མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁུ་རེ་མྰེའི་མང་མོས་ཐག་གཅོད་ཕྱིར་འཐེན་བྱེད་དགོས།

བོད་ཀྱི་དུས་བབ།
༢༠༡༤/༠༣/༡༥
Share on FacebookShare on TwitterShare on EmailShare on Whatsapp
ཡུའུ་ཁུ་རཱེན་རང་སྐྱོང་མངའ་ཁུལ་ཁུ་རེ་མྰེའི་མང་མོས་ཐག་གཅོད་འོས་བསྡུ་བྱས་ཚེ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་དཔལ་འབྱོར་གྱི་ཉེས་ཆད་གཏོང་རྒྱུ་རེད།

དེ་རིང་དབྱིན་ཇིའི་རྒྱལ་ས་ལོན་ཊོན་དུ་ཨ་རིའི་རྒྱལ་དོན་དྲུང་ཆེ་ཇོན་ཁེ་རེན་ལགས་དང་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་ལྰ་བེ་རོབ་བེ་ (Sergei Lavrov) ལགས། དབྱིན་ཡུལ་གྱི་སྲིད་བློན་མཆོག་དང་ཕྱི་སྲིད་བློན་ཆེན་བཅས་ཀྱིས་ཁུ་རེ་མྰེ་ཡི་ནང་མང་མོས་ཐག་གཅོད་ཀྱི་འོས་བསྡུ་མི་བྱེད་པའི་གནད་དོན་ཐོག་གྲོས་བསྡུར་བྱེད་བཞིན་པ་མ་ཟད། གལ་སྲིད། ཨུ་རུ་སུས་མང་མོས་འོས་བསྡུའི་གནད་དོན་དེར་ཕྱིར་འཐེན་བྱེད་པར་མོས་མཐུན་མ་བྱས་ཚེ་ཨ་རི་དང་ཡུ་རོབ་མཐུན་ཚོགས་གཉིས་ཀྱིས་ཨུ་རུ་སུ་རྒྱལ་ཁབ་ལ་དཔལ་འབྱོར་གྱི་ཉེས་ཆད་གཏོང་རྒྱུ་ཡིན་འདུག

ཁ་སང་ཕྱི་ཚེས་ ༡༣ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་སྲིད་འབྲེལ་ལམ་ལྷན་ཚོགས་ནང་ཨ་རིའི་རྒྱལ་དོན་དྲུང་ཆེ་ཇོན་ཁེ་རེན་ལགས་ཀྱིས། ཟླ་འདིའི་ཚེས་ ༡༦ ཉིན་ཡུའུ་ཁུ་རཱེན་གྱི་རང་སྐྱོང་མངའ་ཁུལ་ཁུ་རེ་མྰེ་མང་ཚོགས་ཀྱིས་ཁུ་རེ་མྰེ་ཨུ་རུ་སུའི་རྒྱལ་ཁོངས་སུ་འགྲོ་དགོས་མིན་ལ་མང་མོས་ཐག་གཅོད་ཀྱི་འོས་བསྡུའི་ལས་རིམ་ཕྱིན་ཚེ།  ཨ་རི་དང་ཡུ་རོབ་མཐུན་ཚོགས་གཉིས་ཀྱིས་ཨུ་རུ་སུས་རང་སྐྱོང་མངའ་ཁུལ་དེར་བཙན་འཛུལ་དབང་བསྒྱུར་བྱས་པར་ངོས་འཛིན་གྱིས་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག

ད་དུང་ཁོང་གིས་ཨ་རིའི་གཞུང་གིས་ཨུ་རུ་སུ་དང་ཁུ་རེ་མྰེ་གཉིས་བར་ལོ་རྒྱུས་རང་བཞིན་གྱི་འབྲེལ་ལམ་དམ་ཟབ་ཡོད་པར་ངོས་འཛིན་དང་གུས་བརྩི་བྱེད་ཀྱི་ཡོད་ཀྱང་། ཨུ་རུ་སུས་ཁུ་རེ་མྰའི་ཕྱེད་གླིང་མཚོ་འགག་ནང་དམག་དཔུང་རྒྱ་སྐྱེད་ཀྱིས་བཙན་བཟུང་བྱས་པ་ནི་ཡུའུ་ཁུ་རཱེན་གྱི་མངའ་ཁོངས་བདག་དབང་དང་རྒྱལ་སྤྱིའི་རྩ་ཁྲིམས་ལ་རྡོག་རོལ་བཏང་ཞིག་རེད་ཅེས་བརྗོད་འདུག

ཟླ་འདིའི་ཚེས་ ༡༡ ཉིན་ཨ་རི་དང་དབྱིན་ཡུལ། ཧྥ་རན་སི། འཇར་མན། ཨི་ཊ་ལི། ཁེ་ཎ་ཌ། ཉི་ཧོང་བཅས་ཀྱིས་ཨུ་རུ་སུ་གཞུང་གིས་ཁུ་རུ་མྰེ་ཡི་མང་མོས་ཐག་གཅོད་ཀྱི་འོས་བསྡུ་དེ་མཚམས་འཇོག་བྱེད་དགོས་པ་དང་དེ་མིན་མང་མོས་འོས་བསྡུ་བྱས་པའི་གྲུབ་འབྲས་ཇི་བྱུང་ལ་ངོས་ལེན་མེད་པའི་བསྒྲགས་གཏམ་སྤེལ་ཡོད་འདུག་ལ། ནུབ་ཕྱོགས་རྒྱལ་ཁབ་ཚོས་ཀྱང་ཁུ་རུ་མྰེ་ནང་མང་མོས་ཐག་གཅོད་ཀྱི་འོས་བསྡུ་བྱེད་མི་ཆོག་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་འདུག

གཟའ་འཁོར་སྔོན་མའི་ནང་ཨ་རི་དང་ཡུ་རོབ་མཐུན་ཚོགས་གཉིས་ཀྱིས་ཡུའུ་ཁུ་རཱེན་སྲིད་དོན་དཀའ་རྙོག་ལ་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཡོད་པའི་ཨུ་རུ་སུའི་མཐོ་རིམ་སྲིད་དོན་མི་སྣ་དང་ཚོང་ལས་ལས་བྱེད་ཁག་ཅིག་གི་ཚོང་ལས་དང་ཐོངས་མཆན་བཀག་སྡོམ་བྱས་ཀྱང་། སྲིད་འཛིན་པུའུ་ཊིན་དང་ཕྱི་སྲིད་བློན་ཆེན་གཉིས་ལ་བཀག་འགོག་བྱས་མི་འདུག

ཁ་སང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གིས་ཡུའུ་ཁུ་རཱེན་གྱི་གནད་དོན་ཐོག་ཛ་དྲག་ཚོགས་འདུ་ཞིག་ཚོགས་པའི་ཐོག ཨུ་རུ་སུའི་མཉམ་འབྲེལ་རྒྱལ་ཚོགས་སྐུ་ཚབ་ཀྱིས། ཨུ་རུ་སུར་ཁུ་རེ་མྰེའི་བདག་དབང་སྲུང་སྐྱོབ་བྱེད་པའི་ཐོབ་ཐང་ཡོད་ཀྱང་། ཨུ་རུ་སུས་ཡུའུ་ཁུ་རཱེན་ལ་དམག་འཁྲུག་རྒྱག་པར་འདོད་མོས་མེད་ཅེས་བརྗོད་ཡོད་པ་དང་། ཡུའུ་ཁུ་རཱེན་བར་བརྒལ་སྲིད་བློན་མཆོག་གིས་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཡུའུ་ཁུ་རཱེན་གྱི་བདག་དབང་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

ད་ལྟའི་ཆར་ཡུའུ་ཁུ་རཱེན་རྒྱལ་མཚམས་སུ་ཨུ་རུ་སུའི་དམག་དཔུང་འབོར་ཆེན་ཡོང་ནས་དམག་སྦྱོང་བྱེད་ཀྱི་ཡོད་སྟབས། ཨ་རིའི་འཐབ་འཁྲུག་གནམ་གྲུ་འགའ་པོ་ལན་ཌི་རྒྱལ་ཡོངས་གནམ་ཐང་དུ་བབས་ནས་ཚོད་ལྟ་བྱེད་བཞིན་ཡོད་འདུག

 གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༡༢ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese