མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་གཞན་ལ་ཕན་ཐོགས་ཐུབ་ན་མི་ཚེ་དོན་དང་ལྡན་པ་བྱུང་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༠༤/༡༡
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ཉི་ཧོང་རི་ནན་ཇི་དགོན་པར་མང་ཚོཊ་ལ་བཀའ་སློབ་གནང་སྐབས། མི་ཚེ་དོན་དང་ལྡན་པ་ཞེས་པ་སོ་སོར་དངུལ་མང་པོ་ཡོད་པ་དང་མིང་སྐམ་པོ་ཡོད་པ་ཙམ་ལ་བརྩི་གི་མེད་པར། མི་ལུས་ཤིག་ཐོབ་ནས་སེམས་ལྡན་གྱི་སྤྱི་ཚོགས་ཤིག་ཏུ་སྐྱེས་ཡོད་སྟབས། གང་ཐུབ་ཀྱིས་གཞན་ལ་ཕན་ཐོཊ་ཐུབ་ན་མི་ཚེ་དོན་དང་ལྡན་པ་བྱུང་ཡོད། ཅེས་གསུངས་འདུག

ཉིན་འདི་གར་༧གོང་ས་མཆོག་གིས་ཉི་ཧོང་དུ་ཆོས་ཕྱོཊ་ཀྱི་མཛད་འཕྲིན་སྐྱོང་བཞིན་པ་ལྟར། ཁ་སང་ཚེས་ ༡༠ ཉིན་ཤི་ཆིན་མི་ཀྱོ་གཙུག་ལག་སློབ་ཆེན་གྱི་ཚོཊ་ཁང་དུ་མང་ཚོཊ་ལ་གསང་སྔཊ་སྐོར་གྱི་བཀའ་སློབ་དང་དྲི་བ་དྲིན་ལན་བཅས་གནང་ཡོད་འདུག སྐབས་དེར་༧གོང་ས་མཆོག་གིས་མཁན་སློབ་ཆོས་གསུམ་སྐབས་བོད་ལ་ནང་ཆོས་དར་ཚུལ་གྱི་བྱུང་རིམ་ངོ་སྤྲོད་དང་འབྲེལ། གསང་སྔགས་སྐོར་ལ་བཀའ་སློབ་གནང་སྐབས་ང་ཚོས་ནམ་རྒྱུན་ཤོད་སྲོལ་ལ་ཕྱི་འདུལ་བ་ནང་བྱང་སེམས། གསང་བ་གསང་སྔཊ་ཞེས་བསྟན་ཐོག་གཅིག་ལ་དེ་གསུམ་ཉམས་ལེན་བྱེད་རྒྱུ་ཤོད་ཀྱི་ཡོད། མགོན་པོ་ཀླུ་སྒྲུབ་ཀྱི་༼དབུ་མ་རིན་ཆེན་ཕྲེང་བ༽དང་༼བྱང་ཆུབ་སེམས་འགྲེལ༽བཅས་ཀྱི་ནང་བདག་གཞན་མཉམ་བརྗེས་ཀྱི་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུའི་སྐོར་ལ་མང་པོ་གསུངས་ཡོད། མགོན་པོ་ཀླུ་སྒྲུབ་ཀྱིས་བཀའ་བབ་ཀྱི་བསྟན་པའི་བྱ་བ་མཛད་རྒྱུ་དེ་ཤེར་ཕྱིན་གྱི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པའི་སྐོར་དེ་རྩལ་དུ་བཏོན་ཏེ་གསུང་གི་ཡོད། དེར་བརྟེན་དབུ་མའི་ལྟ་བའི་སྐོར་ལ་ཀླུ་སྒྲུབ་ཀྱིས་གསུང་ལས་ལྷག་པ་ཞིག་མེད། ཕྱི་འདུལ་བ་དང་ནང་བྱང་སེམས་ཀྱི་ཉམས་བཞེས་ཡོད་པའི་ཐོག་གསང་སྔགས་གཙོ་བོ་གསང་བ་བསྡུས་པའི་སྐོར་ལ་སྐྱེད་རིམ་སྐོར་མཛད་ཡོད་ལ་དེ་བཞིན་རྫོགས་རིམ་སྐོར་ལའང་མཛད་ཡོད། ཁོང་གི་སློབ་མ་ཨཱརྱ་དེ་བས་གསང་སྔཊ་སྐོར་མཛད་ཡོད། དེ་བཞིན་ཐེག་ཆེན་སྐོར་དབུ་མ་བཞི་བརྒྱ་པ། ཟླ་བ་གྲགས་པ་ཕྱི་འདུལ་བ་དང་ནང་བྱང་སེམས། དབུ་མ་འཇུག་པ་དང་བཞི་བརྒྱ་པའི་འགྲེལ་བ། རྩ་བ་ཤེས་རབ་ཀྱི་འགྲེལ་བ་ཚིགས་གསལ། ཀླུ་སྒྲུབ་ཡབ་སྲས་ནས་བཟུང་སྟེ་མཁན་ཆེན་ཞི་བ་འཚོའི་བར་ཕྱི་འདུལ་བ་ནང་བྱང་སེམས། གསང་བ་གསང་སྔགས་བྱས་ཏེ་ཕེབས་ཡོད། དེ་ལྟར་འདས་པའི་དུས་སུ་བོད་གངས་ཅན་གྱི་ལྗོངས་སུ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཚད་ལྡན་གྱི་དབང་དུ་བྱས་པ་ཡིན་ན། གསུམ་ལྡན་རིག་པ་འཛིན་པ་ཞེས་པ་འདི་བྱེད་ཀྱི་ཡོད། ཅེས་སོཊ་གསུངས་ཡོད་འདུག

ཚེས་ ༩ ཉིན་རི་ནན་ཇི་དགོན་པར་ (Rinnaji Temple) ཆིབས་བསྒྱུར་གྱིས་༼བྱམས་བརྩེ་བརྒྱུད་སྙིང་སྟོབས་སྐྲུན་ཐབས༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་སྐབས་༧གོང་ས་མཆོག་གིས། ངོས་ད་ཆར་རང་ལོ་ ༧༩ བསླེབ་ཀྱི་ཡོད། ལོ་ ༡༦ ཐོག་ཆབ་སྲིད་ཀྱི་འགན་འཁྱེར་བ་རེད། དེ་ནས་དུས་ཚོད་ཀྱི་དཀའ་ངལ་ཞིག་འཕྲད་པ་རེད། གང་ལྟར་རང་དབང་བྲལ་བ་རེད། དེ་ནས་ལོ་ ༢༤ ཐོག་ལུང་པ་དང་བྲལ་བ་རེད། དཀའ་ངལ་མང་པོ་ཞིག་འཕྲད་པ་རེད། འོན་ཀྱང་། བསམ་བློ་རྒྱ་ཆེ་ས་ནས་བཏང་ན་སོ་སོའི་ལུང་པ་བྲལ་བ་རེད་དེ་འཛམ་བུ་གླིང་འདི་སོ་སོའི་ལུང་པ་རེད། ང་ཚོ་བོད་པའི་བཤད་སྲོལ་ལ། གང་སྐྱིད་ཕ་ཡུལ། སུ་བྱམས་ཕ་མ། ཞེས་བརྗོད་སྲོལ་ཡོད། བསམ་བློ་འདི་ལྟར་གཏོང་སྐབས་ད་ལྟ་འཛམ་གླིང་འདིའི་སྟེང་བསྡད་ཡོད། འཛམ་གླིང་གི་ལུང་པ་འདྲ་མིན་ལ་གྲོགས་པོ་ཧ་ཅང་མང་པོ་ཡོད། འདི་ལྟར་ངོས་ཀྱིས་མི་ཚེ་བསྐྱལ་བ་རེད། སོ་སོའི་མི་ཚེ་འདི་དོན་དང་ལྡན་པ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། མི་ཚེ་དོན་དང་ལྡན་པ་ཞེས་པ་སོ་སོར་དངུལ་མང་པོ་ཡོད་པ་དང་མིང་སྐམ་པོ་ཡོད་པ་ཙམ་ལ་བརྩི་ཡི་མེད། སོ་སོ་མིའི་སྐྱེ་བ་བླངས་པ་དེས་མི་ལ་རྙོག་གྲ་བཟོ་རྒྱུ་དང་བརྡབ་གསིག་གཏོང་རྒྱུའི་ཐོག་མི་ཚེ་སྐྱེལ་ན་དགོས་འདུན་མ་ཚང་བ་རེད། མི་ལུས་ཞིག་ཐོབ་ནས་སེམས་ལྡན་སྤྱི་ཚོགས་ཤིག་ནང་སྐྱེས་ཡོད་སྟབས། ང་ཚོས་གང་ཐུབ་ཀྱིས་གཞན་ལ་ཕན་ཐོགས་ཐུབ་ན་མི་ཚེ་དོན་དང་ལྡན་པ་བྱུང་ཡོད། ཅེས་གསུངས་འདུག

ཡང་གོང་ས་མཆོག་གིས། ངོས་རང་མི་སུ་ཞིག་ལ་ཐུག་ཀྱང་ཐོག་མར་མི་དེ་གང་འདྲ་ཡོད་མེད་དང་། མི་དེའི་གཞིས་ཀ་གང་འདྲ་ཡོད་མེད་བལྟ་གི་ཡོད། མི་གཤིས་སྤྱོད་བཟང་པོ་ཡོད་མཁན་ཞིག་མཐོང་ན་ལམ་སེང་སེམས་ཐག་ཉེ་པོ་ཆགས་ཀྱི་འདུག་སྟབས། རིམ་པ་དང་པོ་ང་ཚོ་ཚང་མར་གཅིག་གྱུར་གྱི་འདུ་ཤེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ངོས་ནམ་རྒྱུན་ང་ཚོས་འཛམ་གླིང་སྟེང་གི་མི་དུང་ཕྱུར་བདུན་ཅུ་ ཡོད་པ་རྣམས་མི་གཅིག་མཚུངས་ཡིན་པའི་འདུ་ཤེས་འཛིན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། མི་གཅིག་གྱུར་གྱི་འདུ་ཤེས་བསྟན་པ་ཡིན་ན་ང་ཚོ་དང་ཁོང་ཚོ་ཞེས་པ་ཡོང་གི་མེད། རིམ་པ་གཉིས་པའི་ཐོག་འགྲོ་སྐབས་ལུང་པ་དང་མི་རིགས། སྐད་ཡིག ཆོས་དད་མི་འདྲ་བ་སླེབ་ཡོང་གི་ཡོད། མི་རིགས་དང་སྐད་ཡིག ཆོས་དད་གཅིག་མཚུངས་ཡིན་ནའང་སྤྱི་ཚོགས་ནང་དབུལ་ཕྱུག་དང་། ཤེས་ཡོན་ཡོད་མེད་སོགས་ཀྱི་དབྱེ་བ་བསླེབ་ཀྱི་ཡོད། རིམ་པ་འདིའི་ཐོག་ཕྱིན་ན་ང་ཚོ་དང་ཁོང་ཚོ་ཞེས་པ་འདི་མང་པོ་བསླེབ་ཀྱི་ཡོད། ངོས་རང་ལ་ཆ་བཞག་ན་མི་སུ་ཞིག་ལ་ཐུག་ཀྱང་ངོས་རང་མི་ཞིག་ཡིན་པ་དང་མི་ཞིག་ལ་ཐུག་གི་ཡོད་བསམ་པ་མ་གཏོགས། ངོས་རང་ནང་པ་དང་བོད་པ་ཡིན་པའི་བསམ་བློ་གཏོང་གི་མེད། ཅེས་གསུངས་འདུག

བྱམས་བརྩེའི་ནུས་པའི་ཐོག་༧གོང་ས་མཆོག་གིས།  བྱམས་བརྩེ་ཞེས་པ་འདི་ང་ཚོའི་ལུས་པོའི་གྲུབ་ཆའི་སྟེང་བྱམས་བརྩེའི་ནུས་པ་ཞིག་ཡོད། དེ་ཆོས་དང་རྣམ་དཔྱོད། ཤེས་རབ་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་བྱམས་བརྩེ་དེ་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་སྤེལ་དགོས། མི་ཙམ་མ་ཟད་སྲོག་ཆགས་གཞན་ལའང་བྱམས་བརྩེ་སྤེལ་རྒྱུ་དེ་མིའི་རྣམ་དཔྱོད་ཀྱི་ནུས་པའི་ཐོག་ནས་ཡོང་ཐུབ་ཀྱི་ཡོད། དེ་ལྟ་བུའི་བྱམས་བརྩེ་མི་ཁོ་ནར་ཁྱབ་པ་ཡིན། དེ་ཆོས་དད་ཡོད་མཁན་རྐྱང་གི་སྐད་ཆ་མིན། རིགས་གཅིག་གིས་བྱམས་བརྩེ་ཞེས་པ་ཆོས་པ་ཚོས་ཉམས་ལེན་བྱེད་རྒྱུ་རེད་ཅེས་བརྗོད་མཁན་ཡོད། དམིགས་བསལ་ཆོས་ལ་དད་པ་མེད་མཁན་ཞིག་ཡིན་ཡང་བྱམས་བརྩེ་དང་འབྲེལ་བའི་ཡ་རབས་བཟང་སྤྱོད་དེ་རྒྱ་གར་གྱི་ལྟ་གྲུབ་ནང་ཧ་ལམ་ལོ་ངོ་སྟོང་ཕྲག་གསུམ་ཙམ་གོང་ནས་ཆོས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད་པ་བཤད་ཡོད། རྒྱ་གར་གྱི་རྩ་ཁྲིམས་དེ་ཡང་ཆོས་ལུགས་རིས་མེད་ཀྱི་ཐོག་བཞག་ཡོད། དེར་བརྟེན། ང་ཚོ་མི་ཞིག་ཡིན་པའི་ཆ་ནས་བྱམས་བརྩེ་ཡོད་ན་བདེ་སྐྱིད་ཡོང་གི་ཡོད་པ་རེད། ཆོས་ལ་དད་པ་ཡོད་མཁན་མང་པོ་ཡོད་ཀྱང་། འཛམ་གླིང་ནང་མི་དུང་ཕྱུར་བཅུ་ལྷག་ལ་ཆོས་དད་པ་མེད། དེ་དག་ལའང་ཁྱབ་ཆེད་ཆོས་ལུགས་རིས་མེད་ཀྱི་བཟང་སྤྱོད་ཀྱི་ཐོག་ནས་འགྲོ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་གསུངས་ཡོད་འདུག

ཡང་ཉིན་དེར་གྲོང་ཁྱེར་ཨོ་ས་ཀའི་སེ་ཧྥི་གྷ་ཀོན་ (Siefu Gakuen Boys High School) བུའི་སློབ་གྲྭའི་དགེ་ལས་དང་སློབ་མ་ཚོར་༼གཞོན་སྐྱེས་ཚོར་རེ་བ་ཇི་ཡོད༽ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་སྐབས། འདས་པའི་དུས་རབས་ཉི་ཤུའི་ནང་ང་དང་ཁྱོད་ཅེས་བདག་འཛིན་བྱས་ཏེ་དུས་རབས་ཉེར་གཅིག་གི་མགོ་སྟོད་བར་འཁྲུག་རྩོད་བྱུང་ཡོད་སྟབས། དུས་རབས་ ༢༠ པའི་ནང་ལྷོད་གཡེང་དུ་ཕྱིན་པར་སྐྱོན་བརྗོད་བྱས་ཏེ་བསྡད་ན་མི་འགྲིག་པར་དུས་རབས་འདིའི་ནང་དེ་ལྟར་མི་ཡོང་བའི་འབད་བརྩོན་གནང་དགོས་པ་དང་། འདས་པའི་དུས་རབས་དེ་འཚེ་བའི་དུས་རབས་ཤིག་ཆགས་ཡོད་སྟབས། དུས་རབས་འདི་གྲོས་མོལ་གྱི་དུས་རབས་ཤིག་ཏུ་ངོས་འཛིན་གྱིས་འབད་བརྩོན་གནང་དགོས་པའི་བཀའ་སློབ་དང་། མཇུག་ཏུ་དྲི་བ་དྲིས་ལན་བཅས་གནང་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༨ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༩ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༩ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༢༤ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese