མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཟས་ཟ་ཁང་དུ་ཕེབས་འདུག

བོད་ཀྱི་དུས་བབ།
༢༠༡༤/༠༣/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་མེ་ཤལ་ཨོ་བྷ་མ་མཆོག་བོད་པའི་ཟ་ཁང་ཞིག་ཏུ་ཕེབས་ནས་བོད་ཟས་མཆོད་པ་ནི་གྲངས་ཉུང་མི་རིཊ་ལ་བརྩི་བཀུར་བྱས་པ་ཞིག་ཡིན་སྐོར་བསྒྲཊ་འདུག

ཁ་སང་ཨ་རིའི་སྲིད་འཛིན་གྱི་བཟའ་ཟླ་མེ་ཤལ་ཨོ་བྷ་མ་གཙོས་ནང་མི་སྐུ་འཁོར་ལྷན་རྒྱས་བདུན་ཕྲག་གཅིག་རིང་གི་རྒྱ་ནག་གི་འཚམས་གཟིགས་མཇུག་སྒྲིལ་ལ་ཉེ་སྐབས། རྒྱ་ནག་ཟི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་གྱི་བོད་ཟས་ཟ་ཁང་ (Zangxiang Teahouse) ཞེས་པར་ཕེབས་ཏེ་ཉིན་གུང་གི་ཞལ་ལག་མཆོད་ཡོད་སྟབས། དྲ་ལམ་དུ་རྩོམ་ཡིག་སྤེལ་མཁན་རྒྱ་རིགས་རྩོམ་པ་པོ་ཚོས་སྐྱོན་བརྗོད་ཤུགས་ཆེར་བྱས་ཡོད་འདུག

དེའི་ཐད་རྒྱ་རིགས་རྩོམ་པ་པོ་ཞིག་གིས། མེ་ཤལ་ཨོ་བྷ་མས་བོད་ཟས་ཟ་ཁང་ཞིག་ཏུ་ཞལ་ལག་མཆོད་པ་དེ་ནི། ཨ་རིས་བོད་དོན་གནས་སྟངས་ལ་དམིགས་བསལ་དོ་སྣང་བྱེད་བཞིན་ཡོད་པ་གསལ་སྟོན་བྱས་པ་ཞིག་ཡིན་སྟབས། ཁོ་མོའི་རྒྱ་ནག་གི་འཚམས་གཟིགས་དེར་ཆབ་སྲིད་ཀྱི་ལྐོག་ཇུས་ཡོད་སྐོར་བརྗོད་འདུག

དེ་བཞིན་རྩོམ་པ་པོ་གཞན་ཞིག་གིས། “ མེ་ཤལ་ཨོ་བྷ་མའི་འཚམས་གཟིགས་ནང་ཤེས་ཡོན་སློབ་གསོ་ཙམ་མིན་པར། ཆབ་སྲིད་ཀྱི་རྙོག་དྲ་ཡང་ཚུད་ཡོད་སྟབས། རྒྱ་རིགས་ཀྱི་མི་སེར་དང་ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་ཞིབ་འཇུག་མཐིལ་ཕྱིན་གནང་དགོས་ཀྱི་འདུག ” ཅེས་བརྗོད་འདུག

ཨ་རིའི་ཕོ་བྲང་དཀར་པོའི་ལས་བྱེད་ཅིག་གིས། ལྕམ་སྐུ་མཆོག་གི་བོད་པའི་ཟ་ཁང་ནང་ཞལ་ལག་མཆོད་དོན་རྒྱ་ནག་ནང་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལ་བརྩི་བཀུར་བྱས་པ་ཡིན་སྐོར་བརྗོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས། མེ་ཤལ་ཨོ་བྷ་མས་བོད་ཟས་ཟ་ཁང་དུ་ཞལ་ལག་མཆོད་དོན། ཁོ་མོས་ནམ་རྒྱུན་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལ་བརྩི་བཀུར་ཞུ་བཞིན་པ་དང་ཡོངས་སུ་མཐུན་པ་ཞིག་ཡིན་སྐོར་བརྗོད་འདུག

མེ་ཤལ་ཨོ་བྷ་མ་མཆོག་གིས་གུང་ཟས་མཆོད་རྗེས། ཁྲིན་ཏུའུ་གྲོང་ཁྱེར་གྱི་མཐོ་འབྲིང་ཨང་བདུན་པར་ཕེབས་ཏེ་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་གི་འཐབ་རྩོད་ལས་འགུལ་ ( Civil Right Movement ) དང་འབྲེལ་སློབ་མ་ཚོར། ཨ་རིས་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་། ཆོས་དད་རང་དབང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བཅས་ལ་རྩ་འཛིན་ཞུ་བཞིན་ཡོད་ཀྱང་། ད་དུང་མི་རིགས་དབྱེ་འབྱེད་ཀྱི་ཤུགས་རྐྱེན་ངན་པ་དེ་ལས་ཐར་ཐུབ་མེད་སྐོར་དང་། འདས་པའི་བདུན་ཕྲག་གཅིག་རིང་ལྕགས་རི་རིང་བོ་གཙོས་གནའ་ཤུལ་དང་དེང་རབས་ཚན་རྩལ་གྱི་གྲུབ་འབྲས་དག་ལ་མཇལ་རྒྱུ་བྱུང་བ་མ་ཟད། ཤེས་འཇོན་གྱིས་ཕྱུག་པའི་གཞོན་སྐྱེས་ཁྱེད་ཚོར་མཇལ་རྒྱུ་བྱུང་བ་དེ་གཟི་བརྗིད་ཅིག་ཡིན་སྐོར་བརྗོད་ཡོད་འདུག

མེ་ཤལ་ཨོ་བྷ་མ་སྐུ་འཁོར་ལྷན་རྒྱས་ཟླ་འདིའི་ཚེས་ ༢༥ ནས་ ༢༦ ཉིན་གཉིས་རིང་ཟི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་དུ་ཡོད་པའི་བོད་པའི་ཟ་ཁང་ཞིག་ཏུ་བསྐྱོད་ཡོད་པ་དང་། ཟ་ཁང་མདུན་དུ་ཡོད་པའི་མ་ཎི་འཁོར་ལོ་བསྐོར་ཏེ་བོད་པའི་ཆོས་དང་རིག་གཞུང་ལ་བརྩི་བཀུར་ཞུས་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༡༤ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

མཆན། 1

  1. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    བོད་ལ་རྒྱབ་སྒྱོར་ཡོད་པའི་བརྟན་པ་ཐུགས་རྗེ་ཆེ་ལྩམ་མེ་ཤལ་ཨོ་བྷ་མ་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese