མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་གཉིས་ལ་ཁྲིམས་ཆད།

བོད་ཀྱི་དུས་བབ།
༢༠༡༤/༠༤/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་ནགས་ཤོད་འབྲི་རུ་རྫོང་དམུ་ཁྱིམ་ཤང་གི་མགོ་ཁྲིད་ངང་གྲགས་ལགས་དང་རིག་གསལ་ལགས་གཉིས་ལ་ལོ་བཅུ་རེའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༤ ཉིན། རྒྱ་གཞུང་གིས་ནགས་ཤོད་འབྲི་རུ་རྫོང་དམུ་ཁྱིམ་ཤང་གི་མགོ་ཁྲིད་ངང་གྲགས་ལགས་དང་རིག་གསལ་ལགས་གཉིས་ལ་ལོ ༡༠ རེའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་། ད་ལྟའི་ཆར་ཁོང་གཉིས་ཀྱི་གནས་སྟངས་དང་བཙོན་ཁང་གང་དུ་ཡོད་མེད་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་འདུག

འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༤ ཉིན་རྒྱ་གཞུང་གིས་ཁོང་གཉིས་འཛིན་བཟུང་བྱས་ཡོད་པ་དང་། འཛིན་བཟུང་བྱས་པའི་རྒྱུ་རྐྱེན་གཙོ་བོ་རྒྱ་གཞུང་གིས་འབྲི་རུ་རྫོང་ཁོངས་ཀྱི་ཁྱིམ་ཚང་རེ་རེའི་ཁང་ཐོག་ཏུ་སྐར་ལྔའི་དར་དམར་བསྒྲེང་འཛུགས་བྱེད་དགོས་པའི་བཀའ་ཁྱབ་བཏང་བ་ས་གནས་བོད་མི་ཚོས་དང་ལེན་མ་བྱས་པ་དང་། འདས་ལོའི་ཕྱི་ཟླ་ ༩ ཚེས་ ༢༨ ཉིན་འབྲི་རུ་མི་མང་ ༡༠༠༠ ལྷག་གིས་འབྲི་རུ་རྫོང་ཐོག་ཏུ་ངོ་རྒོལ་ལས་འགུལ་སྤེལ་སྐབས། དམུ་ཁྱིམ་ཤང་གི་བོད་མི་མང་པོ་མཉམ་ཞུགས་བྱས་པ། དེ་བཞིན། འབྲི་རུ་རྫོང་འབྲོང་སྣ་དགོན་པ་སྒོ་རྒྱག་པར་དམུ་ཁྱིམ་ཞང་གི་བོད་མི་ཚོས་ངོ་རྒོལ་བྱས་ཡོད་པ་དང་། སྔོན་ཆད་ངང་གྲགས་ཚང་དུ་བོད་མི་ ༡༧ ལྷག་གིས་ལྐོག་ནས་ཆབ་སྲིད་ཀྱི་ཚོགས་འདུ་བསྡུས་པ་དེར་བརྒྱུད་སྐུལ་བྱས་ཡོད་ལུགས་དང་། ཤང་གི་མགོ་ཁྲིད་ཀྱི་འགན་འཁྲི་ཡག་པོ་མ་ཁུར་བ་སོགས་ཀྱི་ཉེས་མིང་གཡོགས་ཏེ། ཁོང་གཉིས་ལ་ལོ་ངོ་ ༡༠ རེའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

ངང་གྲགས་ལགས་ད་ལྟ་དགུང་ལོ་ ༥༤ ཡིན་ཞིང་། ཕྱི་ལོ་ ༡༩༨༠ ཙམ་ལ་དམུ་ཁྱིམ་ཤང་གི་མགོ་ཁྲིད་ཀྱི་འགན་ཁུར་ཡོད་པ་དང་། ཁོང་གི་ཤུལ་དུ་བཟའ་ཟླ་དང་ཕྲུ་གུ་ཁ་ཤས་ཡོད་འདུག དེ་བཞིན། རིག་གསལ་ལགས་རང་ལོ་ ༣༡ ཡིན་ལ། ༢༠༠༧ ལོར་དམུ་ཁྱིམ་ཤང་གི་མགོ་ཁྲིད་ཡིན་པ་དང་། ཁོང་ལ་བཟའ་ཟླ་དང་ཕྲུ་གུ་ ༣ ཡོད་འདུག

གཞན་ཡང་། རྒྱ་གཞུང་གིས་དམུ་ཁྱིམ་ཤང་གི་བོད་མི་ཁྲི་རྒྱལ་ཞུ་བ་ཞིག་འཛིན་བཟུང་བྱས་ཏེ། ལོ་ངོ་ ༡༣ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ཐོན་ཡོད་ཀྱང་། ད་ལྟའི་ཆར་ཁྲི་རྒྱལ་ལགས་གང་དུ་ཡོད་མེད་དང་གནས་སྟངས་ག་འདྲ་ཡིན་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་པ་དང་། ཁོང་ལ་བཟའ་ཟླ་དང་ཕྲུ་གུ་ ༥ ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་༩ པའི་ནང་རྒྱ་གཞུང་གིས་འབྲི་རུ་ཁུལ་གྱི་ཁྱིམ་ཚང་རེ་རེའི་ཁང་ཐོག་ཏུ་དར་དམར་བསྒྲེང་འཛུགས་དགོས་པའི་བཙན་བཀའ་བཏང་བ་ནས་བཟུང་། ས་གནས་བོད་མི་ཚོས་སྔ་གཞུག་ཏུ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་སྟབས། རྒྱ་གཞུང་ཉེན་རྟོག་པ་དང་དམག་མིས་བོད་མི་མང་པོར་གང་བྱུང་ཉེས་རྡུང་དང་འཛིན་བཟུང་བཙོན་འཇུག་གི་གནས་ཚུལ་མུ་མཐུད་འབྱུང་བཞིན་ཡོད་ཀྱང་། ས་གནས་སུ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པས་གནས་ཚུལ་ཤེས་རྟོགས་བྱུང་ཁག་པོ་ཆགས་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

ཆུ་ཚོད་ ༢༣ སྔོན་ལ།
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese