མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམག་འཐབ་གནམ་གྲུ་གཏོར་འདུག

བོད་ཀྱི་དུས་བབ།
༢༠༡༤/༠༣/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཏུར་ཀིའི་བར་སྣང་མཁའ་དམག་གིས་སེ་རི་ཡའི་དམག་འཐབ་གནམ་གྲུ་ཞིག་ལ་མེ་ཤུགས་འཕུར་མདས་བརྒྱབ་ཏེ་གཏོར་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༣ ཉིན་གྱི་ས་གནས་ཆུ་ཚོད་ ༡།༤༠ ཡས་མས་སུ་སེ་རི་ཡའི་དམག་འཐབ་གནམ་གྲུ་ (MIG- 23s) རྟགས་ཅན་ཞིག ཏུར་ཀིའི་ (Turkey) ཤར་ཕྱོགས་ས་མཚམས་ཀད་སྰ་པུ་ (Kasab) ཡི་བར་སྣང་དབྱེ་མཚམས་ནས་ཚུར་སྤྱི་ལེ་གཉིས་ཙམ་བརྒལ་ཏེ་འཕུར་སྐྱོད་བྱེད་སྐབས།  ཏུར་ཀིའི་བར་སྣང་སྲུང་སྐྱོབ་མཁའ་དམག་གིས་ཐེངས་བཞིར་ཉེན་བརྡ་བཏང་ཡང་ཕྱིར་ལོག་མ་བྱས་སྟབས། དམག་འཐབ་གནམ་གྲུ་རྟགས་ (F-16s) ཅན་གྱིས་མེ་ཤུགས་འཕུར་མདའ་གཡུག་ནས་གཏོར་སྐྱོན་བཏང་ཡོད་འདུག

གནད་དོན་དེར་སེ་རི་ཡ་གཞུང་གིས། གནམ་གྲུ་དེས་སེ་རི་ཡའི་ས་མཚམས་སུ་ཡོད་པའི་གྱེན་ལོག་བྱེད་མཁན་ཚོར་རྗེས་འདེད་བྱེད་བཞིན་ཡོད་པ་ལས། ཏུར་ཀིའི་བར་སྣང་དབྱེ་མཚམས་བརྒལ་བ་ཁས་ལེན་བྱས་མེད་པ་མ་ཟད། བྱེད་སྟངས་དེ་ནི་མ་རབས་ཐ་ཤལ་གྱི་འཇབ་རྒོལ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་འདུག ཡིན་ནའང་། ཏུར་ཀིའི་སྲིད་བློན་ཨར་ཌོབ་གྷན་ (Tayyip Erdogan) གྱིས་ཐེངས་འདིའི་ཏུར་ཀིའི་གནམ་དམག་གི་བྱེད་སྟངས་ལ་བསྔགས་བརྗོད་གནང་བ་དང་འབྲེལ། ཁོང་གིས “ ང་ཚོའི་བར་སྣང་དབྱེ་མཚམས་ཀྱི་བདག་དབང་ལ་སེ་རི་ཡའི་དམག་འཐབ་གནམ་གྲུས་རྩིས་མེད་རྡོག་རོལ་བཏང་བར་རྒོལ་ལན་བསློགས་ཏེ་གཏོར་བཅོམ་བཏང་བ་ཞིག་ཡིན། ” ཞེས་ཏུར་ཀིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འོས་བསྡུའི་ལས་འགུལ་སྐབས་མི་མང་ལ་བརྗོད་ཡོད་འདུག

དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་སེ་རི་ཡའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཁང་གིས། དམག་འཐབ་གནམ་གྲུ་དེས་བྱང་ཕྱོགས་ཞིང་ཆེན་ལྰ་ཊ་ཀེད་ (Latakia) ཀྱི་ས་ཁུལ་ཀད་སྰ་པུར་ནང་གི་གྱེན་ལོག་པ་ཚོར་འབོམ་གཡུག་ནས་འཇབ་རྒོལ་བྱས་རྗེས། གནམ་གྲུར་མེ་ཤོར་ཏེ་སེ་རི་ཡའི་ས་ཁོངས་སུ་བརྡབ་སྐྱོན་བྱུང་བ་རེད་ཅེས་བརྗོད་འདུག

ཚེས་ ༢༡ ཉིན་ནས་བཟུང་སེ་རི་ཡའི་བྷ་ཞྰ་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་གྱེན་ལོག་དམག་མི་ཚོ་ཀད་སྰ་པུ་ (Kasab) གྲོང་ཁྱེར་ནང་ཡོང་སྟེ་བཙན་བཟུང་བྱེད་སྐབས། སེ་རི་ཡའི་དམག་དཔུང་དང་མེ་མདའ་རྒྱག་རེ་བྱས་ཏེ། ད་ལྟའི་བར་ཕྱོགས་གཉིས་ཀྱི་དམག་མི་ ༨༠ ལྷག་བསད་ཡོད་པ་དང་། དེའི་ཁྲོད་སྲིད་འཛིན་བྷ་ཤྰ་ཡི་སྤུན་མཆེད་ཧེ་ལྰ་ (Hilal al-Assad) ཡང་ཚུད་ཡོད་འདུག

སེ་རི་ཡའི་སྲིད་གཞུང་ལ་ཨི་རན་དང་ཨེ་རག་གི་ཤེ་ཨེ་ཊི་ (Shi’ite)། ལེ་བྷེ་ནོན་གྱི་ཧེ་ཛེ་བྷོ་ལྰ་ (Hezbollah) བཅས་ཀྱི་དམག་དཔུང་གིས་རྒྱབ་སྐྱོར་བྱས་ཏེ་གྱེན་ལོག་དམག་དཔུང་སེ་རི་ཡའི་རྒྱལ་ས་དང་གྲོང་ཁྱེར་ཧོམ་སིའི་ (Homs) དཀྱིལ་དུ་བཅུག་ཡོད་སྟབས། སེ་རི་ཡའི་བྱང་ཤར་གྱི་ས་ཁུལ་ཁག་ཏུ་གྱེན་ལོག་པ་ཉུང་ཤོས་མ་གཏོགས་ལྷག་ཡོད་མི་འདུག

གནད་དོན་དབྱེ་ཞིབ་པ་ཚོས། བྷ་ཤྰ་སྲིད་གཞུང་གིས་སེ་རི་ཡ་མང་ཚོགས་ཀྱི་གསར་བརྗེ་འོས་ལངས་ལ་དྲག་ཤུགས་བེད་སྤྱོད་བཏང་བའི་ཐད། ཏུར་ཀི་གཞུང་གིས་སྲུང་སྐྱོབ་དང་མཚོན་ཆ་སོགས་ཀྱི་རྒྱབ་སྐྱོར་བྱས་སྟབས། དེ་སྔོན་རྒྱལ་ཁབ་གཉིས་བར་ཕྱི་སྲིད་འབྲེལ་ལམ་དམ་ཟབ་ཡོད་པ་ཇེ་སྡུག་ཏུ་སོང་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སེ་རི་ཡའི་སྐོར་ལ་སྙན་ཐོ་ཞིག་བཏོན་པའི་ནང་། སེ་རི་ཡའི་ནང་ཟིང་འཁྲུག་བྱུང་ནས་ད་བར་ཁྱོན་མི་འབུམ་གཅིག་ལྷག་བསད་ཡོད་པ་དང་། ས་ཡ་ ༦།༥ ལྷག་གནས་སྦོར། ས་ཡ་ ༢།༥ ཙམ་ཁྱིམ་མཚེས་རྒྱལ་ཁབ་ལེ་བྷེན་ནོན་དང་ཇོར་ཌན། ཏུར་ཀི་བཅས་ཀྱི་ནང་སྐྱབས་བཅོལ་དུ་ཕྱིན་ཡོད་སྐོར་བཀོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༥ དང་ ༢༦ ཉིན་དབུས་སྣེ་ལེན་ཁང་དུ་འཚོགས། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༧ སྔོན་ལ།
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

ཆུ་ཚོད་ ༡༨ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese