མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་པ་ཞིག་གི་མཚན་མ་བརྗེ་པོ་བརྒྱབ།

བོད་ཀྱི་དུས་བབ།
༢༠༡༤/༠༤/༠༤
Share on FacebookShare on TwitterShare on EmailShare on Whatsapp

ལྷོ་ཀོ་རི་ཡའི་སྨན་པ་ཞིག་གིས་ཕུང་གྲུབ་ལྷན་ཐབས་གཤག་བཅོས་བྱས་ཏེ་གྲྭ་པ་ཞིག་གི་མཚན་མ་བརྗེ་པོ་བརྒྱབ་ཡོད་འདུག

ཟླ་འདིའི་ཚེས་ ༡ ཉིན་ལྷོ་ཀོ་རི་ཡའི་བྷུ་སང་གྲོང་ཁྱེར་ ( Busan) དུ་ཡོད་པའི་ཏུང་ཨད་ཕྱི་ལུགས་གསོ་རིག་སློབ་ཆེན་ (Dong-A University) གྱི་ཕུང་གྲུབ་ལྷན་ཐབས་གཤག་བཅོས་གནང་མཁན་སྨན་རམས་པ་ཀེམ་སོ་ཁེ་ཝང་ (Dr. Kim Seok-Kwun) ལཊ་ཀྱིས། སྐྱེ་དུས་བུ་མོ་ཡིན་ཡང་ཕོའི་སྐུལ་རྒྱུའི་ལུས་བཅོས་བརྟག་ཐབས་ ( Hormone Therapy) ལ་བརྟེན་ནས་འཚོ་བ་སྐྱེལ་བཞིན་པའི་རང་ལོ་ ༣༡ ཡིན་པའི་གྲྭ་པ་ཞིག་ལ་ཆུ་ཚོད་ ༡༡ ལྷག་རིང་གཤག་བཅོས་བྱས་ཏེ་ནུས་ལྡན་ཕོ་མཚན་ཞིག་སྦྱར་ཡོད་འདུག་ལ། དེ་ནི་ཁོང་གིས་མཚན་སྦྱོར་གཤག་བཅོས་གནང་ཐེངས་ ༣༢༠ པ་དེ་ཆགས་ཡོད་འདུག

འདིའི་ཐད་སྨན་པ་ཀེམ་སོ་ཁེ་ཝང་ལགས་ཀྱིས། “ འདི་ལྟར་གཤག་བཅོས་བྱས་ན་ཆོས་ཕྱོགས་ཀྱི་ཉེས་པ་དང་རྒོལ་རྡུང་ཕོག་སྲིད་ཀྱང་། གཤག་བཅོས་མ་བྱས་པར་གཡུག་བཞག་པ་ཡིན་ན་ནད་པ་ཤི་རྒྱུ་ལས་ལྷག་མེད་སྟབས། ཆོས་ལུགས་དང་མཐུན་མིན་ལ་མ་ལྟོས་པར་ནད་བཅོས་སྲོག་སྐྱོབ་ཀྱི་གཤག་བཅོས་བྱས་པ་ཡིན། ” ཞེས་བརྗོད་འདུག

ལྷོ་ཀོ་རི་ཡའི་ཡེ་ཤུའི་ལྷན་ཚོགས་ཀྱི་ཚོགས་གཙོ་བླ་ཆེན་ཧོང་ཇཱ་ཆོལ་ (Hong Jae Chul) ལཊ་ཀྱིས། “མཚན་མ་བརྗེ་བསྒྱུར་གྱི་གཤག་བཅོས་ནི་ཆོས་ལུགས་ཁག་གི་སྟོན་པའི་བཀའ་ལུང་དང་འགལ་བའི་བྱ་སྤྱོད་ཅིག་ཡིན་སྟབས། བཀའ་ཆད་ནན་མོ་ཕོག་རྒྱུ་རེད།’’ ཅེས་བརྗོད་འདུག

༡༩༨༦ ལོར་སྨན་པ་ཀེམ་སོ་ཁེ་ཝང་ལཊ་ཀྱིས། བུད་མེད་ཀྱི་ལྭ་བ་གྱོན་པའི་མི་ཞིག་གིས་མོ་མཚན་སྦྱོར་དགོས་པའི་རེ་སྐུལ་ཐེངས་མང་ཞུས་པ་ལྟར་མཚན་སྦྱོར་གཤག་བཅོས་ཐོག་མ་གནང་ཡོད་པ་དང་། དུས་དེ་ནས་ད་བར་ལོ་ ༡༠ ནས་ ༥༠ བར་གྱི་ཕོ་མོ་ ༣༢༠ ལ་ཕུང་གྲུབ་ལྷན་ཐབས་གཤག་བཅོས་ (Plastic Surgery) བྱས་ཏེ་མཚན་མ་བརྗེ་བོ་བརྒྱབ་ཡོད་འདུག་ལ།  དེ་དག་ཁྲོད་ཕོ་ ༢༡༠ མོར་བསྒྱུར་བ་དང་། མོ་ ༡༠༠ ཕོར་བསྒྱུར་ཡོད་ཅིང་། ཕོ་ནས་མོར་བསྒྱུར་བར་རིན་གོང་ཨ་སྒོར་ ༡༠༢༡༠ དང་། མོ་ནས་ཕོར་བསྒྱུར་བར་ཨ་སྒོར་ ༢༨༧༦༠ ཡིན་འདུག

ཁོང་གིས་གཤག་བཅོས་བྱས་པའི་ཁྲོད་ཀྱི་སྐད་གྲགས་ཆེ་ཤོས་ལྷོ་ཀོ་རི་ཡའི་གློག་བརྙན་འཁྲབ་སྟོན་གནང་མཁན་ལེ་ཀོང་ཡུབ་ (Lee Kyung-yeop) ཡིན་པ་དང་།  ༡༩༩༥ ལོར་ལེ་ཀོང་ཡུབ་ཕོ་ནས་མོར་བསྒྱུར་ཡོད་འདུག

འཁྲབ་སྟོན་མ་ལེ་ཀོང་ཡུབ་ཀྱིས། “ ངས་མཚན་མ་བརྗེ་བསྒྱུར་གྱི་གཤག་བཅོས་མ་བྱས་པར་བསྡད་ཡོད་ཚེ་ང་ཤི་ཚར་བ་རེད། ང་རང་གི་མཚན་མ་མ་གཏོགས་གཟུགས་དབྱིབས་དང་རྣམ་འགྱུར་སོགས་བུ་མོ་ཞིག་གི་ཉམས་མངོན་གསལ་དུ་ཡོད་སྟབས། ངས་སྙིང་པོ་མེད་པའི་མི་ཚེ་ཞིག་བསྐྱལ་མ་འདོད་པར་རང་ཉིད་བུད་མེད་ཅིག་ཏུ་བསྒྱུར་བ་ཡིན། ”ཞེས་བརྗོད་འདུག

སྨན་པ་ཀེམ་སོ་ཁེ་ཝང་ལགས་ནི། ༡༩༥༣ ལོར་ལྷོ་ཀོ་རི་ཡའི་བྷུ་སང་གྲོང་ཁྱེར་གྱི་གྷེན་སང་ (Gyungsang) ས་ཁུལ་དུ་སྐྱེས་བ་དང་། གཞི་རིམ་དང་འབྲིང་རིམ་ཐོན་རྗེས་གསོ་རིག་སློབ་ཆེན་དུ་གདོང་དང་ནུ་མའི་ཕུང་གྲུབ་ལྷན་ཐབས་ཆེད་སྦྱོང་གནང་ཡོད་འདུག ༡༩༨༦ ལོར་མཚན་མ་བརྗེ་བསྒྱུར་གྱི་གཤག་བཅོས་གནང་ཡོད་པ་དང་། ད་ལྟ་ལྷོ་ཀོ་རི་ཡའི་ཏུང་ཧད་གསོ་རིག་སློབ་ཆེན་གྱི་ཕུང་གྲུབ་ལྷན་ཐབས་གཤག་བཅོས་གནང་མཁན་གྱི་ཆེད་མཁས་པ་ཞིག་ཡིན་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༡༣ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese