མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རེ་དོགས་ཁྲོད་ཀྱི་ཨབ་གྷན་རྒྱལ་ཡོངས་སྲིད་འཛིན་འོས་བསྡུ།

བོད་ཀྱི་དུས་བབ།
༢༠༡༤/༠༤/༠༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གཟའ་སྤེན་པའི་ཉིན་ཊ་ལི་བྷན་དྲག་སྤྱོད་ཤོག་ཁག་གིས་འཇིགས་སྐུལ་བྱེད་མིན་ལ་མ་ལྟོས་པར། ཨབ་གྷན་གྱི་སྐབས་གསུམ་པའི་སྲིད་འཛིན་འོས་འདེམས་བྱས་ཡོད་པ་དང་། འོས་བསྡུ་དེར་རྒྱལ་ཡོངས་ཀྱི་མི་ས་ཡ་ ༡༣ ལྷག་གིས་ཆ་ཤས་བླངས་ཡོད་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་ ༧།༣༥ ནས་ཉིན་རྒྱབ་ཆུ་ཚོད་ ༤།༠༠ བར། ཨབ་གྷན་ནང་ཉིན་བརྒྱ་དུས་གཅིག་ཏུ་རྒྱལ་ཡོངས་སྲིད་འཛིན་འོས་བསྡུ་བྱེད་མགོ་བཙུགས་ཡོད་པ་དང་། ཐེངས་འདིའི་སྲིད་འཛིན་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་པར་མང་མོས་འོས་བསྡུའི་བརྒྱ་ཆ་ ༥༠ ཡན་ལོན་དགོས་སྐོར་བསྒྲགས་འདུག

ཨབ་གྷན་གྱི་ནང་སྲིད་བློན་ཆེན་མོ་ཧྰ་མ་ཌི་ཨུ་མར་ (Mohammad Omar Daudzai ) ལགས་ཀྱིས། “ ཐེངས་འདིའི་འོས་བསྡུ་འདི་ལོ་རྒྱུས་ཐོག་གལ་འགངས་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་སྟབས། ལྟ་སྲུང་དམག་མི་འགྲེམ་འཇོག་གིས་ཐབས་ཤེས་ཡོད་རྒུ་བཏོན་ཏེ་འོས་བསྡུའི་ས་ཚིགས་ཁག་དང་མང་ཚོགས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་བཞིན་ཡོད།” ཅེས་བརྗོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨབ་གྷན་འོས་བསྡུའི་རྟོག་ཞིབ་ཚོགས་གཞོན་ཎེ་ཁོ་ལཱ་སེ་ཧེ་སམ་ (Nicholas Haysom) ལགས་ཀྱིས། “ ད་བར་ཨབ་གྷན་ནང་དྲང་པོ་དྲང་བཞག་གི་འོས་བསྡུ་ཞིག་བྱུང་ཐུབ་མེད་སྟབས། ཐེངས་འདིའི་རྒྱལ་ཡོངས་སྲིད་འཛིན་འོས་བསྡུ་ཚགས་ཚུད་དྲང་བཞག་ཅིག་ཡོང་རྒྱུར་སྐུལ་འདེད་དང་རྟོག་ཞིབ་མཐིལ་ཕྱིན་བྱ་རྒྱུ་ཡིན།” ཞེས་བརྗོད་འདུག

ཨབ་གྷན་རྒྱལ་ཡོངས་སུ་མངའ་སྡེ་ཁག་ ༣༤ དང་། ཆབ་སྲིད་ཚོགས་པ་མི་འདྲ་བ་ ༡༡ ཡོད་འདུག་ལ།  སྤྱིའི་མི་འབོར་ས་ཡ་ ༢༨ ལྷག་ཡོད་པ་ལས། གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་ཡོད་པའི་མི་ས་ཡ་ ༢༥ ཙམ་ཡོད་ཅིང་། ཐེངས་འདིར་དེབ་སྐྱེལ་བྱས་ཡོད་པའི་མི་ས་ཡ་ ༡༣ ལྷག་བྱུང་ཡོད་འདུག

དེ་དག་ཁྲོད་ལོ་ ༡༨ ནས་ ༤༠ བར་གྱི་བརྒྱ་ཆ་ ༥༠ ཟིན་ཡོད་པ་དང་། ལོ་ ༡༨ ནས་ ༢༥ བར་གྱི་བརྒྱ་ཆ་ ༣༠།༥༤ ། ལོ་ ༢༦ ནས་ ༣༥ བར་གྱི་བརྒྱ་ཆ་ ༢༥།༠༦ ། ལོ་ ༣༦ ནས་ ༤༠ བར་གྱི་བརྒྱ་ཆ་ ༣༠། ལོ་ ༤༡ ནས་ ༧༠ བར་གྱིས་བརྒྱ་ཆ་ ༡༥།༠༤ ། བཅས་ཆགས་ཡོད་འདུག་ལ། འོས་བསྡུའི་སྐབས་བུ་བརྒྱ་ཆ་ ༧༥ དང་བུད་མེད་བརྒྱ་ཆ་ ༣༥ བཅས་ཆགས་ཏེ། ཨབ་གྷན་ལོ་རྒྱུས་ཐོག་འོས་བསྡུའི་དེབ་སྐྱེལ་བྱེད་མཁན་ཆེས་མང་ཤོས་ཆགས་ཡོད་འདུག

རྒྱལ་སྤྱིའི་ཁྱོན་ཡོངས་སུ་དོ་སྣང་ཤུགས་ཆེར་བྱེད་ཀྱིན་པའི་ཨབ་གྷན་གྱི་སྲིད་འཛིན་འོས་བསྡུའི་ཁྲོད་འོས་མི་ ༨ མཉམ་ཞུགས་ཡོད་འདུག་ལ། དེ་དག་ཁྲོད་མང་ཚོགས་ཀྱིས་རེ་བ་བྱེད་ཡུལ་མི་སྣ་གསུམ་ནི། ལོ་ ༥༣ ཡིན་པའི་ཨབ་གྷན་གྱི་ཕྱི་སྲིད་བློན་ཆེན་ཟུར་བ་ཨབ་དྷུ་ལཱ་ (Abdullah Abdullah) དང་། ལོ་ ༦༣ ཡིན་པའི་དཔལ་འབྱོར་བློན་ཆེན་ཟུར་པ་ཨ་ཤི་རབ་གྷ་ཧ་ཎི་ ( Ashraf Ghani)། ལོ་ ༧༠ ཡིན་པའི་ཕྱི་སྲིད་བློན་ཆེན་ཟུར་པ་ཛྷལ་མེ་ར་སོལ་ (Zalmai Rassoul) ལཊ་བཅས་ཡིན་འདུག

༢༠༠༡ ལོར་ཨ་རི་དང་ནེ་ཊོ་ ( NATO) དམག་དཔུང་གིས་ཨབ་གྷན་སྲིད་གཞུང་ལ་རྒྱབ་རོགས་གནང་སྟེ་ཊ་ལི་བྷན་དྲག་སྤྱོད་ཤོག་ཁག་ཕམ་པར་བརྒྱབ་པ་དང་། ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྲུང་དམག་རོགས་སྐྱོར་འོག་ད་བར་ཨབ་གྷན་ནང་རྒྱལ་ཡོངས་འོས་བསྡུ་ཐེངས་གསུམ་བྱས་ཏེ། ཧཱ་མི་ཌི་ཀར་ཛི་ (Hamid Karzai) སྲིད་འཛིན་དུ་ཐོབ་ཡོད་འདུག ཁོས་ལོ་ ༡༢ ཙམ་ལ་སྲིད་འཛིན་འཁུར་ཡོད་ཀྱང་ཊ་ལི་བྷན་དྲག་སྤྱོད་ཤོག་ཁག་དང་ཞི་མོལ་བྱེད་མ་ཐུབ་པ་དང་ལོ་རྗེས་མར་ཨ་རིའི་སྲུང་དམག་ཨབ་གྷན་ནང་འཇོག་རྒྱུའི་གྲོས་མཐུན་ལ་མིང་རྟགས་བཀོད་མེད་སྟབས། ད་ཆ་ཨབ་གྷན་གྱི་ས་ཁུལ་ཁག་ཏུ་འཇིགས་སྐུལ་རིང་ལུགས་པས་ཉེས་མེད་མི་སེར་དང་། འོས་བསྡུའི་གནས་ཚུལ་སྤེལ་མཁན་གྱི་ཕྱི་རྒྱལ་གསར་འགོད་པ་བཅས་ལ་གང་བྱུང་མེ་མདའ་བརྒྱབ་ཏེ། ཟླ་འདིའི་ཚེས་ ༢ ཉིན་ཨེ་པེ་གསར་འགོད་པ་ཁེ་ཋེ་ལགས་དམར་གསོད་དང་། གསར་འགོད་པ་གཞན་ཞིག་རྨས་སྐྱོན་བཏང་ཡོད་འདུག

ད་ལྟ་ཨབ་གྷན་གྱི་སྲིད་འཛིན་འོས་མི་གསུམ་པོས་ཁ་གཅིག་གྲགས་ཐོག སྲིད་འཛིན་ཧཱ་མི་ཌི་ཀར་ཛི་ལགས་ཀྱིས་ལོ་རྗེས་མར་ཨ་རིའི་སྲུང་དམག་ཨབ་གྷན་ནང་འཇོག་རྒྱུའི་གྲོས་མཐུན་ལ་མིང་རྟགས་བཀོད་མེད་པ་དེར་གྲོས་ཆོད་འཇོག་རྒྱུའི་མོས་མཐུན་དང་། ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་། རྒྱལ་ཁབ་ཀྱི་བདེ་འཇགས་གོང་མཐོར་གཏོང་ཐབས་ཐད་ལངས་ཕྱོགས་གཅིག་པ་འཛིན་གྱི་ཡོད་ཀྱང་། པ་ཀི་སི་ཐན་དང་ཨབ་གྷན་གྱི་ས་མཚམས་རྩོད་རྙོག་སྐོར་ལ་ལངས་ཕྱོགས་མི་མཐུན་པ་བྱུང་བཞིན་ཡོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས། ཨབ་གྷན་གྱི་སྲིད་འཛིན་འོས་བསྡུའི་ཁྲོད་ཕོ་མོ་དབྱེར་མེད་ཀྱི་ཆབ་འབངས་ས་ཡ་མང་པོས་ཆ་ཤས་ལེན་བཞིན་ཡོད་པ་དང་། རེ་བ་བྱེད་ཀྱིན་པའི་སྲིད་འཛིན་འོས་མི་དག་ཉམས་མྱོང་དང་གནའ་དེང་ཤེས་ཡོན་གྱི་ཕྱུག་པའི་མི་སྣ་ཤ་སྟག་ཡིན་སྟབས། ཁོ་ཚོ་སུར་རྒྱལ་ཁ་ཐོབ་ཀྱང་ཨབ་གྷན་ནང་སྔར་མེད་བཅོས་བསྒྱུར་ཞིག་ཡོང་ངེས་ཡིན་སྐོར་བརྗོད་འདུག

ཟླ་ ༢ ཚེས་ ༢ ཉིན་ཨབ་གྷན་ནང་རྒྱལ་ཡོངས་སྲིད་འཛིན་འོས་བསྡུ་ཁྱབ་བསྒྲགས་བྱེད་མགོ་བཙུགས་པ་ནས་བཟུང་། ཊ་ལི་བྷན་དྲག་སྤྱོད་ཤོག་ཁག་གིས་གཏོར་བཅོམ་གྱི་ལས་འགུལ་འདྲ་མིན་སྤེལ་ཏེ། ད་བར་མི་སེར་དང་ཕྱི་རྒྱལ་གྱི་དམག་མི། གསར་འགོད་པ་བཅས་ཁྱོན་མི་ ༥༦ ལྷག་དམར་གསོད་བཏང་ཡོད་སྟབས། རྒྱལ་སྤྱིའི་གནོན་ཤུགས་འོག་ཨབ་གྷན་ནང་སྲིད་བློན་ཆེན་གྱིས་འོས་བསྡུའི་ཆེད་དམག་མི་ ༡༩༥༠༠༠ དང་། ཉེན་རྟོག་པ་ ༡༠༠༠༠། དྲག་ཆས་ཉེན་རྟོག་པ་ ༤༥༠༠༠། གསང་བའི་རྟོག་ཞིབ་མི་སྣ་ ༤༠༠༠། ཉེན་འགོག་མི་སྣ་ ༨༠༠༠ བཅས་ཁྱོན་སྲུང་དམག་སུམ་འབུམ་ལྔ་ཁྲི་ཉིས་སྟོང་ ༣༥༢༠༠༠ ཆེད་གཏོང་གིས་འོས་བསྡུའི་ས་ཚིགས་ ༢༨༥༠༠ ནང་ལྟ་སྲུང་བྱེད་བཅུག་ཡོད་འདུག

རྒྱལ་ཡོངས་སྲིད་འཛིན་འོས་བསྡུ་བརྒྱུད་ཨབ་གྷན་ནང་འཕྲད་བཞིན་པའི་དཀའ་རྙོག་བཞི་སེལ་དགོས་ཀྱི་ཡོད་པ་ལས་དང་པོ། ཨ་རིའི་དམག་དཔུང་ཨབ་གྷན་ནང་འཇོག་རྒྱུར་གྲོས་ཆོད་འཇོག་རྒྱུ་དང་། གཉིས་པ། ཊ་ལི་བྷན་དྲག་སྤྱོད་ཤོག་ཁག་དང་ཞི་མོལ་གནང་རྒྱུ། གསུམ་པ། ཨབ་གྷན་གྱི་ཤེས་ཡོན་དང་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ། བཞི་བ། རང་ཁ་རང་གསོ་ཡོང་ཐབས་བྱས་ཏེ་རྒྱལ་ཁབ་འཕེལ་རྒྱས་གཏོང་རྒྱུ་བཅས་ཡིན་འདུག

ཐེངས་འདིའི་འོས་བསྡུའི་ཐད་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨ་སྒོར་ས་ཡ་ ༡༢༦ ཞལ་འདེབས་ཕུལ་ཏེ། མཐུན་གྲོགས་རྒྱལ་ཁབ་ཅིག་ཏུ་འགྱུར་ཐབས་བྱེད་ཀྱིན་ཡོད་པ་མ་ཟད། རྒྱ་གར་གཞུང་གིས་དམག་སྦྱོང་དང་དངུལ་བུན་ཕོན་ཆེན་སྤྲད་དེ་མནའ་མཐུན་རྒྱལ་ཁབ་ཅིག་ཏུ་འགྱུར་ཐབས་དང་། རྒྱ་ནག་གིས་འོས་སྒམ་དང་འོས་བསྡུའི་མཁོ་ཆས་འདྲ་མིན་སྤྲད་དེ་ཚོང་འབྲེལ་བྱེད་སའི་རྒྱལ་ཁབ་ཅིག་ཆགས་རྒྱུར་འབད་བརྩོན་དང་། པ་ཀི་སི་ཐན་གྱིས་རམ་འདེགས་དམག་མི་བཏང་སྟེ་ས་མཚམས་སྲུང་སྐྱོབ་བཅས་བྱས་འདུག

གནད་དོན་འདིའི་ཐད། རྒྱ་གར་གཞུང་གི་ཨབ་གྷན་དང་པ་ཀི་སི་ཐན་གྱི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ལམ་བྷ་ (S K Lambah) ལགས་ཀྱིས། “ ཨ་རིའི་གཞུང་གིས་ཨབ་གྷན་གྱི་དམག་དོན་དང་ཆབ་སྲིད་ཐོག་ཐེ་ཇུས་བྱེད་བཞིན་ཡོད་སྟབས། ང་ཚོས་ཀྱང་ཨབ་གྷན་ལ་དངུལ་བུན་དང་དམག་སྦྱོང་སྤྲད་པ་ཙམ་མིན་པར། ཆབ་སྲིད་ཐོག་འབྲེལ་ལམ་འཛུཊ་ཐབས་བྱ་རྒྱུ་གལ་ཆེན་ཆགས་ཡོད།”ཅེས་བརྗོད་འདུག

ཐེངས་འདི་ནི་ཨབ་གྷན་སྲིད་འཛིན་འོས་བསྡུ་གནང་ཐེངས་གསུམ་པ་ཡིན་པ་དང་། ཕྱི་ཟླ་ ༥ བའི་ནང་སྲིད་འཛིན་གྱི་འོས་བསྡུའི་གྲུབ་འབྲས་ཁྱབ་བསྒྲགས་བྱ་འཆར་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

ཆུ་ཚོད་ ༢༡ སྔོན་ལ།
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

ཆུ་ཚོད་ ༢༡ སྔོན་ལ།
Mobile App

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མིའི་ཆོས་དད་རང་དབང་ལ་རྒྱབ་སྐྱོར་ཡོད་པའི་གྲོས་ཆོད་གཏན་འབེབས་གནང་།

༢༠༢༦/༠༣/༢༧
ttttt
Mobile App

བསྐལ་བའི་མེ་འཕྲིན་དམར་པོའི་སྙན་དེབ་དབུ་འབྱེད་དང་བགྲོ་གླེང་འཚོགས།

༢༠༢༦/༠༣/༢༦
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

༢༠༢༦/༠༣/༢༥
Mobile App

བཀུར་འོས་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་སུ་འདྲི་བའི་དོགས་གནད་དག་ཐེར།

༢༠༢༦/༠༣/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese