མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབའ་བ་ཕུན་ཚོཊ་དབང་རྒྱལ་སྐུ་གྲོངས་འདུག

བོད་ཀྱི་དུས་བབ།
༢༠༡༤/༠༣/༣༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པར་བོད་མི་གསར་བརྗེ་བ་འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་རྒྱ་ནག་པེ་ཅིན་སྨན་ཁང་དུ་སྐུ་གྲོངས་ཡོད་འདུག

དེ་རིང་ཕྱི་ཚེས་ ༣༠ ཉིན་གྱི་པེ་ཅིན་གྱི་ཞོགས་པའི་ཆུ་ཚོད་ ༧།༡༠ ཡས་མས་སུ་བོད་མི་གསར་བརྗེ་བ་འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག རྒྱ་ནག་པེ་ཅིན་སྨན་ཁང་དུ་སྐུ་གྲོངས་ཡོད་པའི་གནས་ཚུལ་འབྱོར་ཡོད་པ་དང་། ད་ལྟ་དགུང་ལོ་ ༩༢ ཡིན་འདུག  

འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་ནི། ཕྱི་ལོ་ ༡༩༢༢ ལོའི་བོད་ཟླ་ ༡༠ ཚེས་ ༢༥ ཉིན་སྟེ་དགའ་ལྡན་ལྔ་མཆོད་ཉིན་ཁམས་འབའ་ཐང་གྲོང་རྡལ་དུ་སྐུ་འཁྲུངས་པ་དང་། རང་ལོ་བདུན་གྱི་ཐོག་རྒྱ་གཞུང་གིས་བཙུགས་པའི་འབའ་ཐང་དེང་རབས་སློབ་གྲྭའི་ནང་ཞུགས་ཏེ་སློབ་གཉེར་གནང་། ༡༩༣༦ ལོར་ཅང་ཅེ་ཧྲིའི་ཆ་སྲིད་སློབ་གྲྭའི་ཡན་ལག་བོད་སོག་ཨུ་ཡོན་ལྷན་ཁང་གིས་གོ་མིན་ཏང་སྲིད་གཞུང་ནང་ལས་ཞབས་ཞུ་མཁན་བོད་དང་གྲངས་ཉུང་མི་རིགས་གཞན་དག་གི་བུ་ཕྲུག་སྦྱོང་བརྡར་ཞུ་སོའི་སློབ་གྲྭར་སློབ་གཉེར་གནང་ཡོད། ནན་ཅིན་དང་ཁྲོན་ཆིན་བཅས་སུ་སློབ་གཉེར་གནང་སྐབས་རྩོམ་སྒྲིག་པ་སོགས་ཀྱི་ཕྱག་ལས་གནང་བ་དང་སློབ་གྲྭའི་ནང་གསང་བའི་དམར་ཤོག་ཚོགས་པ་གསར་འཛུགས་དང་། ༡༩༣༩ ལོར་བོད་རིགས་དམར་ཤོག་ཚོགས་པ་གསར་འཛུགས་བཅས་ཀྱི་ཕྱག་ལས་གནང་བ་དང་། ༡༩༥༡ ལོའི་ཕྱི་ཟླ་ ༤ བར་ང་ཕོད་ངག་དབང་འཇིགས་མེད་དང་མཉམ་དུ་པེ་ཅིན་དུ་ཕྱིན་སྟེ། སྐབས་དེའི་བཀའ་ཤག་དང་པེ་ཅིན་སྲིད་གཞུང་གི་འབྲེལ་མོལ་དང་༼གྲོས་མཐུན་དོན་ཚན་བཅུ་བདུན༽འཇོག་སྐབས་ཀྱི་སྐད་བསྒྱུར་བའི་ཕྱག་ལས་གནང་ཡོད། ༡༩༥༣ ལོར་ཀྲུང་དབྱང་དམངས་ཨུའི་ཆབ་སྲིད་དང་རིག་གནས་སྡེ་ཁག་གི་འགན་འཛིན་དང་མི་རིགས་དཔེ་བསྐྲུན་ཁང་གི་འགན་འཛིན་གཞོན་པ་བཅས་ཀྱི་ཕྱག་ལས་གནང་བར་མ་ཟད། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་དང་མཉམ་རུབ་ཐོག་བོད་ཀྱི་ཆོས་དང་རིག་གཞུང་ཁོར་ཡུག་དང་བཅས་པའི་སྲུང་སྐྱོབ་ཐད་ཕྱག་ལས་རབ་དང་རིམ་པ་གནང་བ་དང་། ༸གོང་ས་མཆོག་གི་སྐུ་ཚབ་རིམ་པར་སློབ་སྟོན་དང་རྒྱབ་སྐྱོར་བཅས་བོད་ཀྱི་ལས་དོན་ཁག་གི་ཐོག་རླབས་ཆེན་གྱི་ཕྱག་ལས་གནང་ཡོད།

འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་གིས། ༡༩༥༡ ལོ་ནས་ ༡༩༥༨ ལོའི་བར་བོད་རིགས་མགོ་ཁྲིད་ལས་བྱེད་པའི་ཕྱག་ལས་གནང་ཡོད་པ་དང་། ཁོང་ནི་ལོ་རབས་སུམ་ཅུ་བའི་དུས་མཇུག་ཙམ་དུ་དེང་རབས་ཀྱི་ཤེས་ཡོན་ཐོབ་ཟིན་ཅིང་། མི་རིགས་རིང་ལུགས་པ་ངར་མ་ཞིག་ཡིན་འདུག་ལ། ཁོང་གི་མི་ཚེའི་དེ་བོད་གཞུང་གི་མངའ་ཞབས་དང་། ཁམས། ཨ་མདོ་བཅས་ཀྱི་བོད་རིགས་ཡོངས་ལ་ཁྱབ་ལ། བོད་མི་རང་གི་འཛིན་སྐྱོང་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་ཤིག་བསྐྲུན་ཆེད་འབད་འཐབ་བྱེད་རྒྱུའི་དོན་ལ་ལེགས་སྐྱེས་སུ་ཕུལ། ཁོང་གིས་དམིགས་ཡུལ་འདི་སྒྲུབ་ཆེད་རང་སྒེར་ལ་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པའི་གནས་སྟངས་འོག་ངལ་བ་འཛེམས་མེད་ཀྱིས་ཐོག་མར་རང་ཉིད་ཀྱིས་བཙུགས་པའི་བོད་རིགས་དམར་ཤོག་ཚོགས་པ་དང་། དེ་ནས་རྒྱ་ནག་དམར་ཤོག་ཚོགས་པ་བརྒྱུད་འབད་བརྩོན་བྱས་ཡོད། མཐའ་མར་ཁོང་དང་ཁོང་གི་བློ་མཐུན་ཚོ་ཕམ་ཉེས་བྱུང་སྟེ། པེ་ཅིན་བྱང་ཕྱོགས་ཆིན་ཁྲེན་བཙོན་ཁང་ཨང་དང་པོའི་ནང་ལོ་ ༡༨ བསྐྱལ་དགོས་བྱུང་། ༡༩༧༨ ལོར་བཙོན་གྲོལ་ཡོད་པ་དང་ལོ་གཉིས་ཀྱི་རྗེས་ཆབ་སྲིད་ཀྱི་དབང་ཆ་བསྐྱར་གསོ་བྱུང་རྗེས།  ཁོང་གིས་མུ་མཐུད་རྒྱ་ནག་ནང་མི་རིགས་ཀྱི་སྲིད་བྱུས་སྐོར་ལ་སྐད་ཆ་བཤད་པ་དང་རྩོམ་ཡིག་བྲིས་ཏེ། རྒྱ་ནག་དམར་ཤོག་ཚོགས་པའི་ནང་གི་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་ནག་གི་སྲིད་བྱུས་འཛིན་ཕྱོགས་ཐད་དག་ཐེར་དཔྱད་ཞིབ་བྱེད་མཁན་ཞིག་ཏུ་གྱུར་ཡོད།

འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་གིས་ད་ལྟའི་བར་ཕྱག་ལས་ཀྱི་ཞོར་དུ། ༼རྩོད་སྒྲུབ་རིག་པ་གསར་དཔྱད༽དང་༼ཟླ་བའི་གོ་ལའི་སླ་གཟུགས་ཀྱི་རྣམ་བཤད༽། ༼རང་བྱུང་རྩོད་སྒྲུབ་རིག་པ་གསར་དཔྱད༽། ༼རང་རྒྱལ་གྱི་མི་རིགས་གནད་དོན་དང་མི་རིགས་ལས་དོན་སྐོར་གྱི་ཕྱིར་རྟོག༽ བཅས་བརྩམས་ཆོས་ཁག་ཅིག་རྩོམ་གནང་མཛད་ཡོད། 

གསར་འགོད་པ། དོན་གོ

 

འབྲེལ་ཡོད་གསར་འགྱུར།

མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

ཆུ་ཚོད་ ༢༢ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༢༤ སྔོན་ལ།
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

༢༠༢༦/༠༧/༢༣
Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༢
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

༢༠༢༦/༠༧/༢༢
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡

མཆན། 5

  1. བཛྲ་སུ་མ་ཏི། says:
    ལོ་ 12 སྔོན།

    བོད་མི་རིགས་ལ་འདུན་ཤེས་ཡོད་མཁན་ཞིག་དང་། བོད་མིའི་སྐྱིད་སྡུག་ལ་ཅུང་ཙམ་སེམས་ཁྲལ་ཡོད་མཁན་ཞིག་ཡིན་ན་ཡང་ཕུན་དབང་དམ་པ་ཁོང་ནིརང་གི་གྲོགས་པོ་ཡག་པོ་ཞིག་དང་། མ་མཐའ་ཡང་ཁོང་ནི་བོད་མི་རིགས་འདི་ལ་བདེ་སྐྱིད་ཀྱི་འཚོ་བ་ཞིག་ཐོབ་ཆེད་རང་སྲོག་འཕང་མེད་གཏོང་མཁན་གྱི་བོད་མི་ཞིག་ཏུ་ངེས་ཤེས་རྙེད་དགོས་སྙམ།

    Reply
  2. ཟླ་བ་དོན་འགྲུབ། says:
    ལོ་ 12 སྔོན།

    འབའ་བ་ཕུན་དབང་གཤེགས་སོང་ངོ་ཞེས་དྲ་ཐོག་ཏུ་ས་ཁྱབ་རྡོ་ཁྱབ་ཏུ་སྤེལ་གྱིན་པ་གྲངས་ལས་འདས་ཁག་ཅི་ལ་ཡོད་མི་བུ་རུས་སྲ་ཁོང་མར་ཁེ་སུའི་ལྟ་བ་རྫི་གསང་དོད་པོས་ཁུར་མཁན་ཞིག་དང་མི་རིགས་རིང་པ་ཡ་མེད་ཅིག་ཡིན་སྐད་ཁོ་བོའི་རྣ་བའི་དབང་པོར་ལན་བརྒྱར་ཐོས་པས་ང་རང་གིས་ཁོང་ནི་ཞེ་རུས་མི་རིགས་ལ་ཤ་ཚ་བའི་མི་བུ་དཔའ་བོ་ཞིག་ལ་ངོས་འཛིན་ཐོབ་ཡོད། ཁོང་ལ་མྱ་ངན་སྐམ་པོ་ཞིག་གིས་སྐྱེལ་མ་ངན་ངོན་ཞིག་པ་ལས་སྐབས་འདིར་ཅི་ཡང་མ་འཁྱོང་ངོ་།།

    Reply
  3. གནས་ཚང་། says:
    ལོ་ 12 སྔོན།

    འབའ་བའི་ནང་མིར་མྱ་ངན་འཚམས་འདྲི་ཡོད། ཁོང་གིས་བརྩམས་པའི་རྩོམ་ཡིག་ཅིག་ནང་༼བོད་མི་དམར་པོས་རྒྱ་མི་དམར་པོ་ཁྲིད་ཡོང་བ་ཟེར་བར་དགག་བཞག་གནང་ཡོད༽པས། དེ་རིགས་ཚང་མ་ལོས་ཤེས་རྟོགས་བྱེད་རྒྱུའང་གཙོ་བོ་ཞིག་རེད།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    འབའ་བ་ཕུན་ཚོགས་ལགས། སྤྱིར་བོད་ལ་ལ་རྒྱ་ཡོད་མཁན་ཅིག་དང་། བཙོན་བཅུག་མྱངས་པའི་རྗེས་ལ། བོད་ཡིག་བོད་སྐད་ལ་སོགས་ལ་ཕྱག་ལས་གནང་བ་གོ་ཐོས་བྱུང་ན་ཡང་། ང་ཆུང་ཆུང་ནས། མའོ་སྡིག་ཆེན་ཁོ་དང་ཁོས་རྗེས་འབྲངས་པ་ཚོས། དང་པོ་ངའི་ཕ་མས་དཀའ་ངལ་ཚད་མེད་མྱངས་པ་མིག་མཐོང་ལག་ཟིན་བྱུང་བ་དང་།
    ཕྱིས་སུ་རང་གི་རྩ་བའི་བླ་མ་ཚོས་ཀྱང་། དམྱལ་བ་མི་ཡུལ་དུ་མྱངས་པ་གོ་ཐོས་བྱུང་བ་སོགས་ལ་བརྟེན་ནས། སྔར་གྱི་བོད་རིགས་གུང་བྲན་དང་། དེང་གི་གུང་བྲན་ལས་བྱེད་པདྨ་འཕྲིན་ལས་སོགས་གང་མྱུར་འཆི་ན། ཅི་མ་རུང་སྙམ་ནས་བསྡད་ཡོད་ལགས།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    རྒྱ་ནག་གུང་བྲན་ཁྱི་རྒྱན་ཚང་མ་གང་མགྱོགས་ཤི་ན་ལེགས་སོ། སྡིག་ཆེན་ཅིག་ཤི་བས། དཀར་ཕྱོགས་ཀྱི་ལྷ་རྣམས་དགའ་བར་གྱིས་ཤིགུ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese