མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་སྐྱབས་བཅོལ་བའི་སྐོར་གྱི་སྙན་ཐོ།

བོད་ཀྱི་དུས་བབ།
༢༠༡༤/༠༤/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོཊ་པས་བལ་ཡུལ་གནས་སྡོད་བོད་མི་སྐྱབས་བཅོལ་བར་འགྲོ་བ་མིའི་ཐོབ་ཐང་ཐོག་དཀའ་ངལ་འཕྲད་བཞིན་པའི་སྐོར་གྱི་སྙན་ཐོ་ཞིག་བཏོན་འདུག

ཁ་སང་ཕྱི་ཚེས་ ༡ ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོཊ་པས་༼རྒྱ་ནག་གི་གྲིབ་གཟུཊ་འོག་གི་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་སུན་གཙེར༽ ཞེས་པའི་ཤོག་གྲངས་ ༡༠༠ ཅན་གྱི་སྙན་ཐོ་ཞིག་བཏོན་ཏེ། བལ་ཡུལ་གནས་སྡོད་བོད་མི་སྐྱབས་བཅོལ་བར་འགྲོ་བ་མིའི་ཐོབ་ཐང་གི་དཀའ་ངལ་འཕྲད་བཞིན་པའི་སྐོར་དང་། རྒྱ་ནག་གི་གནོན་ཤུགས་འོག་བོད་མི་སྐྱབས་བཅོལ་བར་ཁྲིམས་མཐུན་གྱི་ཡིག་ཆ་སྤྲོད་ཀྱི་མེད་པ་དང་བོད་མི་ཚོར་དམ་དྲག བོད་མི་བྲོས་བྱོལ་བ་འཛིན་བཟུང་གིས་རྒྱ་གཞུང་ལ་རྩིས་སྤྲོད་བྱས་པར་སྐྱོན་བརྗོད་བྱས་ཡོད་འདུག

འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་སྙན་ཐོའི་ནང་། དེ་སྔོན་མཉམ་འབྲེལ་རྒྱལ་ཚོཊ་སྐྱབས་བཅོལ་ལྷན་ཚོཊ་ (UNHCR) དང་བལ་ཡུལ་གཉིས་བར་ཡ་རབས་གྲོས་མཐུན་ (Gentleman’s Agreement) ཞེས་པ་ཞིག་བཞག་ཡོད་པ་དེར་བལ་ཡུལ་གཞུང་གིས་བརྩི་བཀུར་བྱས་ཏེ། བོད་མི་སྐྱབས་བཅོལ་བའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་དང་འགན་ལེན་གནང་རྒྱུའི་འབོད་སྐུལ་ཞུས་ཡོད་པ་དང་།   གྲོས་མཐུན་དེར་བོད་ནས་བྲོས་བྱོལ་ཡོང་བའི་བོད་མི་ཚོ་བལ་ཡུལ་རྒྱལ་ཁོངས་སུ་འཛུལ་རྗེས། བོད་མི་ཚོ་འཛིན་བཟུང་དང་བཀག་ཉར། རྒྱ་གཞུང་ལ་རྩིས་སྤྲོད་སོགས་མི་བྱེད་པ་མ་ཟད། བལ་ཡུལ་བརྒྱུད་རྒྱ་གར་ནང་སྐྱབས་བཅོལ་འགྲོ་བར་རོགས་རམ་གནང་རྒྱུ་ཡིན་ཞེས་བཀོད་ཡོད།

༢༠༠༣ ལོར་བལ་ཡུལ་གཞུང་གིས་བོད་མི་བྲོས་བྱོལ་བ་ ༡༨ ནས་ ༢༡ ཙམ་རྒྱ་གཞུང་ལ་རྩིས་སྤྲོད་བྱས་པ་རྒྱལ་སྤྱིའི་ཁྲིམས་རྩ་ཁྲིམས་ལ་འགལ་ཡོད། ལོ་འགའི་སྔོན་རྒྱ་ནག་དང་བལ་ཡུལ་གཉིས་ཀྱི་སྐོར་སྲུང་འབྲེལ་ལམ་དམ་ཟབ་ཕྱིན་ཏེ་ས་མཚམས་དམ་སྲུང་བྱས་སྟབས། བོད་ནས་བྲོས་བྱོལ་དུ་ཡོང་མཁན་ཉུང་དུ་ཕྱིན་ཡོད་པ་དང་། ༢༠༠༨ ལོའི་ཡར་སྔོན་དུ་ལོ་རེར་བྲོས་བྱོལ་བོད་མི་ ༢༠༠༠ ལྷག་བརྒལ་བ་ཡོང་གི་ཡོད་པ་དང་། ༢༠༡༣ ལོར་བྲོས་བྱོལ་བོད་མི་ ༡༧༡ ཟིན་གྱི་མེད་ཚུལ་སོགས་བཀོད་འདུག

བོད་མི་བྲོས་བྱོལ་བ་རྒྱ་ནག་ལ་རྩིས་སྤྲོད་བྱས་ཡོད་མེད་ཀྱི་སྐོར་ལ་བལ་ཡུལ་ནང་སྲིད་ལྷན་ཁང་གི་མགྲིན་ཚབ་པས་གསར་ལམ་དུ། “ བལ་ཡུལ་ནང་ཕྱིར་འབུད་བྱས་བྱུང་མྱོང་མེད་ལ། དེ་འདྲའི་སྲིད་བྱུས་ཀྱང་མེད ” ཅེས་བརྗོད་པ་མ་ཟད། བལ་ཡུལ་གཞུང་གིས་སྐྱབས་བཅོལ་བ་ཚོ་འགྲོ་བ་མིའི་བདེ་རྩའི་ངོ་བོའི་ཐོག་ལྟ་སྐྱོང་བྱེད་ཀྱི་ཡོད་སྟབས། རྒྱལ་ཁབ་གང་གིས་ཀྱང་གནོན་ཤུགས་བསླེབས་མེད་ཚུལ་བརྗོད་འདུག

སྙན་ཐོའི་ནང་དེང་སྐབས་བལ་ཡུལ་གཞུང་གིས་བོད་མི་སྐྱབས་བཅོལ་བར་ཁྲིམས་མཐུན་གྱི་ཡིག་ཆ་ཚད་ལྡན་ཞིག་སྤྲོད་ཀྱི་མེད་སྟབས། བྱིས་པ་སློབ་གྲྭ་གཏོང་བ་དང་ཚོང་ལས་གཉེར་བ། ཕྱི་རྒྱལ་དུ་འགྲོ་སྐྱོད་སོགས་ལ་དཀའ་ངལ་འཕྲད་ཀྱི་ཡོད་པ་མ་ཟད། ཉེན་རྟོག་པ་དང་སྐོར་སྲུང་དམག་མི་ཚོས་བོད་མི་ཚོ་གང་བྱུང་འཛིན་བཟུང་བྱེད་ཀྱི་ཡོད་པ་དང་། བོད་མི་ཚོར་གསུམ་བཅུ་དུས་དྲན་གཙོས་སྲིད་དོན་ལས་འགུལ་དང་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ལ་བཀག་སྡོམ་ནན་བྱེད་བཞིན་ཡོད་སྐོར་བཀོད་འདུག

སྙན་ཐོ་འདིའི་ཐད་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པའི་ཨེ་ཤ་ཡ་མངའ་ཁུལ་གྱི་འགན་འཛིན་སྐུ་ཞབས་ཨད་ཌེམ་སི་ (Brad Adams) ལགས་ཀྱིས། ༢༠༠༨ ལོར་རྒྱ་གཞུང་གིས་བོད་ནང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་པ་ནས་བཟུང་། བལ་ཡུལ་གནས་སྡོད་བོད་མི་སྐྱབས་བཅོལ་བའི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་པ་མ་ཟད། བོད་མི་ཚོར་མི་རིགས་དབྱེ་འབྱེད་ཀྱི་རྣམ་པ་མངོན་གསལ་ཡིན་པ་དང་ཞེས་བརྗོད་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་སྙན་ཐོ་འདི་བརྒྱུད། བལ་ཡུལ་སྲིད་གཞུང་གསར་བས་བོད་ནས་བྲོས་བྱོལ་ཡོང་མཁན་བོད་མི་སྐྱབས་བཅོལ་བར་ངོས་ལེན་གནང་རྒྱུ་དང་། བལ་ཡུལ་ནང་གི་བོད་ཚོའི་གཞི་རྩའི་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་ལ་བཀག་སྡོམ་མི་བྱ་བའི་ཐད་རྒྱ་གཞུང་བརྡ་ལན་གསལ་བོ་སྤྲོད་དགོས་བའི་འབོད་སྐུལ་བྱས་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

གངས་སྐྱེས་སྒྲུབ་པ་སྐྱབས་དང་ཚེ་རིང་སྒྲོལ་མ་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན། བོད་ཀྱི་དུས་བབ་ཀྱི་པར།
Mobile App

གངས་སྐྱེས་སྒྲུབ་པ་སྐྱབས་དང་ཚེ་རིང་སྒྲོལ་མ་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན།

༢༠༢༦/༠༤/༢༠
Front Slider

སྐབས་ ༡༧ པའི་ལས་ཐོག་སྤྱི་འཐུས་ཁག་ཅིག་དང་གླེང་མོལ།

༢༠༢༦/༠༤/༡༨
Mobile App

ཨ་རི་དང་ཨི་རན་དམག་འཁྲུག་གི་ཆོས་པ་དང་སྲིད་དོན་པའི་རྩོད་རྙོག་མགོ་བཙུགས།

༢༠༢༦/༠༤/༡༧
བོད་རྨ་ཆུ་རྫོང་ཆུ་ཁ་མ་དགོན་པའི་དགེ་འདུན་པ་བསམ་གཏན་རྒྱ་མཚོ་ལགས་དང་འཇམ་དབྱངས་བསམ་གཏན་ལགས་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན།   པར་འབྲེལ་ཡོད་ནས་འདི་ག་དུས་བབ་ལ་མཁོ་སྤྲོད་བྱས།
Mobile App

དགེ་འདུན་པ་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན་འདུག

༢༠༢༦/༠༤/༡༧
བསམ་ཚུལ།

ཀློག་དེབ་ལོ་ཙཱ་བ་དང་གྲོས་འདེབས་ཀྱི་གཏམ་ཟུར་གསུམ་མ།

༢༠༢༦/༠༤/༡༧
མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

༢༠༢༦/༠༤/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese