མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ཞི་རྒོལ་བ་ཞིག་གི་བྲོས་བྱོལ་གྱི་ལམ་བུ་ཀྱག་ཀྱོག

བོད་ཀྱི་དུས་བབ།
༢༠༡༤/༠༣/༡༨
Share on FacebookShare on TwitterShare on EmailShare on Whatsapp

ས་བྱི་ཞི་རྒོལ་ཆེན་མོར་མཉམ་ཞུགས་བྱེད་མཁན་ཞི་རྒོལ་བ་ཞིག་ལོ་ངོ་ལྔ་ལྷག་རིང་བྲོས་བྱོལ་བྱས་མཐར། ཉེ་ལམ་རྒྱ་གར་ནང་སྐྱབས་བཅོལ་དུ་འབྱོར་ཏེ་ད་ཆར་དབུས་སྣེ་ལེན་ཁང་དུ་བཞུགས་ཡོད་པར། གསར་འགོད་པས་ཁོང་གི་འདས་དོན་སྐོར་ལ་གླེང་མོལ་བྱས་ཡོད།

མིང་དང་ཕ་ཡུལ་གསལ་བོར་བརྗོད་འདོད་མེད་པའི་ཞི་རྒོལ་བ་ཁོང་གིས་ངོ་སྤྲོད་གནང་བ་ལྟར་ན། ཁོ་བོ་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༦ ཉིན་རྨ་ཆུ་རྫོང་དངུལ་ར་ཡུལ་ཚོའི་ཞི་རྒོལ་ནང་མཉམ་ཞུགས་བྱས་ཡོད་པ་དང་། ཐོག་མར་དངུལ་རྭ་ཡུལ་ཚོའི་སྐྱ་སེར་མི་མང་གིས་ཞི་བའི་སྐད་འབོད་སོགས་ཀྱི་ངོ་རྒོལ་བྱས་ཡོད་ཀྱང་། རིམ་གྱིས་མི་ཇེ་མང་དུ་ཕྱིན་པ་དང་བསྟུན་ཏེ་མི་མང་གིས་སེམས་ཚོར་མ་གནོན་པར། ས་གནས་མངགས་གཏོང་ཁང་གི་ཁང་པ་ཞིག་མེར་བསྲེགས་དང་། ཉེན་རྟོག་པའི་རླངས་འཁོར་གཏོར་བཅོམ་བཏང་ཡོད་པ་མ་ཟད། རྒྱ་ནག་གི་དར་དམར་མེར་བསྲེགས་བཏང་སྟེ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་ཏེ་ཆུ་ཚོད་ ༣ ལྷག་ལ་སྐད་འབོད་བྱས་ཡོད་འདུག དེའི་ཕྱི་ཉིན་ནས་བཟུང་རྒྱ་གཞུང་གི་ཉེན་རྟོག་པས་དངུལ་རྭ་ཡུལ་ཚོའི་སེར་སྐྱ་མི་མང་བརྒྱ་ལྷག་འཛིན་བཟུང་བཙན་ཁྲིད་ཀྱིས་ཟླ་ལྔ་དྲུག་རིང་བཀག་ཉར་བྱས་ཡོད་པ་དང་། སྐབས་དེར་བོད་མི་མང་པོ་ཞིག་གིས་རྒྱ་གཞུང་ལ་མགོ་འདོགས་མ་བྱས་པར་བྲོས་བྱོལ་བྱས་ཡོད་པ་དང་། ཁོ་རང་དེའི་ཁྲོད་ཀྱི་གཅིག་ཡིན་འདུག དཀའ་སྡུག་དང་འཇིགས་སྐྲག་གི་ཁྲོད་ནས་ལོ་ངོ་ ༦ ཙམ་རིང་བྲོས་བྱོལ་བྱས་མཐར། ཉེ་ཆར་ལམ་ཁྲིད་པ་ཅིག་ལ་རྒྱ་སྒོར་ལྔ་ཁྲི་ལྷག་སྤྲད་དེ་འགྲམ་འགག་སྒོ་བརྒྱུད་ནས་རྒྱ་གར་ནང་སྐྱབས་བཅོལ་དུ་འབྱོར་བ་ཡིན་འདུག

ཁོང་གིས་དངུལ་རྭའི་ཞི་རྒོལ་སྐོར་བརྗོད་དོན། “ ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༦ ཉིན་ང་དངུལ་རྭ་ཡུལ་ཚོར་ཡོང་ཡོད། ཉིན་དེའི་སྔ་དྲོར་རྨ་ཆུ་རྫོང་ཐོག་ནས་བོད་མི་མང་པོས་རྒྱ་ནག་ལ་ངོ་རྒོལ་བྱས་པའི་གནས་ཚུལ་གོ་སོང་། ཕྱི་དྲོའི་ཆུ་ཚོད་ ༦ ཙམ་ལ་དངུལ་རྭ་དགོན་པའི་གྲྭ་བ་ཉིས་བརྒྱ་ལྷག་གིས་སྣེ་ཁྲིད་དེ་ངོ་རྒོལ་བྱས་ཏེ། ཡུལ་ཚོའི་སློབ་ཆུང་གི་རྒྱ་དར་མར་ཕབ་ནས་མེར་བསྲེགས་བཏང་བ་མ་ཟད། ཚབ་ཏུ་བོད་དར་ཞིག་བསྒྲེངས་འཛུགས་བྱས་པ་དང་། དེ་ནས་ས་གནས་ཉེན་རྟོག་ཁང་གི་རླངས་འཁོར་བཅག ཁང་པ་དྲུག་བདུན་ཞིག་ཡོད་པ་ལས་ཡིག་ཆ་ཉར་ཚགས་བྱེད་སའི་ཁང་པ་ཞིག་མེར་བསྲེགས་བཏང་བ་རེད། སྐབས་དེར་ཉེན་རྟོག་པ་ཚོ་བྲོས་ཏེ་ཤུལ་དུ་གཅིག་མ་གཏོགས་ལྷག་མི་འདུག མི་མང་གིས་ཉེན་རྟོག་པ་གཅིག་པུ་དེར་ཉེས་རྡུང་སོགས་བཏང་མ་སོང་། ཕྱི་དྲོའི་ཆུ་ཚོད་ ༦ ཙམ་ནས་དགོང་མོའི་ཆུ་ཚོད་ ༩ ཡོལ་ཙམ་བར། ༧རྒྱལ་བ་རིན་པོ་ཆེ་ཕྱིར་བོད་ནང་མྱུར་དུ་ཕེབས་དགོས། པཎ་ཆེན་རིན་པོ་ཆེ་ཀློད་གྲོལ་གཏོང་དགོས། བོད་ལ་རང་དབང་དགོས་སོགས་ཀྱི་སྐད་འབོད་བྱས་ཏེ། ཉིན་དེར་ང་ཚོ་ཧ་ཅང་སྐྱིད་པོ་བྱུང་སོང་། དེ་ལྟར་མ་བྱེད་ཟེར་མཁན་ཡང་བྱུང་མ་སོང་། ” ཅེས་བརྗོད་བྱུང་།

ཁོང་གིས་མུ་མཐུད་དུ། ཕྱི་ཉིན་ཉེན་རྟོག་པ་མང་པོ་ཡུལ་ཚོའི་ནང་དུ་འབྱོར་ཏེ་ཡུལ་མིའི་འགྲོ་འོང་ལ་བཀག་སྡོམ་བྱས་པ་མ་ཟད། ཡུལ་ཚོའི་མགོ་ཁྲིད་སོགས་ལ་ངོ་རྒོལ་བྱེད་མཁན་ཚོར་མགོ་འདོགས་ཞུ་རུ་འཇུག་དགོས་པ་དང་། གལ་སྲིད་མགོ་མ་བཏགས་ན་ངོ་རྒོལ་བ་ཚོར་པར་བརྒྱབ་ནས་གསལ་བོ་ཤེས་ཡོད་སྟབས། རེ་རེ་བཞིན་འཛིན་བཟུང་བྱེད་རྒྱུ་ཡིན་ལུགས་བརྗོད་པར་བརྟེན། ཕྱིས་སུ་དངུལ་རྭ་དགོན་པའི་གྲྭ་བ་ ༣༠ དང་མི་སྐྱ་ ༧༠ ལྷག་གིས་མགོ་བཏགས་པ་དང་། ཚང་མ་རྨ་ཆུ་རྫོང་ཐོག་ཏུ་ཁྲིད་དེ་ཟླ་ལྔ་དྲུག་ཙམ་ལ་བཀག་ཉར་བྱས་པ་རེད། ཕྱིས་སུ་རིམ་པ་གཉིས་སུ་དབྱེ་སྟེ་ཀློད་གྲོལ་བཏང་ཡོད་ཀྱང་། ཁ་ཤས་ལ་རྒྱ་སྒོར་ཁྲི་ ༥ ནས་ ༧ ཙམ་གྱི་ཉེས་ཆད་བཅད་ཡོད་ལུགས་ཀྱང་གོ་སོང་། ང་ཚོ་ཁ་ཤས་ཤིག་གིས་མགོ་མ་བཏགས་པར་བྲོས་བྱས་པ་ཡིན། ང་རང་ཟླ་ ༢ ལྷག་ལ་རྫ་ཁ་རི་ཁ་རྐྱང་རྐྱང་ནས་བསྡད་པ་ཡིན། དེའི་རྗེས་ནས་ཟླ་ ༣ ཙམ་རིང་མགོ་ལོག་ཏུ་ཡོད་པའི་སྤུན་མཆེད་ཅིག་གི་སར་ཕྱིན་ཡང་། མི་ཞིག་གིས་རྒྱ་གཞུང་ལ་གསང་བརྡ་སྤྲད་དེ་བྲོས་བྱོལ་བྱེད་དགོས་བྱུང་སོང་། ང་སོང་བའི་ཕྱི་ཉིན་དེར་མགོ་ལོག་ཉེན་རྟོག་པ་བསླེབས་ཏེ་ཁྱེད་ཚང་གི་མགྲོན་པོ་གང་དུ་ཡོད་ཅེས་འདྲི་རྩད་བྱས་འདུག དེ་ལྟར་བྱས་ནས་ལོ་ངོ་ ༦ མ་ཟིན་ཙམ་གྱི་རིང་ཉིན་མཚན་མེད་པར་དོགས་ཟོན་དང་འཇིགས་སྐྲག་འོག་བསྡད་པ་ཡིན། ངའི་དོན་ལ་ལུས་ཚེགས་སེམས་ཚེཊ་ཀྱིས་ངའི་ཁྱིམ་མི་གཉེན་འབྲེལ་ཚོས་ཀྱང་དཀའ་ལས་ཆེན་པོ་མྱངས་སོང་།”ཞེས་བརྗོད་སོང་།

རྒྱ་གར་ལུང་པར་འབྱོར་ཏེ་ཚོར་སྣང་ག་འདྲ་འདུག་དྲིས་པར། “བལ་ཡུལ་སྣེ་ལེན་ཁང་དུ་བསླེབས་པ་ནས་བཟུང་ཧ་ཅང་སྐྱིད་པོ་འདུག ལུས་སེམས་གཉིས་ཀར་ངལ་གསོ་ཐེབས་སོང་། འདས་བའི་ལོ་ངོ་ ༦ ཙམ་དང་། ལྷག་པར་དུ་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་བའི་ལམ་བར་ནས་མཚན་མོ་གཉིད་ཀྱང་ཁུག་གི་མི་འདུག ༧རྒྱལ་བ་རིན་པོ་ཆེ་མཇལ་སྐབས། སེམས་ལ་བོད་ཡུལ་སྤྱི་ཡོངས་ནས་རང་ལུས་མེར་བསྲེགས་བྱས་པའི་བོད་མི་རྣམས་དྲན་ཡོང་དུས་ཁོ་ཚོ་དངོས་གནས་སྙིང་རྗེ་བསམ་སྟེ། ང་རང་ལ་རིག་གནས་གང་ཡང་མེད་ཀྱང་ཁོང་ཚོ་ཚང་མའི་ཆེད་དུ་སྐྱབས་འཇུག་སྨོན་ལམ་བརྒྱབ་པ་ཡིན། ༧རྒྱལ་བ་རིན་པོའི་ཞལ་མཇལ་གསུང་ཐོས་དུས་སེམས་པ་ཧ་ཅང་སྐྱིད་པོ་བྱུང” ཞེས་བརྗོད་བྱུང་།

ཁོས་མུ་མཐུད་དུ་མ་འོངས་པའི་སྐོར་ལ། “ ང་རང་གིས་མ་འོངས་པར་མི་ཚེ་གང་འདྲ་སྐྱེལ་མིན་ལ་སེམས་ཁྲལ་བྱེད་ཀྱི་མེད། གང་ལྟར་ཅིག་འགྲིག་འགྲོ་བ་རེད། ད་ལྟ་ང་ལོ་ ༣༢ རེད། གཞི་ནས་སློབ་གྲྭར་སོང་སྟེ་སློབ་སྦྱོང་བྱེད་ཟེར་ན་ཁག་པོ་ཡིན་ཡང་། སློབ་གྲྭའི་ནང་སོང་ནས་གང་ཐུབ་ཀྱིས་སློབ་སྦྱོང་བྱས་ནས་འདུག་རྒྱུ་ཡིན། ཕ་ཡུལ་ནས་གཞན་གྱི་བཙན་དབང་འོག་འདུག་པ་ལས་གཞན་ཡུལ་དུ་ཡོང་སྟེ་འཇིགས་སྐྲག་མེད་པར་གང་ཐུབ་ཀྱིས་སློབ་སྦྱོང་རེ་བྱས་ནས་བསྡད་ན་ཧ་ཅང་སྐྱིད་པོ་རེད” ཅེས་བརྗོད་བྱུང་།

མཇུག་ཏུ་ཁོང་གིས། ས་བྱི་ལོར་རྨ་ཆུ་རྫོང་སེར་སྐྱ་མི་མང་གིས་ངོ་རྒོལ་བྱེད་སྐབས་རྨ་ཆུ་རྫོང་གེ་སར་ནང་མ་གླུ་གར་ཁང་གི་རྔ་པ་ནས་ཡིན་པའི་གསར་བུ་གཉིས་ལ་ཉེན་རྟོག་པས་གཅར་རྡུང་ཚད་མེད་བཏང་སྟེ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཡོངས་ཁྱབ་ཡིན་སྐོར་དང་། ས་བྱི་ཞི་རྒོལ་བྱུང་སྐབས་རྨ་ཆུ་རྫོང་ཁྲོམ་གཞུང་ནས་ཉེན་རྟོག་པས་དོན་མེད་དུ་ བོད་རིགས་གསར་བུ་ཚོར་གཅར་རྡུང་དང་འཛིན་བཟུང་བྱས་པ་སོགས་མང་པོ་ཡོད་ཀྱང་། དེང་སང་བཙོན་པ་མང་པོ་ཞིག་ཐ་ན་རང་གི་ཕ་མ་སྤུན་མཆེད་ཀྱིས་ཀྱང་གར་ཡོད་ཅི་བྱུང་མ་ཤེས་པ་ཆགས་ཡོད་སྐོར་སོགས་ངོ་སྤྲོད་གནང་བྱུང་།

གསར་འགོད་པ། པདྨ་མཚོ།

༼བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད༽

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༣ སྔོན་ལ།
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༦ སྔོན་ལ།
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

ཆུ་ཚོད་ ༢༣ སྔོན་ལ།
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

མཆན། 4

  1. ཟླ་བ་དོན་འགྲུབ། says:
    ལོ་ 12 སྔོན།

    ཁོང་དང་ཁོང་འདྲ་བའི་མི་མང་དག་ཅིག་ད་རུང་བྲོས་བྱོལ་གྱི་འཚོ་བ་བསྐྱལ་ཏེ་བསྡད་ཡོད། འཇིགས་སྐྲག་གིས་མནར་བའི་ཚེ་སྲོག་་དུས་ག་ཚོད་ཅིག་ལ་འཚོ་ཐུབ་མིན་འང་དོགས་པའི་དབང་དུ་གནས་ཡོད། གར་བསྡད་སར་འཇིགས་སྣང་གི་དྲྭ་བ་ལས་བཤོལ་ཐབས་མེད་པར་གནས་པའི་ཞི་རྒོལ་བ་དག་ལ་དངོས་གནས་རི་རངས་ཞུ་བཞིན་ཡོད། གང་ལྟར་ད ཁ་ནས་ཆེན་པོ་ཞིག་བཤད་མ་བཤད་ཆེར་མི་འདུག

    Reply
  2. བསྟན་ཆོས། says:
    ལོ་ 12 སྔོན།

    གནས་ཚང་བ། སྙིང་ན་བའི་སྐད་ཆ་བཤད་དགོས་དོན་ཅི་ཡིན་ནམ། དེ་འབྲེལ་གྱི་ཐོབ་དབང་གསར་ལམ་ནས་དགོས་ཡོད་པ་རེད་དམ།

    Reply
  3. གངས་རླུང་། says:
    ལོ་ 12 སྔོན།

    མིང་བརྗོད་འདོད་ཡོད་མེད་ཁོ་རང་གྱི་མི་ཚེ་དང་ཡུལ་མི་ཕ་མ་སོགས་ལ་བསམ་བློ་གཏོང་པ་རེད། ཕྱི་གཞན་ཡུལ་ནས་སྐད་ཆ་ཆེན་པོ་བཤད་ན་ངོ་ཚ་འདུག
    བློ་སྟོབས་ཡོད་ན་གཞན་ཡུལ་ནས་ཚང་མ་རང་དབང་།

    Reply
  4. གནས་ཚང་། says:
    ལོ་ 12 སྔོན།

    ད་ག་རེ་གནང་སོང་བ་རེད་དམ། ན་ནིང་ད་ལོ་མིང་སྨྲ་འདོད་མེད་པའི་ཆབ་སྲིད་བཙོན་ཟུར་དང་། ཆབ་སྲེིད་འབྲེལ་ཆགས་མང་པོ་སླེབས་ཀྱི་འདུག་ག མིང་སྨྲ་འདོད་མེད་ན། དེ་འབྲེལ་གྱི་ཐོབ་དབང་ཡང་ལེན་གྱི་མེད་པ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese