མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པའི་སྤྱི་ཚོཊ་ནང་གློ་ནད་ཡོད་མཁན་གྱི་བརྒྱ་ཆའི་ ༦༠ ལྷག་གཞོན་སྐྱེས་ཆཊ་འདུག

བོད་ཀྱི་དུས་བབ།
༢༠༡༤/༠༣/༢༤
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་གློ་ནད་ཉིན་མོ་སྲུང་གཙི་གནང་སྐབས་འཕྲོད་བསྟེན་བཀའ་བློན་མཆོག་གིས། བོད་པའི་སྤྱི་ཚོགས་ནང་གློ་ནད་ཅན་གྱི་བརྒྱ་ཆའི་ ༦༠ ལྷག་གཞོན་སྐྱེས་ཆགས་ཡོད་སྟབས། ལོ་འདིར་འཕྲོད་བསྟེན་ལས་ཁུངས་ཀྱིས་མཐོ་སློབ་དང་དགོན་སྡེ་ཁག་ཏུ་ལས་བྱེད་མངགས་གཏོང་གིས་སྔོན་འགོག་དང་སྨན་བཅོས་ཀྱི་ལས་གཞི་སྤེལ་རྒྱུ་ཡིན་སྐོར་གསུངས་སོང་།

དེ་རིང་ཚེས་ ༢༣ ཉིན་གྱི་སྔ་དྲོ་ངྷ་ས་ཉིན་སློབ་དུ། གཟའ་ཉི་མའི་གུང་གསེང་དང་བསྟུན་ཏེ་བོད་མིའི་སྒྲིག་འཛུཊ་འཕྲོད་བསྟེན་ལས་ཁུངས་དང་བདེ་ལེགས་སྨན་ཁང་། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་ཐུན་མོང་ཐོག་རྒྱང་རྒྱུགས་འགྲན་བསྡུར་གྱི་ལམ་ནས་འཛམ་གླིང་གློ་ནད་ཉིན་མོ་སྲུང་གཙི་གནང་སོང་ལ། དེར་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་དང་། ངྷ་ས་ས་གནས་མགོ་འཛིན་བསོད་ནམས་རྡོ་རྗེ་ལཊ། འཕྲོད་བསྟེན་ལས་ཁུངས་ཀྱི་སྤྱི་ཚོགས་འཕྲོད་བསྟེན་སྡེ་ཚན་འགན་འཛིན་འཕྲིན་ལས་དཔལ་མོ་ལཊ། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཚོགས་གཙོ་སྐལ་བཟང་དོན་འགྲུབ། དེ་བཞིན། རྒྱང་རྒྱུགས་ཁྲོད་མཉམ་ཞུགས་གནང་མཁན་ཤེས་རབ་དགའ་ཚལ་སློབ་གླིང་དང་། ངྷ་སྟེང་བོད་ཁྱིམ། ངྷ་ཤོད་བོད་ཁྱིམ། གྷོ་པ་པུར་བཅས་ཀྱི་སློབ་མ་དང་བཞུགས་སྒར་མི་མང་བཅས་མི་  ༣༠༠ ཡས་མས་འཛོམས་འདུག

ཐེངས་འདིའི་ལས་འགུལ་གྱི་དམིགས་ཡུལ་གཙོ་བོ་འཛམ་གླིང་གློ་ནད་ཉིན་མོ་སྲུང་གཙི་དང་། བོད་པའི་སྤྱི་ཚོགས་ནང་གློ་ནད་སྔོན་འགོག་གི་གོ་རྟོགས་སྤེལ་ཆེད་ཡིན་འདུག་ལ། དེ་རིང་གི་མཛད་སྒོའི་ཐོག་འཕྲོད་བསྟེན་བཀའ་བློན་མཆོག་གིས་འཛམ་གླིང་ཊི་སྦེ་ཉིན་མོ་དང་འབྲེལ་བའི་གཏམ་བཤད་གནང་གྲུབ་རྗེས། སློབ་གྲྭ་ཁག་ནས་ཕེབས་པའི་སློབ་མ་དང་བཞུགས་སྒར་གནས་སྡོད་མི་མང་ ༢༠༠ ཡས་མས་ཤིག་མེག་གྷན་ཉིན་སློབ་སྒོ་ཆེན་མདུན་གྱི་གཞུང་ལམ་ནས་ཧྥོར་སི་གྷན་ཇི་ཉེན་རྟོག་ལས་ཁུངས་དང་། དེ་ནས་ཕྱིར་ཉིན་སློབ་སྒོ་ཆེན་བར་གྱི་ཀེ་ལོ་མུ་ཊར་ ༤ ལྷག་གི་རིང་རྒྱང་རྒྱུགས་འགྲན་བསྡུར་གནང་སོང་ལ། མཇུག་ཏུ་ས་གནས་མགོ་འཛིན་གྱིས་རྒྱང་རྒྱུགས་ཁྲོད་ཀྱི་ཨང་རིམ་བཞིན་ཕོ་དང་ཕོ་མོའི་ཨང་དང་པོ་ནས་ལྔ་བ་བར་གྱི་མི་བཅུ་ལ་ཨང་དང་པོར་ཧིན་སྒོར་ ༢༠༠༠ དང་། གཉིས་པ་སྒོར་ ༡༥༠༠། གསུམ་པར་སྒོར་ ༡༠༠༠། བཞི་བ་སྒོར་ ༥༠༠། ལྔ་བ་སྒོར་ ༥༠༠ བཅས་དང་། རྒྱང་རྒྱུཊ་ཁྲོད་ཞུགས་མཁན་ཕོ་མོ་གཉིས་ལས་ལོ་ཆེ་ཤོས་དང་ཆུང་ཤོས་མི་བཞི་བཅས་ལ་བྱ་དགའ་གསོལ་རས་གནང་སོང་།

དེ་རིང་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་དུས་དྲན་དང་འབྲེལ་བའི་གཏམ་བཤད་གནང་སྐབས། ཕྱི་ལོ་ ༡༨༨༢ ལོར་ཌོག་ཊར་རོ་སྦར་ཊི་ཀོ་ཡིས་གློ་ནད་ཀྱི་ནད་འབུ་བརྩད་གཅོད་བྱུང་བ་ལ་བརྟེན་ནས་མི་རྣམས་ཀྱི་ཉིན་མོ་འདི་འཛམ་གླིང་གི་གློ་ནད་ཉིན་མོར་སྲུང་གཙི་བྱེད་ཀྱི་ཡོད་པ་མ་ཟད། ནད་གཞི་འདི་གོ་རྟོགས་དང་ཁྱབ་བསྒྲཊ་ཀྱི་དུས་ཚོད་གལ་ཆེན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ད་ཆར་འཛམ་གླིང་ནང་ལོ་རེར་གློ་ནད་ཅན་ས་ཡ་ ༦ ཡས་མས་ཡོང་གི་ཡོད་པ་ལས་ས་ཡ་ ༢ ཡས་མས་འདས་གྲོངས་སུ་འགྲོ་བཞིན་ཡོད་པ་ལྟར། བོད་པའི་སྤྱི་ཚོགས་ལ་མཚོན་ནའང་ནད་གཞི་འདི་སྤྱི་ཚོགས་ཀྱི་དཀའ་ངལ་ཆེ་ཤོས་ཤིག་ཆགས་ཏེ། སྔོན་མ་ཊི་སྦེ་རིམ་པ་དང་པོ་ན་མཁན་ལས་མེད་ཀྱང་། དེང་སང་རིམ་པ་གཉིས་པ་ན་མཁན་ཡོང་བསྡད་ཀྱི་ཡོད་པ་དང་། རིམ་པ་དང་པོའི་སྨན་གྱིས་རིམ་པ་གཉིས་པའི་ནད་འབུ་སེལ་ཐུབ་ཀྱི་མེད་པར་དམིགས་བསལ་སྨན་ཤུགས་ཆེ་རུ་གཏོང་དགོས་པ་དང་། གོང་ཚད་མཐོ་བོ་ཡིན་པ། དུས་ཚོད་འགོར་བ་སོགས་དཀའ་ངལ་མང་པོ་ཞིག་ཡོད་སྟབས། བོད་མི་ཚོའི་སོ་སོའི་ངོས་ནས་གཙང་སྦྲ་འཕྲོད་བསྟེན་སོགས་སྔོན་འགོག་ཐད་ཤུགས་རྒྱག་རྒྱུ་གལ་ཆེན་ཆགས་ཡོད་སྐོར་གསུངས་སོང་།

ཁོང་གིས་ཊི་སྦེ་ནད་གཞི་ཉུང་དུ་གཏོང་བར་བརྟག་དཔྱད་བྱེད་དགོས་སྟབས། ད་ཆར་རྒྱ་གར་གྱི་ས་གནས་སྨན་ཁང་ཚང་མས་བོད་མིར་དབྱེ་འབྱེད་དང་བཀག་སྡོམ་མེད་པར་བརྟག་དཔྱད་གནང་གི་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུཊ་འཕྲོད་བསྟེན་ཁྱབ་ཁོངས་སྨན་ཁང་ཆེ་ཁག་ནང་གོང་ཚད་མཐོན་པོ་མིན་པར་བརྟག་དཔྱད་ཀྱི་མཐུན་རྐྱེན་ཡོད་པ་དང་། སྨན་བཅོས་ཀྱི་ཐད་ནས་རྒྱ་གར་གཞུང་གི་སྨན་ཁང་དུ་ཊི་སྦེ་རིམ་པ་དང་པོར་རིན་མེད་སྨན་བཅོས་བྱེད་བསྡད་ཡོད་ཀྱང་། ཊི་སྦེ་རིམ་པ་གཉིས་པ་རྒྱ་གར་གྱི་ས་གནས་སྨན་ཁང་ཚང་མའི་ནང་སྨན་བཅོས་མཐུན་རྐྱེན་མེད་ཚུལ་གསུངས་ཏེ། ད་ལྟའི་བོད་པའི་སྤྱི་ཚོགས་ཀྱི་གློ་ནད་གནས་སྟངས་ཐད། “ ད་ལོ་བོད་པའི་སྤྱི་ཚོགས་ནང་ཊི་སྦེ་ན་མཁན་བརྒྱ་ཆའི་ ༦༠ ལྷག་གཞོན་སྐྱེས་ཆགས་འདུག སློབ་ཕྲུག་དང་མཐོ་སློབ་སློབ་མ། དགོན་སྡེ་ཁག་གི་གྲྭ་བཙུན་དེ་དག་མང་ཤོས་ཆགས་འདུག་སྟབས། འདི་ལོར་ང་ཚོས་མཐོ་སློབ་ཁག་ནང་འབྲེལ་ཡོད་ལས་བྱེད་བཏང་སྟེ་ནད་གཞི་སྔོན་འགོག་གི་ལས་གཞི་སྤེལ་རྒྱུ་བང་བསྒྲིགས་ཡོད། ཚང་མས་མ་ན་བའི་ཐབས་ཤེས་གནང་བའི་ཐོག་ནས་སྔོན་འགོག་གནང་རྒྱུ་དང་། ན་བའི་རིགས་ཀྱིས་དུས་ཚོད་ཏག་ཏག་ལ་བརྟག་དཔྱད་གནང་སྟེ་མ་གཞན་ལ་མ་ཁྱབ་པའི་འབད་བརྩོན་གནང་རོགས། “ཞེས་གསུངས་བྱུང་།

བོད་མིའི་སྒྲིག་འཛུཊ་འཕྲོད་བསྟེན་ལས་ཁུངས་ཀྱིས་ལོ་ལྟར་འཛམ་གླིང་གློ་ནད་ཉིན་མོ་སྲུང་གཙི་གནང་གི་ཡོད་པ་ལྟར། འདི་ལོ་ངྷ་རམ་ས་ལར་སྒྲིག་འཛུགས་དང་ཚོགས་པ་གཞན་གཉིས་དང་མཉམ་འབྲེལ་གྱིས་དུས་དྲན་སྲུང་གཙི་གནང་སོང་བ་མ་ཟད། རྒྱ་བལ་གཉིས་ཀྱི་བོད་པའི་གཞིས་ཆགས་དང་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་ཁང་ཡོད་སའི་ས་གནས་ཁག་ཡོངས་སུ་རྩེད་རིགས་དང་རི་མོ་འགྲན་བསྡུར། སྨན་ཞབས་པ་གློ་ནད་གོ་རྟོགས་སྤེལ་རྒྱུ་བཅས་ལས་གཞི་འདྲ་མིན་ཐོག་སྲུང་གཙི་གནང་གི་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

སྐར་མ ༧ སྔོན་ལ།
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

ཆུ་ཚོད་ ༣ སྔོན་ལ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese