མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཔེ་སྟོན་གྱི་སློབ་མའི་ནང་བརྒྱ་ཆ་ ༩༥ ལེན་མཁན་ཡོང་རྒྱུའི་རེ་བ་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༠༣/༡༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དཔེ་སྟོན་སློབ་གྲྭའི་འཛིན་རིམ་བཅུ་པའི་སློབ་ཐོན་མཛད་སྒོའི་ཐོག་སྲིད་སྐྱོང་མཆོག་གིས། མ་འོངས་ལོ་གཉིས་ཀྱི་ནང་དཔེ་སྟོན་སློབ་གྲྭའི་སློབ་མའི་ཤེས་ཡོན་གྱི་གནས་ཚད་འདི་འདྲ་རེད་ཅེས་རང་བཞིན་གྱིས་ཁ་གྲག་ཡོང་གི་རེད་ཅེས་གསུངས་སོང་།

དེ་རིང་ཕྱི་ཚེས་ ༡༨ ཉིན་སྔ་དྲོ་གངས་སྐྱིད་སཾ་བྷོ་ཊ་ཉིན་སློབ་ཏུ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་འཛིན་རིམ་བཅུ་པའི་སློབ་ཐོན་མཛད་སྒོ་དང་པོ་ཚོགས་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལཊ། སཾ་བྷོ་ཊ་བོད་སློབ་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལཊ། དེ་བཞིན། ཤེས་རབ་དགའ་ཚལ་སློབ་གླིང་གི་འགན་འཛིན་དང་སློབ་སྦྱི། མེས་དབོན་གཙུག་ལག་སློབ་གྲྭའི་སློབ་སྤྱི་གཙོས་པའི་དགེ་ལས་སློབ་ཕྲུག་དང་ཕ་མ་བཅས་འཛོམས་འདུག་ལ། མཛད་སྒོའི་ཐོག་སྐུ་མགྲོན་རྣམ་པ་དང་དགེ་ལས་སློབ་ཕྲུག་གི་སྐུ་ཚབ་བཅས་ཀྱིས་མཐར་ཕྱིན་སློབ་མར་མཇལ་དར་བསྒྲོན་འབུལ་དང་། མཐར་ཕྱིན་སློབ་མ་གཉིས་ཀྱིས་བོད་དབྱིན་གཉིས་ཀྱི་ཐོག་བཀའ་དྲིན་རྗེས་དྲན་གྱི་གཏམ་བཤད་བྱས་སོང་།

དཔེ་སྟོན་སློབ་གྲྭའི་སློབ་སྤྱི་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སྐབས། ད་ལོའི་འཛིན་རིམ་བཅུ་པའི་སློབ་ཐོན་པའི་ནང་བུ་མོ་ ༡༠ དང་བུ་ ༡༤ ཡོད་ཀྱང་། སློབ་མ་གཅིག་གིས་རྩ་དགོངས་ཞུས་ཏེ་ཁེ་ན་ཌར་ཕྱིན་སྟབས། རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ནང་ཁྱོན་སློབ་མ་ ༢༣ མཉམ་ཞུགས་བྱས་ཡོད་ཚུལ་དང་། ད་ལོའི་སློབ་དུས་གསར་པའི་ནང་སློབ་མ་ ༨༤ ཙམ་གྱིས་སྙན་ཞུ་ཕུལ་ཡོད་ཀྱང་། སྔོན་འགྲོ་དང་པོའི་འཛིན་ཁང་གི་གྲངས་ཚད་ལ་གཞིགས་ཏེ་སློབ་མ་གསར་པ་ ༦༥ བསྡུས་བ་དང་། གཞུང་འབྲེལ་ལས་བྱེད་གནས་སྤོར་གྱི་ཕྲུ་གུ་ ༩ བཅས་ཁྱོན་སློབ་མ་ ༧༤ གསར་ཏུ་སློབ་འཇུག་བྱས་ཡོད་སྐོར། དཔེ་སྟོན་སྟེང་ཤོད་གཉིས་ཟླ་སྒྲིལ་བཏང་རྗེས་༢༠༡༡ ལོར་སློབ་མ་ ༣༨ དང་། ༢༠༡༢ ལོར་ ༤༣། ༢༠༡༣ ལོར་ ༧༣ བཅས་སློབ་འཇུག་གི་བརྒྱུད་རིམ་མུ་མཐུད་རྒྱུན་འཁྱོངས་བྱས་པ་ཡིན་ན། ལོ་གཅིག་གཉིས་ཀྱི་ནང་སློབ་ཕྲུག་མ་ཤོང་བའི་དཀའ་ངལ་འཕྲད་སྲིད་པས། འཛིན་སྐྱོང་ནས་དགོངས་པ་ཆེར་བཞེས་ཀྱིས་དཀའ་ངལ་སེལ་ཐབས་གནང་རྒྱུའི་རེ་སྐུལ་ཞུས་སོང་།

དེའི་རྗེས་སཾ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་ཀྱིས། “ རྣམ་པ་ཚོར་མགོ་ཁྲིད་ཀྱི་ཟབ་སྦྱོང་རིམ་པར་གནང་བའི་དགོས་དམིགས་རབ་བྱུང་ན་སྤྱི་ཚོགས་ཧྲིལ་བོར་གོ་སྒྲིག་བྱེད་ཐུབ་མཁན་ཞིག་དང་། དེ་མ་བྱུང་བ་ཡིན་ནའང་སོ་སོའི་མི་རིགས་ཀྱི་འཐབ་རྩོད་ལ་མགོ་ཁྲིད་ཐུབ་མཁན་ཞིག་ཡོང་དགོས་པ་རེད། མི་མང་བྱེད་རྒྱུ་ལས་སླ་བོ་ཡིན་ནའང་། མགོ་ཁྲིད་བྱེད་རྒྱུ་དཀའ་ལས་ཁག་པོ་ཡོད་སྟབས། ཁྱེད་རང་ཚོ་འཛིན་གྲྭ་བཅུ་གཅིག་བཅུ་གཉིས་ཙམ་མིན་པར། སློབ་གྲྭ་ཆེན་མོ་དང་གཙུག་ལག་སློབ་གཉེར་ཁང་། ལྷག་པར་དུ་སྤྱི་ཚོགས་ཐོག་སོ་སོའི་མི་ཚེ་སྐྱེལ་སྐབས་ཀྱང་ཤེས་ཡོན་སྲིད་བྱུས་ཀྱི་དགོས་དམིགས་བཞི་དེ། ག་དུས་ཡིན་ནའང་སོ་སོ་དང་མཉམ་དུ་སྦྱར་ཡོད་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ངས་དེ་རིང་གི་ཉིན་མོ་འདི་ཧ་ཅང་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད། གང་ཡིན་ཟེར་ན། ང་ཚོར་རྒྱལ་ཁབ་མེད་ཀྱང་། ང་ཚོར་ཤེས་ཡོན་སྲིད་བྱུས་ཆ་ཚང་པོ་ཞིག་ཡོད་པ་དང་། ཤེས་ཡོན་སྲིད་བྱུས་དེའི་འོག་མཐར་ཕྱིན་པའི་སློབ་མ་ ༢༣ དེ། བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ཀྱི་ཕོ་ཉ་དང་པོ་ཆགས་ཡོད་སྟབས། ཚང་མས་ལྷོད་གཡེང་མེད་པའི་ཐོག་ནས་ཧུར་བརྩོན་གནང་རོགས། ”ཞེས་བརྗོད་སོང་།

མཇུག་ཏུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སློབ་མ་ཚོར་ལམ་སྟོན་གསུང་བཤད་གནང་དོན། “ ༢༠༠༥ ལོའི་ཕྱི་ཟླ་ ༡༠ ཚེས་ ༡༠ ཉིན་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་གཞིར་བཟུང་དཔེ་སྟོན་སློབ་གྲྭ་དབུ་འཛུགས་གནང་ཡོད་པ་དང་། དེ་དུས་སློབ་ཕྲུག་ ༢༤ སློབ་འཇུག་བྱས་པའི་ནང་ནས་སློབ་མ་གཅིག་མ་གཏོགས་སློབ་སྦྱོང་མཐར་ཕྱིན་པ་དེ་མིག་དཔེ་ཡག་པོ་རེད་བསམ་གྱི་འདུག དེའི་ཕྱིར་དགེ་རྒན་དང་ཕ་མ། སློབ་ཕྲུག་བཅས་ཀྱིས་འགན་ཁུར་བའི་ཐོག་ནས་འཛིན་རིམ་བཅུ་བ་བར་སློབ་སྦྱོང་མཐའ་འཁྱོལ་བ་དེར་ངས་བསྔགས་བརྗོད་ཞུས་པ་དང་སྦྲགས། དེ་རིང་གི་མཐར་ཕྱིན་སློབ་མ་ཚོས་སོ་སོའི་སློབ་གྲྭ་བཞག་ནས་སློབ་གྲྭ་གཞན་དུ་འགྲོ་དགོས་པས་སེམས་འཚབ་ཡོང་སྲིད་པ་རེད། ཡིན་ནའང་། སློབ་མ་ཚོ་མ་འོངས་པར་ཀ་ལོན་སྦུག་དང་མོན་གྷོ་ཊི། མ་སུ་རི། བྷོན་ཌ་བཅས་སློབ་གྲྭ་བཞི་ཡི་ནང་འགྲོ་འཆར་ཡོད་སྟབས། ཁྱེད་རང་ཚོ་གང་དུ་ཕྱིན་པ་ཡིན་ནའང་ད་ལྟ་སློབ་སྦྱོང་ཧུར་ཐག་གནང་བཞིན་པ་ལྟར། མ་འོངས་པར་མུ་མཐུད་དུ་ཧུར་ཐག་གནང་བའི་རེ་སྐུལ་ཞུ་ཡི་ཡོད། གང་ཡིན་ཟེར་ན། ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་ནས་ལོ་ ༡༠ འཁོར་ཡོང་གི་ཡོད་ལ། དཔེ་སྟོན་སློབ་གྲྭ་ནས་ཐོན་པའི་སློབ་ཕྲུག་ ༢༣ དེ་གང་དུ་ཕྱིན་པ་ཡིན་ནའང་། ང་ཚོས་དོ་སྣང་བྱེད་ཐུབ་དང་མ་ཐུབ་ལ་མ་ལྟོས་པར་སློབ་གྲྭ་དེའི་དགེ་སློབ་ཚོས་དོ་སྣང་གནང་གི་རེད། མ་འོངས་ལོ་ ༢ ཀྱི་ནང་ནས་དཔེ་སྟོན་སློབ་གྲྭའི་སློབ་མ་ཚོའི་ཤེས་ཡོན་དེ་འདྲ་ཞིག་རེད་ཟེར་བ་དང་། ཡང་ན་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་གཞིར་བཟུང་སློབ་ཁྲིད་གནང་བ་ལྟར། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་དུས་ཀྱི་ཤེས་ཡོན་གཉིས་ཀ་ཚད་དང་ལྡན་པ་ཆགས་པའི་སློབ་ཕྲུག་རེད་ཅེས་རང་བཞིན་གྱིས་ཁ་གྲག་ཡོང་སྟབས། ཚང་མས་དཔེ་སྟོན་སློབ་གྲྭ་ནས་ཐོན་ཚར་དུས་དོ་སྣང་བྱེད་མཁན་མེད་བསམ་སྟེ་རྣམ་གཡེང་མི་བྱེད་པར། དུས་རྒྱུན་ཤེས་ཡོན་སྲིད་བྱུས་ཀྱི་དགོས་དམིགས་མ་བརྗེད་པ་བྱས་ནས་སློབ་སྦྱོང་ལ་འབད་བརྩོན་བྱེད་དགོས། མ་འོངས་པར་དཔེ་སྟོན་སློབ་གྲྭའི་སློབ་མའི་ནང་བརྒྱ་ཆ་ ༩༥ ལེན་མཁན་ཡོང་བར་ང་ཚོས་རེ་བ་རྒྱག་བཞིན་ཡོད།” ཅེས་སོགས་གསུངས་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 3

  1. འཇིག་མེད་སེང་གེ་ says:
    ལོ་ 11 སྔོན།

    གནད་དོན་གཅིག་ཆད་འདུག དཀོན་མཆོག་མཁྱེན། དཔེ་སྟོན་སློབ་མའི་ནང་བརྒྱ་ཆ་༩༥ ལེན་མཁན་མ་ཡོང་བ་དང་། བརྒྱ་ཆ་༩༥ དགོས་ཡོད་ཟེར་མཁན་ཡང་མ་བྱུང་བར་ཤོག

    Reply
  2. འཇིག་མེད་སེང་གེ་ says:
    ལོ་ 11 སྔོན།

    བརྒྱ་ཆ་༩༥ ཟེར་བ་དེ་སྲིད་སྐྱོང་གི་རེ་བ་ཞིག་རེད་མ་གཏོགས། དེ་ཤེས་ཡོན་སྲིད་བྱུས་ཀྱི་རེ་བ་ཞིག་མ་རེད། ཤེས་ཡོན་སྲིད་བྱུས་ནང་ཡིག་རྒྱུགས་ཀྱི་སྐར་གྲངས་ལ་གཙིགས་ཆེན་འཛིན་རྒྱུ་ལྟ་ཞོག་ཐ་ན་ད་ལྟའི་རྒྱུགས་ལེན་གྱི་ལམ་སྲོལ་ལ་དགག་པ་གནང་ཡོད།
    ལོ་ངོ་བཅུའི་རིང་སློབ་མ་འདི་དག་ལ་ཡིག་རྒྱུགས་ཀྱི་སྐར་གྲངས་གལ་ཆེན་པོ་མ་རེད་ཅེས་གསོ་སྐྱོང་མཛད་ནས། དེ་རིང་སློབ་ཐོན་མཛད་སྒོའི་སྐབས་ཡིག་རྒྱུགས་སྐར་གྲངས་༩༥ ལོན་པ་བྱ་དགོས་ཅེས་གསུངས་པ་ནི། སྲིད་བྱུས་ལ་རྒྱུས་མངའ་མེད་པ་དང་། དེ་བས་དཔེ་སྟོན་སློབ་གྲྭར་རྒྱུས་མངའ་གཏན་ནས་མེད་པའི་རྟགས་ཚན་རང་རེད།
    དཔེ་སྟོན་སློབ་གྲྭའི་སློབ་མའི་གྲུབ་འབྲས་ནི་ཁོང་ཚོ་དངོས་སུ་སྤྱི་ཚོགས་ཀྱི་ལས་དོན་ནང་ཞུགས་པ་དང་། མི་སྡེའི་སྤྱི་ཚོགས་ལ་དངོས་ཞུགས་བྱ་སྐབས་ཀྱི་ཕྱི་ནང་གསང་གསུམ་ཀྱི་བྱ་སྤྱོད་ལ་གཞིར་འཛིན་ཏེ་ཚལ་འཇལ་བ་ལས། ཡིག་རྒྱུགས་ཀྱི་སྐར་གྲངས་ཙམ་གྱིས་གྲུབ་འབྲས་གཞལ་ཐབས་བྱེད་པ་ནི་ཐབས་བཟང་ཞིག་ག་ལ་ཡིན།

    ལོ་ངོ་བཅུའི་རིང་དཀར་པོ་མར་བཞིན་གསོ་སྐྱོང་བྱས་པའི་སློབ་མ་འདི་དག་དུས་ཐུང་རིང་ནག་པོའི་སོལ་བ་ལྟ་བུའི་ནུབ་ཕྱོགས་པའི་ལྟ་གྲུབ་ཀྱི་ལྷད་ཀྱིས་མ་འདྲེས་པར་སྨོན།

    Reply
  3. དཔའ་ཆེན་དོན་གྲུབ། says:
    ལོ་ 11 སྔོན།

    སྲིད་སྐྱོང་བློ་བཟང་སེང་གེ་ཁ་སང་གྲོས་ཚོགས་སུ་མཐོང་རྒྱུ་མེད་པ་བྱིས་པ་ཚོར་ལབ་རྒྱག་གི་བུད་སོང་ཡོད་འདུག་ག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese