མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསམ་བློ་བ་ ༥ རྒྱ་གར་བ་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༡༤/༠༣/༢༨
Share on FacebookShare on TwitterShare on EmailShare on Whatsapp

ད་ལོ་འཛམ་གླིང་ཐོག་འབུར་ཐོན་བྱས་རྗེས་འཇོག་མཁན་གྱི་བསམ་བློ་བ་ལྔ་བཅུའི་ཁྲོད་ཀྱི་ལྔ་རྒྱ་གར་གྱི་མི་སེར་ཡིན་འདུག

ཁ་སང་དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་བསམ་རྒྱ་དུས་དེབ་ ( Prospect Magazine) ཀྱིས་འདས་པའི་ལོ་གཅིག་ཙམ་རིང་། དྲ་རྒྱ་བརྒྱུད་འཛམ་གླིང་གི་ལས་རིགས་འདྲ་མིན་ཐོག་ཕུལ་བྱུང་ཕྱག་ལས་གནང་མཁན་དང་བྱས་རྗེས་འཇོག་མཁན་ཡེ་ཤུའི་བླ་ཆེན་ཧྥན་སེ་སེ་ ( Pope Francis) གཙོས་གྲགས་ཅན་མི་སྣ་ ༥༠ བདམས་ཡོད་འདུག་ལ། དེ་དག་ཁྲོད་རྒྱ་གར་གྱི་དཔལ་འབྱོར་རིག་པ་བ་ཨ་མར་ཌེ་སན་ (Amartya Sen) ལགས་དང་། ཀུ་ཤིག་བྷ་སུ་ ( Kaushik Basu) ། དྷ་སེ་གྷུབ་ཌ ( Partha Dasgupta)། ར་གྷུ་རམ་ (Raghuram Rajan)། རྩོམ་པ་པོ་ཨ་རུན་དྷ་ཌེ་རོཡེ (Arundhati Roy) ལགས་བཅས་རྒྱ་གར་བ་མི་ ༥ བདམས་ཡོད་འདུག

འདིའི་ཐད་བསམ་རྒྱ་དུས་དེབ་ཀྱི་རྩོམ་སྒྲིག་པ་མེ་ཌོག་སེ་ (Bronwen Maddox) ལགས་ཀྱིས། ང་ཚོས་འཛམ་གླིང་གི་ལས་རིགས་འདྲ་མིན་ཐོག་བླ་མེད་མཛད་རྗེས་འཇོག་མཁན་གྱི་མི་སྣ་དག་ལ་ཡིད་རངས་དང་། མི་རབས་གསར་པ་ཚོས་དམིགས་དཔེ་དང་སློབ་སྦྱོང་ཞུ་ཆེད་ཙམ་མ་ཟད། ཁོང་ཚོས་གང་གནང་བ་དག་སྔར་ལས་ལྷག་པའི་འཕེལ་རྒྱས་དང་མང་ཚོགས་ཚོར་ཕན་བདེ་བསྐྲུན་རྒྱུར་སྐུལ་འདེད་བྱ་ཆེད་ཡིན་སྐོར་བརྗོད་འདུག

༢༠༠༤ ལོར་མང་ཚོགས་ལ་ཤེས་རྟོགས་ཡོང་ཆེད་དབྱིན་ཡུལ་གྱི་གྲགས་ཅན་མི་སྣ་ ༥༠ འདེམས་སྒྲུག་གིས་ཐོག་མར་མགོ་འཛུགས་བྱས་ཡོད་པ་དང་། ༢༠༠༥ ལོ་ནས་བཟུང་དྲ་རྒྱ་བརྒྱུད་འཛམ་གླིང་ལས་རིགས་འདྲ་མིན་གྱི་མི་སྣ་འོས་འདེམས་བྱེད་མགོ་བཙུགས་ཏེ། ལོ་རེར་འཛམ་གླིང་གི་དཔལ་འབྱོར་རིག་པ་བ་ ༡༧ དང་། ལྟ་གྲུབ་སྨྲ་བ་ ༡༣། ཚན་རིག་པ་ ༣། འཕྲུལ་ལས་མཁས་ཅན་ ༣། ཚོང་ལས་མཁས་ཅན་ ༥ བཅས་དང་། དེ་བཞིན་རྩོམ་པ་པོ་དང་ལས་འགུལ་བ་སོགས་ཀྱང་འདེམས་སྒྲུག་བྱེད་ཀྱི་ཡོད་འདུག

འདི་ལོའི་འདེམས་ཐོན་བྱུང་བའི་གྲགས་ཅན་མི་སྣ་ཁག་ནི་ཡེ་ཤུའི་བླ་ཆེན་ཧྥན་སེ་སེ་དང་ཨ་རིའི་སེམས་ཁམས་ཚན་རིག་པ་ཐོ་མ་སེ་ཎེ་གྷལ་ (Thomas Nagel)། ཨ་རིའི་རྒྱལ་སྤྱིའི་ཁྲིམས་ལུགས་མཁས་ཅན་ཨེ་ཎེ་མ་རེ་ ( Anne-Marie Slaughter)། ཁེ་ན་ཌའི་རྩོམ་པ་པོ་ (Naomi Klein)། སི་ལོ་ཝེ་ནི་ཡའི་ལྟ་གྲུབ་མཁས་ཅན་སཱ་ཝ་ཆི་ (Slavoj Žižek)། རྒྱ་ནག་གི་དཔལ་འབྱོར་རིག་པ་མཁས་ཅན་མའོ་ཡུ་ཤི་ (Mao Yushi)། འབར་མའི་ལོ་རྒྱུས་མཁས་ཅན་ཐཱན་ཌི་ (Thant Myint-U)། ཨི་སི་རལ་གྱི་སེམས་ཁམས་ཚན་རིག་པ་ཁཱ་ནེ་མན་ (Daniel Kahneman)།

ལྷོ་ཀོ་རི་ཡའི་དཔལ་འབྱོར་རིག་པ་མཁས་ཅན་ཨཱ་ཇོན་ (Ha-Joon Chang)། ལྷོ་ཨ་ཧྥེ་རི་ཀའི་ཚོང་ལས་མཁས་ཅན་ཨེ་ལོན་ (Elon Musk)། དབྱིན་ཡུལ་གྱི་དངོས་ཁམས་ཚན་རིག་པ་པེ་ཌར་ (Peter Higgs)། ནེ་ཇི་རི་ཡའི་དཔལ་འབྱོར་རིག་པ་མཁས་ཅན་ (Ngozi Okonjo-Iweala)། ཨི་ཌ་ལའི་དངོས་ཁམས་ཚན་རིག་པ་ (Fabiola Gianotti)། ཧྥ་རན་སིའི་དཔལ་འབྱོར་རིག་པ་མཁས་ཅན་ཨེ་སེ་ཌར་ (Esther Duflo)། སེང་གྷ་པུར་གྱི་སློབ་གསོ་མཁས་ཅན་ཀེ་ཤོར་ (Kishore Mahubani)། བྷར་ཛིལ་གྱི་ལྟ་གྲུབ་མཁས་ཅན་རོ་བྷར་ཌོ་ (Roberto Unger) སོགས་ཡོད་འདུག

༢༠༠༥ ལོའི་བསམ་རྒྱ་དུས་དེབ་ཀྱི་སྙན་གྲགས་ཆེ་ཤོས་ཀྱི་མི་སྣ་ཨ་རིའི་ལྟ་གྲུབ་མཁས་ཅན་ཎོམ་ཆོམ་སེ་ཁེའེ་ (Noam Chomsky) ལགས་དང་། ༢༠༡༣ ལོར་དབྱིན་ཡུལ་གྱི་སྐྱེ་དངོས་ཚན་རིག་པ་དང་ལྷའི་འཁྲུལ་རྟོག་ (The God Delusion) ཅེས་པའི་དཔེ་དེབ་ཀྱི་རྩོམ་པ་པོ་རེ་ཆར་ཌི་ (Richard Dawkins) ལགས་ཡིན་འདུག འདི་ལོའི་སྙན་གྲགས་ཆེ་ཤོས་ཀྱི་མི་སྣ་མིང་ཐོ་ཟླ་ ༤ པའི་ཚེས་ ༡༡ ཉིན་ཁྱབ་བསྒྲགས་གནང་འཆར་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༧ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 1

  1. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    རྒྱ་གར་འདི་ས་ཆ་དང་མི་བོར་ལ་དཔགས་པའི་ཡར་རྒྱས་འགྲོ་རྒྱུ་མི་འདུག་ག་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese