མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་གུར་དཔའ་བོ་པེ་ཅིན་ལ་ཇེ་ཉེ།

བོད་ཀྱི་དུས་བབ།
༢༠༡༤/༠༤/༡༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༢༠ སྟེང་གི་རྩོམ་སྒྲིག་པའི་གཏམ།

     ཕྱི་ཟླ་གསུམ་པའི་ཚེས་གཅིག་ཉིན། ད་ལྟའི་རྒྱ་འོག་གི་ཡུན་ནན་ཞིང་ཆེན་ཁོན་མེན་གྲོང་ཁྱེར་མེ་འཁོར་ས་ཚིགས་སུ་དམར་གསོད་དོན་རྐྱེན་ཆེན་པོ་ཞིག་བྱུང་། མགོ་ལ་རས་ནག་པོས་གཡོག་པའི་ཕོ་མོ་བཅུ་གྲངས་ཤིག་གིས་གང་བྱུང་མི་ཚོགས་ཁྲོད་གྲིས་བརྒྱབ་སྟེ། རྒྱ་མི་སུམ་ཅུ་ཙམ་བསད་ཅིང་བརྒྱ་ཕྲག་ཅིག་ལ་རྨས་སྐྱོན་བཟོས། རྨས་མ་མང་པོ་ཞིག་ད་དུང་ཤི་གསོན་བརྗོད་དཀའ་བའི་གནས་སྟངས་ཆགས་ཡོད། རྒྱ་ནག་གི་ཉེན་རྟོག་པ་ཚོས་མེ་མདའ་བརྒྱབ་སྟེ་མི་དེ་དག་ལས་བཞི་ཡུལ་ངོས་ནས་བསད་ཅིང་གཞན་དག་འཛིན་བཟུང་བྱས་ཡོད་ཚོད་འདུག

    གནས་ཚུལ་དེ་བྱུང་མ་ཐག་རྒྱ་གཞུང་གིས་མི་དེ་དག་ཡུ་གུར་དྲག་སྤྱོད་པ་ཡིན་ཚུལ་མངོན་ཆུང་གིས་བསྒྲགས་ཡོད། འོན་ཀྱང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་ཡུ་གུར་བ་རེད་ཅེས་དམིགས་སུ་བཀར་ཏེ་བཤད་ཐུབ་མེད། དེ་ལྟར་མ་བསྒྲགས་པའི་རྒྱུ་མཚན་བདེན་དཔང་འདང་ངེས་མ་རྙེད་པ་མིན་པར་ཡུ་གུར་མི་མང་ལ་འཛེམ་ཟོན་བྱེད་དགོས་ཐུག་ཡོད། དེ་སྔའི་རྒྱ་ནག་གི་དྲིལ་བསྒྲགས་བྱེད་སྟངས་མང་པོ་ཞིག་ལ་ནོར་འཁྲུལ་ཤོར་ཡོད། གནས་ཚུལ་ཆུང་ཆུང་ཆེན་པོ་དང་ཆེན་པོ་གཏིང་ནག་ཏུ་གྱུར་ཏེ་བསམ་བློ་བསྐྱར་དུ་གཏོང་དགོས་བྱུང་ཡོད།

     ཉིས་སྟོང་བརྒྱད་ལོའི་བོད་ནང་གི་ཡར་ལངས་དང་། ཉིས་དགུ་ལོའི་ཡུ་གུར་གྱི་ཡར་ལངས། དེ་བཞིན་ཉིས་སྟོང་བཅུ་གཅིག་བཅུ་གཉིས་ལ་སོག་པོར་གནས་ཚུལ་སྣ་ཚོགས་བྱུང་སྐབས། རྒྱ་གཞུང་གིས་ཐོག་མ་ནས་བྱ་སྤྱོད་དེ་དག་གི་ངོ་བོ་གཞན་གྱི་བརྒྱུད་སྐུལ་བྱས་པའི་འཇིགས་སྐུལ་དྲག་སྤྱོད་ཡིན་པ་དང་། ནང་དོན་ཆབ་སྲིད་དང་མི་རིགས་ནང་ཁུལ་གྱི་གནད་དོན་ཡིན་ཚུལ་ཚམ་ཚོམ་མེད་པར་བསྒྲགས། དེའི་མཇུག་འབྲས་སུ་མི་མང་གཞུང་ལ་མཁོན་སེམས་སྐྱེས་ཏེ་དོན་རྐྱེན་རིམ་བསྟུད་དུ་བྱུང་བ་དང་། གནས་ཚུལ་ཁྱབ་བསྒྲགས་ཆེན་པོ་ཕྱིན་ཏེ་རྒྱལ་སྤྱིའི་དོ་སྣང་ཇེ་ཆེར་ཕྱིན་པ། འདི་དག་རྒྱ་ནག་གཞུང་གི་བསམ་ཡུལ་ལས་འདས་པའི་གནས་ཚུལ་དག་རེད། 

     ངས་བཤད་འདོད་པའི་གནས་ཚུལ་གཞན་ཞིག་ནི། ཐེངས་འདིའི་མི་གསོད་དོན་རྐྱེན་རྗེས་སུ་ངོ་དེབ་སོགས་བརྒྱུད་ལམ་ཁག་ཏུ་བརྙན་ཐུང་ཞིག་ཁྱབ་བརྡལ་དུ་འགྲོ་བཞིན་ཡོད་པ་དེ་རེད། བརྙན་ཐུང་དེར་སྐར་མ་གཅིག་གཉིས་ཤིག་ལས་མི་འདུག དེའི་ནང་མི་གཉིས་ཀྱིས་ཁྲོམ་གཞུང་ན་གྲི་རིང་གནམ་ལ་འཕྱར་ནས་སྒྲིག་ཆས་ནག་པོ་གྱོན་པའི་རྒྱ་ནག་གི་ཉེན་རྟོག་པ་བཅུ་གྲངས་ཤིག་ཡར་བདའ་མར་བདའ་བྱེད་ཀྱིན་འདུག ཉེན་རྟོག་ཚོས་གང་བྱུང་མེ་མདའ་རྒྱག་བཞིན་གཅིག་ལས་གཅིག་མགྱོགས་ཀྱིས་འབྲོ་བཞིན་འདུག མཚམས་ཤིག་ལ་མི་དེ་གཉིས་སྔ་རྗེས་སུ་ས་ལ་འགྱེལ་སོང་། འདི་འཚེ་བ་ཡིན་མིན་གང་ལྟར་ཡང་ངེས་པ་དོན་གྱིས་མི་རིགས་ཀྱི་དཔའ་བོ་རེད། 

     གནས་ཚུལ་འདི་རྒྱ་ནག་སྲིད་གྲོས་དང་དམངས་ཆེན་ཚོགས་འདུར་གྲ་སྒྲིག་བྱེད་བཞིན་པའི་སྔོན་ཏག་ཏག་རེད། ཚོགས་འདུ་དབུ་འཛུགས་ཉིན་སླར་ཡང་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་བུད་མེད་ཅིག་གིས་རང་ལུས་མེར་བསྲེགས་བཏང་རབས་འདུག བུད་མེད་དེ་མི་རིགས་གང་ཡིན་དང་དགོས་འདུན་ཅི་ཡིན་ད་དུང་ཤེས་ཐུབ་མེད། སྔར་ལོའི་ཕྱི་ཟླ་བཅུ་པའི་ནང་རླངས་འཁོར་ཞིག་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་མི་ཚོགས་ཁྲོད་བརྒྱུགས་ཏེ་མི་ལྔ་བསད། རྒྱ་གཞུང་གིས་རླངས་འཁོར་དེའི་ནང་ཡུ་གུར་དྲག་སྤྱོད་པའི་བཟའ་མི་གསུམ་གྱིས་གྲི་དང་སྟ་རེ་གྲ་སྒྲིག་བྱས་ཡོད་ཚུལ་བསྒྲགས་ཡོད། 

     བསམ་བློ་བསྐྱར་དུ་གཏོང་དགོས་ས་ཞིག་ནི། ཡུ་གུར་བ་ཚོས་ངོ་རྒོལ་བྱེད་ཡུལ་དེ་རྒྱ་ནག་གཞུང་དང་རྒྱ་མི་རིགས་ལ་དབྱེ་བ་མི་འདུག ངོ་རྒོལ་བྱེད་སྟངས་ཀྱང་འཚེ་བ་ཡིན་མིན་ལ་ཁྱད་པར་མི་འདུག རྒྱ་ནག་གཞུང་གིས་ཀྱང་འདི་ལ་ཡ་ལན་སྤྲོད་སྟངས་གཞན་ཞིག་བྱེད་དགོས་བྱུང་ཡོད། ད་ཆར་ཡུ་གུར་བའི་གནས་ཚུལ་ཁག་ཡུ་གུར་བ་རེད་ཟེར་རྒྱུར་ཞེད་སྣང་དང་། འཚེ་བའི་བྱ་སྤྱོད་ལ་འཇིགས་སྐུལ་དྲག་སྤྱོད་ཅེས་མིང་འདོག་རྒྱུར་ཡང་འཛེམ་ཟོན་བྱེད་ཀྱིན་འདུག

འབྲེལ་ཡོད་གསར་འགྱུར།

TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese