མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨུ་རུ་སུ་ཁེར་རྐྱང་གི་རྒྱལ་ཁབ་ཆཊ་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༤/༠༣/༢༩
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཚོས་ཨུ་རུ་སུར་དཔལ་འབྱོར་གྱི་གནོན་ཤུགས་སྤྲད་དེ་ཁེར་རྐྱང་གི་རྒྱལ་ཁབ་ཅིག་བཟོ་བར་འབད་བརྩོན་བྱེད་བཞིན་ཡོད་འདུག

ཟླ་འདིའི་ཚེས་ ༢༤ ནས་ ༢༥ བར་གྱི་ཉིན་གཉིས་རིང་ཧོ་ལན་ཌིའི་གྲོང་ཁྱེར་ཧེད་གྷེ་ (Hugue) རུ་འཛམ་གླིང་གི་རྒྱལ་ཁབ་ ༥༣  གྱི་མགོ་ཁྲིད་གཙོས། མཉམ་འབྲེལ་རྒྱལ་ཚོགས་དང་ཡུ་རོབ་མཐུན་ཚོགས། རྒྱལ་སྤྱིའི་ཉེས་ཅན་ཉེན་རྟོག་ཚོགས་པ། རྒྱལ་སྤྱིའི་རྡུལ་ཕྲན་གློག་རྡུལ་ལྷན་ཚོགས་བཅས་ཀྱི་ཚོགས་གཙོ་དང་དྲུང་ཆེ་མཉམ་འཛོམས་ཀྱི་རྡུལ་ཕྲན་བདེ་འཇགས་ཚོགས་འདུ་ཞེས་པ་ཞིག་ཚོགས་ཏེ། འཛམ་གླིང་ནང་རྡུལ་ཕྲན་གྱི་འཇིགས་སྐུལ་སྔོན་འགོག་བྱེད་ཆེད་ཉེན་ཁ་ཆེ་བའི་རྡུལ་ཕྲན་རྒྱུ་ཆ་ཉུང་འཕྲི་དང་། རྡུལ་ཕྲན་གྱི་བདེ་འཇགས། རྒྱལ་སྤྱིའི་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་ཐོག་གྲོས་མོལ་གནང་འདུག

ཚོགས་འདུ་དེ་དང་སྟབས་བསྟུན་ཏེ་བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཨ་རི་དང་དབྱིན་ཡུལ། འཇར་མན། ཁེ་ཎ་ཌ། ཧྥ་རན་སི། ཉི་ཧོང་། ཨི་ཊ་ལི་བཅས་ཀྱི་སྲིད་འཛིན་དང་སྲིད་བློན་བཅས་ཀྱིས་ཨུ་རུ་སུས་ཡུའུ་ཁུ་རེན་གྱི་རང་སྐྱོང་མངའ་ཁོངས་ཁུ་རེ་མྰེ་བཙན་བཟུང་གིས། ཡུའུ་ཁུ་རེན་ས་མཚམས་སུ་དམག་དཔུང་འགྲེམས་འཇོག་བྱས་པའི་ཐད་དཔལ་འབྱོར་གྱི་ཉེས་ཆད་གཏོང་དགོས་པ་དང་། ཨུ་རུ་སུ་བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་བརྒྱད་ཀྱི་ཁོངས་ནས་གནས་སྐབས་ཕྱིར་འབུད་བྱས་པའི་ “ཧེད་གྷེ་བསྒྲགས་གཏམ་”ཞེས་པ་ཞིག་སྤེལ་ཡོད་འདུག

ཧེད་གྷེ་བསྒྲགས་གཏམ་ནང་། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུའུ་ཁུ་རེན་གྱི་བདག་དབང་དང་རང་བཙན་ལ་སྔར་བཞིན་རྒྱབ་སྐྱོར་བྱེད་ཀྱི་ཡིན་པ་མ་ཟད། ཡུའུ་ཁུ་རེན་ནང་མང་གཙོ་དང་ཆབ་སྲིད་བརྟན་བརླིང་། དཔལ་འབྱོར་འཛུགས་སྐྲུན། འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་བར་རོགས་སྐྱོར་བྱ་རྒྱུ་དང་། དེ་མིན། འདི་ལོའི་ལོའི་ཟླ་ ༦ པའི་ནང་བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་བརྒྱད་ཀྱི་ཚོགས་འདུ་ཨུ་རུ་སུའི་གྲོང་ཁྱེར་སུའུ་ཆེ་ (Sochi) ནང་འཚོགས་འཆར་ཡོད་པ་ཕྱིར་འཐེན་བྱས་ཏེ་སྦེལ་ཇམ་གྱི་རྒྱལ་སར་འཚོགས་རྒྱུ་དང་། ཟླ་ ༤ ནང་མོ་སུ་ཁོར་ (Moscow) འཚོགས་འཆར་ཡོད་པའི་ཚོགས་འདུར་ངོ་རྒོལ་ཆེད་ཚོགས་ཞུགས་བྱེད་རྒྱུ་མིན་ཚུལ། ཁུ་རེ་མྰེས་ཨུ་རུ་སུ་རྒྱལ་ཁོངས་སུ་འཛུལ་བའི་མང་མོས་ཐག་གཅོད་བྱས་པ་ཁྲིམས་འགལ་ཡིན་ཚུལ་སོགས་བཀོད་ཡོད་འདུག

ཐེངས་འདིའི་རྡུལ་ཕྲན་བདེ་འཇགས་ཚོགས་འདུར་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་ཞུགས་མེད་པར་ཁོའི་ཚབ་ཏུ་ཕྱི་སྲིད་བློན་ཆེན་ལྰ་བེ་རོབ་བེ་(Sergei Lavrov) ཚོགས་ཞུགས་བྱས་ཡོད་འདུག་ལ། ཚོགས་འདུའི་སྐབས་ཕྱི་སྲིད་བློན་ཆེན་ཡུའུ་ཁུ་རེན་བར་བརྒལ་སྲིད་གཞུང་གི་ཕྱི་སྲིད་བློན་ཆེན་ཨན་ཌི་རེ་(Andrii Deshchytsia) ལ་གཞུང་འབྲེལ་ཐོག་ཐུག་འཕྲད་ཐོག་མ་གནང་འདུག འོན་ཀྱང་། ཟླ་སྔོན་མའི་ཚེས་ ༢༢ ཉིན་ཡུའུ་ཁུ་རེན་གྲོས་ཚོགས་ཀྱིས་སྲིད་འཛིན་ཡྰ་ཎོ་ཁོ་བེ་ཆི་ (Viktor Yanukovych) ཕྱིར་འབུད་བཏང་བ་ནས་བཟུང་། ཨུ་རུ་སུས་བར་བརྒལ་སྲིད་གཞུང་གི་མི་མང་གི་ངོ་ཚབ་མཚོན་ཐུབ་ཀྱི་མེད་སྟབས། ཁྲིམས་མཐུན་གྱི་གཞུང་ལ་ངོས་འཛིན་བྱས་ཡོད་མི་འདུག

ཧེད་གྷེར་རྟེན་གཞི་བྱས་པའི་ཡུའུ་ཁུ་རེན་གཞུང་ཚབ་ཁང་གིས། “ ཕྱི་སྲིད་བློན་ཆེན་ལྰ་བེ་རོབ་བེ་ཡིས་ཨུ་རུ་སུས་ཡུའུ་ཁུ་རེན་གྱི་ཤར་ལྷོ་ས་ཁུལ་དུ་དམག་ཤུགས་བེད་སྤྱོད་གཏོང་རྒྱུའི་བསམ་བློ་མེད་པ་ནན་བརྗོད་དང་། གང་མགྱོགས་རྒྱལ་ཁབ་གཉིས་ཀྱི་ཕྱི་སྲིད་དང་བདེ་སྲུང་རིམ་པ་ཛ་དྲག་ཐུག་འཕྲད་བྱེད་པར་མོས་མཐུན་བྱུང་ཡོད། ” ཅེས་བརྗོད་འདུག

ཨུ་རུ་སུ་བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁོངས་ནས་ཕྱིར་འབུད་བྱས་པའི་སྐོར་ལ། ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་ལྰ་བེ་རོབ་བེ་ཡིས་གསར་འགོད་པར། བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་བརྒྱད་གཞུང་འབྲེལ་མིན་སྟབས། སུ་གང་ཡང་ཕྱིར་འབུད་བྱེད་མི་ཐུབ་པ་དང་། གལ་སྲིད། ཨུ་རུ་སའི་ནུབ་ཕྱོཊ་མཛའ་མཐུན་རྒྱལ་ཁབ་ཚོས་བཟོ་ལས་ཡར་ཐོན་ཅན་གྱི་ཚོགས་པ་དེ་མི་དགོས་པར་མཐོང་ཚེ། ཨུ་རུ་སུའི་དཀའ་ངལ་གང་ཡང་མཐོང་གི་མེད་སྐོར་བརྗོད་འདུག

ཐེངས་འདིའི་ཚོགས་འདུ་སྐབས་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་ཐུག་འཕྲད་གནང་སྟེ། སྲིད་འཛིན་ཨོ་བྷ་མས་རྒྱ་ནག་གིས་ཨུ་རུ་སུ་ཁེར་རྐྱང་རྒྱལ་ཁབ་དུ་འཇོག་པར་རེ་སྐུལ་བྱས་ཡོད་པ་མ་ཟད། གལ་ཏེ། རྒྱ་ནག་གིས་དེ་ལྟར་བྱེད་མི་ཐུབ་ཚེ་བར་གནས་བྱས་ཏེ་རྒྱལ་སྤྱིའི་རྩ་ཁྲིམས་ལ་བརྩི་མཐོང་དང་རྒྱལ་ཁབ་གཞན་ལ་ཐེ་གཏོགས་མི་བྱེད་པའི་སྐུལ་མ་བཏང་འདུག འོན་ཀྱང་། རྒྱ་ནག་ཞིན་ཧྭ་གསར་ཁང་གིས། སྲིད་འཛིན་ཞི་ཅིན་ཕིན་གྱིས་ཨ་རིའི་སྲིད་འཛིན་ཨོ་བྷ་མར་ཨ་རིས་ངེས་པར་དུ་ཤར་ལྷོ་རྒྱ་ནག་རྒྱ་མཚོའི་རྩོད་རྙོག་ཁག་ལ་དྲང་བདེན་གྱི་ལངས་ཕྱོཊ་འཛིན་དགོས་ལན་འདེབས་བྱས་ཡོད་ཚུལ་བཀོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦
དེ་རིང་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ།

༢༠༢༦/༠༥/༢༦
ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ། པར་རང་བཙན་ཚོགས་ཆེན་གྱི་ངོ་དེབ་ནས་བླངས། ༢༠༢༦།༥།༢༣
Mobile App

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་ཨོ་གླིང་ནས་མཇུག་བསྒྲིལ།

༢༠༢༦/༠༥/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese