མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལག་འཁྱེར་ཁ་པར་གཉིས་ལས་མེད་པའི་སྲིད་བློན།

བོད་ཀྱི་དུས་བབ།
༢༠༡༤/༠༣/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་གསར་དུ་བསྐོ་བཞག་བྱུང་བའི་བལ་ཡུལ་གྱི་སྲིད་བློན་སོ་ཤེལ་ཀོ་རེ་ལཱ་ལཊ་སུ་ལག་འཁྱེར་ཁ་པར་གཉིས་ལས་གཞན་རྒྱུ་ནོར་གང་ཡང་མེད་སྐོར་བརྗོད་འདུག

ཟླ་འདིའི་ཚེས་ ༡༥ ཉིན་བལ་ཡུལ་སྲིད་བློན་གྱི་སྤྱི་ཁྱབ་དྲུང་ཡིག་ཆེན་མོ་བ་བྷ་སན་ཌ་གྷོ་དྷམ་ (Basanta Gautam ) ལགས་ཀྱིས་གཞུང་འབྲེལ་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག བལ་ཡུལ་གྱི་སྲིད་བློན་སོ་ཤེལ་ཀོ་རེ་ལཱར་ལག་འཁྱེར་ཁ་པར་གཉིས་ལས་གཞན་རྒྱུ་ནོར་གང་ཡང་མེད་སྐོར་བསྒྲགས་འདུག

གནད་དོན་དེ་ནི་སྲིད་བློན་གྱི་སྤྱི་ཁྱབ་དྲུང་ཆེ་ཆེན་མོ་བ་བྷ་སན་ཌ་གྷོ་དྷམ་ལགས་ཀྱིས། རྒྱལ་ཁབ་ཀྱི་ཁྲིམས་སྲོལ་སྒྲིག་གཞི་ལྟར་གང་ཟག་གང་ཞིག་འོས་འདེམས་བརྒྱུད་སྲིད་བློན་ལ་བསྐོ་བཞག་བྱུང་བ་ཡིན་ན། མི་དེའི་ལོ་རྒྱུས་དང་རྒྱུ་ནོར་གང་ཞིག་ཡོད་མེད་ཞིབ་འཇུག་མཐིལ་ཕྱིན་བྱས་ཏེ་འགེང་ཤོག་ནང་ཞིབ་ཕྲ་འགོད་དགོས་སྟབས། བལ་ཡུལ་གྱི་སྲིད་བློན་མཆོག་ལ་ལག་འཁྱེར་ཁ་པར་གཉིས་ལས་གཞན་རྒྱུ་ནོར་གང་ཡང་མེད་པ་ར་སྤྲོད་བྱུང་ཡོད་འདུག

བྷ་སན་ཌ་གྷོ་དྷམ་ལགས་ཀྱིས། “ སོ་ཤེལ་ཀོ་རེ་ལཱ་ལགས་ཀྱི་མིང་ཐོག་ཏུ་ལག་འཁྱེར་ཁ་པར་གཉིས་མ་གཏོགས་རང་བདག་ཁང་པ་དང་ས་གཞིས་རྒྱུ་ནོར། ཁེ་ལས་ཁག་ཏུ་མ་འཛུགས་མ་འཇོག་བྱས་པའི་དངུལ་བུན། ཐ་ན་རླངས་འཁོར་དང་སྦག་སྦག དངུལ་ཁང་གི་ལག་དེབ་སོགས་གང་ཡང་མེད་སྟབས། ང་ཚོས་ཁོང་གི་ལག་འཁྱེར་ཁ་པར་དེ་གཉིས་རྒྱུ་ནོར་རྩིས་ཏེ་འགེང་ཤོག་ཐོག་འགོད་ཐབས་མི་འདུག ” ཅེས་བརྗོད་འདུག

གྲོས་ཚོགས་འཐུས་མི་ ༦༠༡ ལས་གྲུབ་པའི་བལ་ཡུལ་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་ཆེན་མོ་དེ་ ༢༠༡༣ ལོའི་ཟླ་ ༡༡ ཚེས་ ༡༩ ཉིན་མགོ་འཛུཊ་ཀྱིས་ཚེས་ ༢༨ ཉིན་ཡོངས་བསྒྲགས་བྱས་ཡོད་པ་དང་། སྐབས་དེའི་འོས་བསྡུའི་ཁྲོད་བལ་ཡུལ་ཀོང་རེ་སེ་ཚོགས་པར་འཐུས་མི་ ༡༩༦ དང་། བལ་ཡུལ་མར་ཁེ་སེ་ལེ་ཉཱིན་དམར་ཤོག་ཚོགས་པར་འཐུས་མི་ ༡༧༥ ། བལ་ཡུལ་མའོ་དམར་ཤོག་ཚོགས་པར་འཐུས་མི་ ༨༠། དེ་མིན་ཆབ་སྲིད་ཚོགས་པ་གཞན་ཁག་ཅིག་ལ་འཐུས་མི་ ༡༥༠ ཙམ་ཐོབ་ཏེ་ཆབ་སྲིད་ཚོགས་པ་གང་ལ་ཡང་མང་མོས་རྒྱལ་ཁ་ཐོབ་མེད་སྟབས། བལ་ཡུལ་ཀོང་རེ་སེ་ཚོགས་པ་དང་མཱ་ཁེ་སེ་ལེ་ཉིན་ཚོགས་པ་གཉིས་མཉམ་འབྲེལ་ཐོག་རྒྱལ་ཡོངས་གཅིག་སྒྲིལ་སྲིད་གཞུང་ཞེས་པ་ཞིག་གསར་འཛུགས་ཀྱིས་ཀོང་རེ་སེ་ཚོགས་པའི་ཚོགས་གཙོ་སོ་ཤེལ་ཀོ་རེ་ལཱ་བལ་ཡུལ་གྱི་སྲིད་བློན་འོས་མིར་འདེམས་ཐོན་གནང་སྟེ་གྲོས་ཚོགས་ནང་འོས་ཤོག་འཕངས་པ་བརྒྱུད། གྲོས་ཚོགས་འཐུས་མི་ ༦༠༡ ཡོད་པ་ལས་ངོ་ཡོད་འཐུས་མི་ ༥༥༣ ཙམ་གྱིས་འོས་བླུགས་ཡོད་པ་དང་། འཐུས་མི་ ༡༤༨ ཀྱིས་དགག་བྱ་དང་། འཐུས་མི་ ༤༠༥ ཡིས་རྒྱབ་སྐྱོར་ཐོབ་ཏེ་ ༢༠༡༤ ལོའི་ཟླ་ ༢ པའི་ཚེས་ ༡༠ ཉིན་སྲིད་བློན་དུ་བསྐོ་བཞག་བྱུང་འདུག

ཟླ་སྔོན་མའི་ནང་སོ་ཤེལ་ཀོ་རེ་ལཱ་ལགས་བལ་ཡུལ་གྱི་སྲིད་བློན་བཞུགས་ས་བྷ་ལུ་ཝོ་ཌར་ (Baluwatar ) གནས་སྤོར་མ་གནང་གོང་། བལ་ཡུལ་ཀོང་རེ་སེ་ཚོགས་པས་རྒྱལ་ས་ཀ་ཐ་མན་ཀྲུའི་གྲོང་ཁྱེར་ཉེ་འདབས་སུ་ཁང་གླར་གླས་ཡོད་པའི་ཁང་པ་ཞིག་ནང་བཞུགས་བཞིན་ཡོད་འདུག

འདིའི་ཐད་གནད་དོན་དབྱེ་ཞིབ་པ་ཚོས། བལ་ཡུལ་གྱི་སྲིད་བློན་སོ་ཤེལ་ཀེ་ར་ལཱ་མཆོག་གིས་རྒྱས་སྤྲོས་མེད་པའི་ཉམ་ཆུང་གི་འཚོ་བ་དེས་རྒྱལ་སྤྱིའི་ཆབ་སྲིད་པ་ཙམ་མ་ཟད། དྲག་ཤུགས་དང་ལྐོག་ཟ་རུལ་སུངས་བྱེད་མཁན་ཚོས་སློབ་སྦྱོང་ཞུ་དགོས་པ་ཆགས་པ་ཡོད་པ་དང་། དབང་ཆ་བེད་སྤྱད་དེ་མང་ཚོགས་ཀྱི་རྒྱུ་ནོར་ལྐོག་ཟ་ལྐོག་ལེན་བྱེད་མཁན་ཚོར་རྡུང་རྡེག་བཏང་པ་ཞིག་ཡིན་སྐོར་བརྗོད་འདུག

སོ་ཤེལ་ཀོ་རེ་ལཱ་ ( Susshil Koirala) ལགས་ནི། ༡༩༣༥ ལོར་སྐྱེས་ཤིང་། ༡༩༥༤ ལོར་བལ་ཡུལ་ཀོང་རེ་སེ་ཚོགས་པའི་ནང་ཞུགས་ཏེ་ཕྱག་ལས་འདྲ་མིན་གནང་ཡོད་པ་དང་། ༡༩༦༠ ལོར་བལ་ཡུལ་གྱི་དབང་ཆ་རྒྱལ་པོས་བཟུང་བར་བརྟེན། ལོ་ངོ་ ༡༦ རིང་རྒྱ་གར་ནང་སྐྱབས་བཅོལ་དུ་བསྡད་ཡོད་འདུག རྗེས་སུ་ཕྱིར་བལ་ཡུལ་དུ་ལོག་སྟེ་ཀོང་རེ་སེ་ཚོགས་པའི་དྲུང་ཆེ་དང་ཚོགས་གཙོ་གཞོན་བཅས་ཀྱི་འགན་འཁུར་ཡོད་འདུག ད་ལྟ་བལ་ཡུལ་གྱི་སྲིད་བློན་དང་འཁྲུངས་ས་བསྐྱོན་མྱོང་མེད་པའི་ལོ་ན་བགྲེས་ཤོས་ཀྱི་སྲིད་བློན་དེ་ཡིན་པ་མ་ཟད། ཀོ་རེ་ལཱ་ཁྱིམ་བརྒྱུད་ཀྱི་བལ་ཡུལ་གྱི་སྲིད་བློན་བཟུང་ཐེངས་བཞི་པ་དེ་ཡང་ཆགས་ཡོད།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་རི་དང་ཨི་རན་དམག་འཁྲུག་གི་ཆོས་པ་དང་སྲིད་དོན་པའི་རྩོད་རྙོག་མགོ་བཙུགས།

༢༠༢༦/༠༤/༡༧
བོད་རྨ་ཆུ་རྫོང་ཆུ་ཁ་མ་དགོན་པའི་དགེ་འདུན་པ་བསམ་གཏན་རྒྱ་མཚོ་ལགས་དང་འཇམ་དབྱངས་བསམ་གཏན་ལགས་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན།   པར་འབྲེལ་ཡོད་ནས་འདི་ག་དུས་བབ་ལ་མཁོ་སྤྲོད་བྱས།
Mobile App

དགེ་འདུན་པ་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན་འདུག

༢༠༢༦/༠༤/༡༧
བསམ་ཚུལ།

ཀློག་དེབ་ལོ་ཙཱ་བ་དང་གྲོས་འདེབས་ཀྱི་གཏམ་ཟུར་གསུམ་མ།

༢༠༢༦/༠༤/༡༧
མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

༢༠༢༦/༠༤/༡༦
བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

༢༠༢༦/༠༤/༡༦
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

༢༠༢༦/༠༤/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese