མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲིན་ཀོང་ཀྲིན་གྱི་གསུམ་བཅུ་དུས་དྲན་སྟེང་སྤེལ་བའི་གསུང་བཤད།

བོད་ཀྱི་དུས་བབ།
༢༠༡༤/༠༣/༡༥
Share on FacebookShare on TwitterShare on EmailShare on Whatsapp

                                                                                                 ཁྲིན་ཀོང་ཀྲིན།   ལོ་མ་རྒྱལ་གྱིས་བསྒྱུར།

༼ དེ་རིང་ནི་ཟླ་ ༣ པའི་ཚེས་ ༡༠ སྟེ།  བོད་མིའི་སྒེར་ལངས་ཐེངས་ ༥༥ པའི་དུས་དྲན་རེད།  ནེའུ་ཡོག་དང་ནའེ་ཇེ་སར་ (new Jersey ) ས་ཁུལ་གྱི་བོད་མི་རྣམས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་འཛོམས་ཏེ་དུས་དྲན་སྲུང་བརྩི་བྱས།  བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཧ་ལམ་མི་ ༢༠༠༠ ལྷག་འཛོམས་འདུག ཐེངས་འདིའི་ལས་འགུལ་འདི་ནི། ནེའུ་ཡོག་དང་ནེའི་ཇེ་སར་གྱི་བོད་རིགས་ཚོགས་པ་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས། བུད་མེད་ལྷན་ཚོགས། སློབ་ཕྲུག་ཚོགས་པ། ཆུ་བཞི་སྒང་དྲུག ཨ་རིའི་བོད་ཀྱི་ཚོགས་ཆུང་བཅས་ཁྱོན་ཚོགས་པ་དྲུག་གིས་མཉམ་རུབ་བྱས་པ་ཞིག་རེད།  སྐད་གྲགས་ཅན་གྱི་ཁྲིམས་གཙོ་པ་ཁྲིན་ཀོང་ཀྲིན་ནི་ལས་འགུལ་འདིར་གདན་འདྲེན་ཞུས་ཡོད།  གཤམ་དུ་བཀོད་ཡོད་པ་དེ་ནི་ཐེངས་འདིའི་གསུམ་བཅུ་དུས་དྲན་སྟེང་སྤེལ་བའི་ཁོང་གི་གསུང་བཤད་དེ་ཡིན།༽

གྲོགས་པོ་ཚོ་སྐུ་ཁམས་བཟང་། དེ་རིང་། ཁྱོད་ཚོ་དང་མཉམ་དུ་ལས་འགུལ་འདིར་མཉམ་ཞུགས་ཐུབ་པར་ང་རང་བསོད་ནམས་ཆེན་པོ་ཡིན་སེམས་བཞིན་ཡོད། དེ་ནས། ཚོགས་པ་ཁག་གིས་ང་རང་འདིར་གདན་འདྲེན་ཞུས་བར་ཐུགས་རྗེ་ཆེ་བ་ཞུ་བ་དང་སྦྲགས། བྱང་ཨ་རི་ན་གནས་སྡོད་བྱས་པའི་༧གོང་ས་མཆོག་གི་སྐུ་ཚབ། སྐལ་རྡོར་དང་ཀུན་དགའ་རྣམ་གཉིས་ལ་ཡང་ཐུགས་རྗེ་ཆེ་ཞུས་བ་ཡིན།  དེ་རིང་ནི་བོད་མིའི་སྒེར་ལངས་ཐེངས་ ༥༥ ཡི་དུས་དྲན་ཉིན་མོ་རེད། ང་རང་གིས་ད་དུང་དྲག་སྤྱོད་རྒྱལ་ཁབ་ན་འཚོ་གཞེས་བྱེད་བཞིན་པའི་མི་མང་གི་སྒེར་ལངས་བྱེད་པའི་ཉིན་མོ་ལ་སྔར་ལས་རེ་བ་བྱེད་ཀྱི་ཡོད། འཚེ་མེད་ཞི་བ་ནི་མི་ཡི་ནང་སེམས་ཀྱི་ཟབ་སར་འཐིམ་ཡོད་པའི་ཁ་སང་དེ་རིང་ལ། ང་རང་གིས་བསམ་ན། སྒེར་ལངས་བྱེད་པ་ནི་ཧ་ཅང་གི་དགོས་ངེས་ཤིག་རེད་འདོད། དེ་རིང་། ང་ཚོས་འདི་ནས་རྔམ་རྟོན་ཁྲོམ་སྐོར་བྱེད་པ་འདི་ནི། སང་ཉིན་ང་ཚོས་རང་ཉིད་ཀྱི་རྒྱལ་ཁབ་ནས་དེ་རིང་གི་འདི་ལྟ་བུའི་རང་དབང་དང་ཞི་བདེ་ཡི་སྒོ་ནས། རང་ཉིད་ཀྱི་བསམ་ཚུལ་དང་ང་ཚོ་ཡི་རེ་འདུན་དག་བརྗོད་ཐུབ་པའི་ཆེད་དུ་ཡིན།

སྒེར་གཅོད་པར་བརྟེན་ས་དང་ལག་ཆ་ཞིག་ཡོད་པ་ནི་སྐྱག་རྫུན་དང་དྲག་སྤྱོད་ཁོ་ན་རེད། མ་ཟད། ཁོ་ཚོས་དྲག་སྤྱོད་ནི་ཐབས་ལམ་ཀུན་ལས་མཆོག་ལ་བརྩིས་ཏེ། མུ་མཐུད་ནས་གཉའ་གནོན་དང་དྲག་གནོན་བྱེད་ཀྱི་ཡོད། འདི་ལྟ་བུའི་གནས་སྟངས་འོག་ནས། ཉམས་ཐག་པ་རྣམས་ཀྱིས་ངེས་པར་དུ་ཚུལ་ལྡན་རང་སྲུང་གི་དབང་ཆ་དེར་སྲུང་སྐྱོབ་བྱེད་དགོས། འདི་ནི་འཛམ་གླིང་ཡོངས་ཁྱབ་ཀྱིས་ངོས་ལེན་བྱེད་པའི་སྤྱི་མང་གི་དབང་ཆ་དེ་རེད། ནམ་ཞིག་ང་ཚོའི་འཚོ་གནས་ཀྱི་བདེ་འཇགས་དང་། མི་གཞིའི་བརྩི་མཐོང་། ཁྲིམས་མཐུན་རྒྱུ་ནོར་བཅས་ལ་གཞན་གྱིས་གནོད་སྐྱོན་བྱེད་དུས། ང་ཚོས་ཁྲིམས་དང་མཐུན་པའི་སྒོ་ནས་དེ་ལ་སྲུང་སྐྱོབ་བྱེད་འོས།  ང་ཚོས་འཚེ་བ་དང་དྲག་སྤྱོད་ལ་ངོ་རྒོལ་བྱེད་པ་ལྟར། སྒྲིག་ཁྲིམས་མེད་པའི་འཚེ་མེད་ཞི་བ་ལ་ཡང་ངོ་རྒོལ་བྱེད་དགོས། དེ་ནས། འཚེ་མེད་ཞི་བའི་ལམ་ཁར་བགྲོད་པ་དང་མཉམ་དུ། དྲག་སྤྱོད་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་མི་མང་རྣམས་ལ་བཤུ་གཞོག་དང་བཀག་འགོག་བྱེད་མི་རུང་། འདི་ནི་དྲག་སྤྱོད་ལ་བློ་ཁ་ཕྱོགས་པ་ཞིག་མ་རེད། ཡིན་ན་ཡང་། ཚུལ་དང་མི་མཐུན་པའི་སྤྱི་ཚོགས་ནས་ཚུལ་མཐུན་ཅན་དང་ཁྲིམས་མཐུན་ཅན་གཉིས། མཚམས་མཚམས་སུ་ཁ་མཐུན་ཡོང་རྒྱུ་མ་རེད།  དེ་ནས། ཚུལ་ལྡན་རང་སྲུང་གི་དབང་ཆ་དེ་ལ་འགེབ་སྲུང་བྱེད་པའི་ཁྲིམས་མཐུན་རང་བཞིན་དང་དགོས་ངེས་རང་བཞིན་དེ་ནི།  སྤྱི་ཚོགས་གང་ཞིག་དྲང་པོ་དྲང་བཞག་ངང་གནས་ཐུབ་པར་ཕན་ཐོགས་ཆེན་པོ་ཡོད།   འཚེ་མེད་ཞི་བའི་མཛུབ་མོ་ནི་དྲག་སྤྱོད་སྲིད་གཞུང་ལ་ཀེར་དགོས་པ་ལས་མི་མང་དཀྱིལ་མ་ཚོའི་ཕྱོགས་སུ་གཏོད་མི་རུང་།

༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཡུན་ནས་རིང་དུ་གུ་ཡངས་པོས་མིའི་ནང་སེམས་ཀྱི་ཞི་བདེ་ལ་མཐོང་ཆེན་གནང་བ་མ་ཟད། བྱམས་དང་བརྩེ་བའི་སྒོ་ནས་རང་ཉིད་ཀྱི་མཐའ་འཁོར་གྱི་མི་རྣམས་ལ་ཐུགས་འཕྲད་དང་བྱམས་སྐྱོང་གནང་ཡོད།  དུས་ཡུན་རིང་པོ་ ༡༩༧༤ ལོ་ནས་བཟུང་སྟེ། ༧གོང་ས་མཆོག་འཛམ་གླིང་གི་ས་ཆ་གང་སར་ཕེབས་ཞོར་དུ།  ནན་ནན་བཅག་བཅག་གི་སྒོ་ནས་རང་བཙན་མི་རྩོད་པ་དང་།  གལ་ཏེ། བོད་ལ་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞི་ལས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་པ་ཡིན་ན།  གཉིས་ཕན་དབུ་མའི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་བར་གསུངས་ཡོད།   འདི་ལྟ་བུའི་བྱམས་བརྩེ་དང་རྣམ་དཔྱོད་ཀྱིས་ཁེངས་པའི་ཆོས་ཀྱི་དབུ་ཁྲིད་འདིས་འགྲོ་བ་མིའི་ཐོབ་ཐང་གི་རྩོད་ལེན་ཆེད་དུ། ས་ཕྱོགས་གང་སར་ཕེབས་ཏེ་འབོད་བསྐུལ་དང་རེ་འདུན་བསྩལ། ཡིན་ན་ཡང་།  རྒྱ་གཞུང་གི་དབང་འཛིན་པ་ཚོས་རྣ་འོན་པ་དང་ངག་ལྐུགས་པའི་བརྟུལ་ཞུགས་བཟུང་སྟེ།  ༧གོང་ས་མཆོག་གིས་རང་བཙན་རྩོད་བཞིན་འདུག་ཅེས་སྐྱག་རྫུན་བཤད་དེ།  མི་རིགས་ཕན་ཚུན་གྱི་བར་ལ་འཁོན་སེམས་སློང་བ་དང་།  མི་མང་ནས་༧གོང་ས་མཆོག་ལ་དགྲ་ཡི་འདུ་ཤེས་འཛིན་དགོས་པར་བྱེད་པ་མ་ཟད།  མུ་མཐུད་དེ་དྲ་ལམ་བཀག་སྡོམ་བྱས་ནས་བདེན་པ་དངོས་མ་དེ་ཤེས་སུ་འཇུག་གི་མེད།

ཁོ་ཚོའི་བཤད་སྟངས་དེ་ནི། དོན་དངོས་དང་མི་མཐུན་པ་མ་ཟད།  གནད་དོན་ཐག་གཅོད་ཀྱི་ཐད་ལའང་ཕན་ཐོགས་ཅི་ཡང་མི་འདུག ད་དུང་། འགལ་བ་སྔར་ལས་རྣོ་ངར་ཅན་དུ་གཏོང་གི་འདུག  འདི་ལྟ་བུའི་རྫུན་དང་འཁྱོག་བཤད་ནི་གནའ་སྔ་མོ་སྔ་མོ་ལ་ནུས་པ་ཞིག་ཐོན་ཡོད་ཀྱང་།  དེང་སང་བརྡ་འཕྲིན་གྱི་དུས་རབས་འདིར།  བྱེད་སྟངས་དེ་ནི་རང་མགོ་རང་གིས་གཡོགས་པ་རང་རེད། དཔེར་ན། ༧གོང་ས་མཆོག་རྒྱལ་ཁབ་ག་གེ་མོ་ཞིག་གི་སྲིད་འཛིན་དང་ཡང་ན་སྲིད་བློན་ལ་མཇལ་འཕྲད་གནང་སྐབས།  རྒྱ་གཞུང་གིས་རྒྱལ་ཁབ་དེ་དག་ལ་ལེ་བདའ་དང་འཁང་ར། སྐྱོན་བརྗོད་སོགས་ཤུགས་ཆེན་བྱས་ཏེ། རྒྱ་ནག་མི་མང་གི་སེམས་ཁམས་ལ་ཕོག་ཐུག་འགྲོ་བའི་ལས་ཀ་བྱེད་ཀྱི་ཡོད་པ་མ་ཟད།  ཏཱ་ལའི་བླ་མ་ནི་ཁ་བྲལ་རིང་ལུགས་པ་ཞིག་རེད་ཅེས་སྐྱོན་བརྗོད་ཀྱང་བྱེད་ཀྱི་ཡོད། དེ་ལྟར་ཡིན་ན་ཡང་།  ད་ལྟ་ང་ཚོ་ཀུན་གྱི་མིག་གི་མཐོང་ཆོས་སུ་གྱུར་བའི་དངོས་ཡོད་གནས་ཚུལ་དེ་ནི།   ༧གོང་ས་མཆོག་ས་ཆ་ག་བར་ཕེབས་ཀྱང་།  ཁོང་ལ་དད་གུས་དང་དགའ་མོས་བྱེད་མཁན་ཧ་ཅང་མང་ཞིང་།  ཁོང་གི་གསུང་བཤད་ལ་ཉན་མཁན་ཡང་དེ་བཞིན་མང་པོ་ཡོད། ཐ་ན། ཁ་ཤས་ཤིག་གོང་ས་མཆོག་ལ་ཞལ་མཇལ་ཐེངས་གཅིག་གི་ཆེད་དུའང་ཐག་རིང་ནས་ཡོང་གི་ཡོད། འདི་ནི་མི་མང་གི་སེམས་པ་དང་མི་མང་གི་དད་འདུན་རེད།

ཁ་སང་དེ་རིང་ཡིན་ན། རྨོངས་གཉིད་ལས་སད་པའི་མི་རྣམས་ཀྱིས་དབང་འཛིན་པའི་ཁོ་ཚོ་ལ་མཁོ་སྤྲོད་བྱེད་ཀྱི་ཡོད་པའི་གནས་ཚུལ་དག་ནི་རྫུན་མ་ཡིན་པ་ཤེས་ཀྱི་ཡོད། དེ་ནས། རིམ་གྱིས་རྒྱ་གཞུང་ལ་ཡིད་ཆེས་བྱེད་པ་དེ་ཡང་མཚམས་འཇོག་བྱེད་ཀྱི་ཡོད། མི་དེ་དག་གིས་རྒྱ་གཞུང་གིས་འཇིགས་སྐུལ་དང་བཀག་སྡོམ་ཇི་ལྟར་བྱས་ཀྱང་། བོད་ཀྱི་མཐོ་རིམ་དང་མི་མང་གི་ནང་ལ་ཐད་ཀར་འབྲེལ་འདྲིས་བྱས་ཏེ།  བོད་མིའི་མངོན་འདོད་ངོ་མ་དེ་ཅི་ཞིག་ཡིན་མིན་དེ་རྒྱུས་ལོན་བྱེད་ན་འདོད་ཀྱི་ཡོད། རྒྱུ་མཚན་ནི་དེ་ཡིས་སྐྱག་རྫུན་ལྷང་ལ་བུད་པའི་ཡིད་ཆེས་ཀྱི་ཉེན་ཁ་དེ་མཚོན་གྱི་ཡོད། ཡིན་ན་ཡང་།  ང་ཚོས་དེ་ནི་མི་རིགས་མཐུན་སྒྲིལ་ཡོང་བའི་ལོ་རྒྱུས་ཀྱི་འགག་རྩ་ཞིག་ཏུ་བརྩིས་ཏེ།  གོ་སྐབས་དེ་དམ་འཛིན་བྱེད་དགོས། གང་ལྟར། རྒྱ་ནག་ལ་དམངས་གཙོ་དང་རང་དབང་། ཕྱི་གསལ་ནང་གསལ་གྱི་བརྡ་འཕྲིན་སོགས་མེད་ཚེ།  གནད་དོན་མང་པོ་ཞིག་རྩ་བའི་སྒོ་ནས་ཐག་གཅོད་བྱེད་ཐུབ་ཀྱི་མ་རེད།

རྒྱ་གཞུང་གི་སྒེར་གཅོད་པ་ཚོས་གྲངས་ཉུང་མི་རིགས་ཙམ་མ་ཡིན་པར། རྒྱལ་ཡོངས་མི་མང་ཡོངས་ལའང་གཉའ་གནོན་དང་མནར་གཅོད་བཏང་བ་དུས་ཚོད་ཐུང་ཐུང་ཞིག་མིན་པ་མིག་ཡོད་ཚད་ཀྱིས་མཐོང་གསལ་ཡིན།  སྒེར་གཅོད་པའི་རང་བཞིན་ནི་དམངས་གཙོ་ལ་རྒོལ་བ་དང་རང་དབང་ལ་རྒོལ་བ། ཁྲིམས་ལུགས་ལ་རྒོལ་བ་བཅས་ཡིན།  དེ་མ་ཟད། དབང་ཆ་སྒེར་འཛིན་གྱི་ཆེད་དུ་སྐྱུག་བྲོ་བའི་ཐབས་ལམ་འདྲ་མིན་ཡང་བཏོན་ཡོང་། གང་ལྟར། ང་ཚོས་སྒེར་གཅོད་སྲིད་དབང་གང་ཞིག་ཡིན་ཡང་འཐོར་ཤིག་ཏུ་གྱུར་འགྲོ་བ་དེར་ངོས་ཟིན་འཐོབ་དགོས།   “མི་བཟས་པ”་ཡིན་ན་སྒེར་གཅོད་པ་ལ་ཚད་ལོངས་ཡོད།  སྟབས་ལེགས་པ་ཞིག་ལ་ཁོ་ཚོ་ལ་བཅངས་བའི་མི་མང་གི་སེམས་པ་དང་ཡིད་ཆེས་དེ་བརླགས་ཡོད། དེར་བརྟེན། རྒྱ་ནག་ལ་རང་དབང་དང་དམངས་གཙོ། ཁྲིམས་དང་ལྡན་པ་ཞིག་འགྱུར་མིན་དེ། མི་རིགས་ཁག་ལ་རང་དབང་འཐོབ་མིན་གྱི་འགག་རྩ་དེ་རུ་གྱུར་ཡོད། དེར་བརྟེན། ང་རང་གིས་འདི་ལྟར་འབོད་བསྐུལ་ཞུ་བཞིན་ཡོད།  མི་རིགས་ཁག་གི་མི་མང་རྣམས་དེ་རིང་ནས་བཟུང་སྟེ། རང་འགུལ་གྱིས་ཡར་ལ་ལངས་ཏེ།  ཕྱོགས་ཡོངས་ལ་འབྲེལ་གཏུགས་དང་གཏིང་ཟབ་པའི་སྒོ་ནས་འབྲེལ་འདྲིས་བྱེད་ཅིང་། ཕན་ཚུན་ལ་སེམས་པ་རྣམ་དག་བྱས་ཏེ།  གོ་བ་ལོག་པ་རྣམས་གཙང་སེལ་བྱས་ནས་མཐུན་སྒྲིལ་གྱིས་ཡར་ལ་ལོངས་ཤོག རྒྱ་ནག་ལ་དམངས་གཙོ་དང་རང་དབང་འཐོབ་པར་བརྩོན། འདི་ནི་མི་རིགས་ཀུན་གྱི་ཐུན་མོང་གི་རྩ་བའི་ཁེ་ཕན་དེ་ཡིན།  ཁ་དཔེ་ལ།  བོད་ལ་རེ་བ་མང་། ཟེར་བ་ལྟར། ཆོད་སེམས་བརྟན་པས་རྒྱལ་ཁ་འཐོབ་ཐུབ།  ཧུར་བརྩོན་གྱིས་ཤོག  གྲོགས་པོ་ཚོ།  རང་ཉིད་ཀྱི་འགན་འཁྲི་རང་ཉིད་ཀྱིས་སྒྲུབ་དགོས།

ཐུགས་རྗེ་ཆེ། གྲོགས་པོ་རྣམས་པ།

ཉིས་སྟོང་བཅུ་བཞི་ལོའི་ཟླ་ ༣ པའི་ཚེས་ ༡༠ ཉིན་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ནས།

མ་རྩོམ་གྱི་འབྲེལ་ཐག   http://boxun.com/news/gb/intl/2014/03/201403111027.shtml#.Ux-50B23Trc

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༡༥ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese