིང་གི་ཚོགས་འདུའི་ཐོག་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་ལྕམ་ཨེ་ལེ་སོན་རེ་ནོར་ཌི་ལགས་ཀྱིས། ༢༠༠༠ ལོ་ནས་བཟུང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁུངས་ཀྱིས་རྒྱལ་སྤྱིའི་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་འབྲེལ་མཐུད་ཀྱི་ལས་གཞི་མགོ་འཛུཊ་ཞུས་ཏེ། ད་ཆར་རྒྱལ་སྤྱིའི་ནང་ཚོགས་མི་ཚོགས་པ་ཁག་ ༡༩༠ ལྷག་ཡོད་པ་དང་། ཨ་རི་དང་ཡུ་རོབ། ཨེ་ཤ་ཡ། ཨོ་སི་ཊོ་ལི་ཡ་སོགས་རྒྱལ་ཁབ་མི་འདྲ་བ་ ༣༠ ལྷག་ནང་བོད་དོན་འབྲེལ་མཐུད་ཀྱི་ལས་དོན་བསྒྲུབ་བཞིན་ཡོད་སྐོར་སོགས་ངོ་སྤྲོད་གནང་སོང་བ་མ་ཟད། ད་ལྟའི་བར་འབྲེལ་མཐུད་ལས་ཁུངས་ཁག་གིས་བོད་དོན་རྒྱལ་སྤྱིའི་སྡིངས་ཆའི་ཐོག་སྐྱེལ་ཐབས་དང་། ཞི་བའི་ལས་འགུལ་གྱི་སྟོབས་ཤུགས་ཆེ་རུ་གཏོང་ཐབས། ༸པཎ་ཆེན་ཆུང་སྲིད་གཙོས་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་ཡོང་ཐབས། བོད་དོན་འཐབ་རྩོད་ཀྱི་ནུས་ཤུགས་གཅིག་ཏུ་སྤུངས་ཐབས། བོད་ནང་གི་རྩོམ་པ་པོ་དང་གཞས་པ། སྒྱུ་རྩལ་བ་སོགས་ཀྱི་གནས་བབ་རྒྱལ་སྤྱིའི་ཐོག་ཏུ་གསལ་སྟོན་བཅས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་སྐོར་སོགས་ངོ་སྤྲོད་གནང་སོང་།

ཆབ་སྲིད་བཙོན་ཟུར་འཇམ་དབྱངས་སྤྱིན་པ་ལགས་ཀྱིས། ༢༠༠༨ ལོར་ཁོང་བོད་ནང་ཡོད་སྐབས་རྒྱ་གཞུང་གིས་ལོ་དེའི་གསུམ་བཅུའི་དུས་དྲན་རྗེས་ནས་བཟུང་བོད་མིའི་ཐོག་ཚད་ལས་བརྒལ་བའི་དྲག་གནོན་བྱས་ཡོད་པ་མ་ཟད། བོད་མི་ཚོར་མི་ཞིག་གི་རིན་ཐང་མི་འཇོག་པར་གང་འདོད་ཀྱིས་གདུག་རྩུབ་དང་དྲག་གནོན་བྱེད་རྐྱང་བྱས་པའི་གནས་ཚུལ་རྣམས་རྒྱལ་སྤྱིའི་ཐོག་གསལ་འདོན་དང་། ༸གོང་ས་མཆོག་བོད་ནང་དུ་ཕེབས་ཐུབ་པའི་འདོད་འདུན་སྒྲུབ་ཆེད་སེམས་ཐག་གཙང་བཅད་ཀྱིས་ཞི་རྒོལ་བྱེད་པའི་གྲ་སྒྲིབ་བྱས་པ་དང་། རྗེས་སུ་བོད་ཀྱི་རྒྱལ་དར་འཚེམ་དྲུབ་ཐུབ་པ་དང་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་གི་རླུང་འཕྲིན་བརྒྱུད་བླ་བྲང་བཀྲ་ཤིས་འཁྱིལ་དུ་རྒྱལ་སྤྱིའི་གསར་འགོད་སྡེ་ཚན་ཞིག་ཡོང་རྒྱུའི་གནས་ཚུལ་གོ་ཐོས་བྱུང་སྟེ། ཁོང་དང་གྲོགས་པོ་ཁག་ཅིག་གིས་གོ་སྐབས་དམ་འཛིན་གྱིས་ལོ་དེའི་ཕྱི་ཟླ ༤ ཚེས་ ༩ ཉིན་རྒྱལ་སྤྱིའི་གསར་འགོད་པའི་མདུན་དུ་ཞི་རྒོལ་བྱས་པའི་བརྒྱུད་རིམ་ངོ་སྤྲོད་གནང་བ་དང་། ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ཀྱི་བོད་ནང་གི་དངོས་ཡོད་གནས་སྟངས་དང་། བོད་ནང་གི་བོད་མིའི་དངོས་ཡོད་དཀའ་ངལ་སྐོར་ངོ་སྤྲོད་གཏམ་བཤད་གནང་ཡོད།

མཇུག་ཏུ་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་ལགས་ཀྱིས། དབུ་མ་ལམ་གྱི་བྱུང་རིམ་དང་ནུས་པར་བརྟེན་ནས་བོད་རྒྱ་ཞི་མོལ་གྱི་ལམ་ཞིག་བཏོན་པ་དེའང་དངོས་ཡོད་གནས་ཚུལ་དང་མཐུན་པའི་ཐབས་བྱུས་ཧ་ཅང་བཟང་པོ་ཞིག་ཡིན་སྟབས། ལམ་འདིའི་དམིགས་ཚད་དང་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཐུགས་ཞིབ་གནང་དགོས་པ་དང་། ད་ཆར་བོད་ཀྱི་འཐབ་རྩོད་ཐད་གཞོན་སྐྱེས་ཚོས་འགན་ལེན་གནང་སྟེ་རྒྱུན་འཁྱོངས་དང་ཆིག་སྒྲིལ་བྱེད་དགོས་པའི་དུས་ལ་བབ་ཡོད་པ་དང་། བོད་ཀྱི་འཐབ་རྩོད་དེ་བོད་མིའི་གནད་དོན་ཙམ་མ་ཡིན་པར་ཨེ་ཤ་ཡའི་ཆུ་དང་ཐོན་ཁུངས་ཀྱི་གནད་དོན་འབྲེལ་ཡོད་པ་ཤེས་རྟོགས་དགོས་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།

གནས་ཚུལ་མཁོ་གཏོང་བ། རྨེའུ་དཀོན་རྒྱམ།

འབྲེལ་ཡོད་གསར་འགྱུར།

དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

ཆུ་ཚོད་ ༣ སྔོན་ལ།
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

ཆུ་ཚོད་ ༥ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༥ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese