མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རིཊ་ཞེན་དང་རྒྱལ་ཞེན་གྱི་བར་དོ་བ།

བོད་ཀྱི་དུས་བབ།
༢༠༡༤/༠༤/༡༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༢༣ སྟེང་གི་རྩོམ་སྒྲིག་པའི་གཏམ།

    འབའ་བ་ཕུན་ཚོགས་དབང་རྒྱལ་ཉེ་ལམ་སྐུ་གཤེགས་པ་དང་མཉམ་དུ་བརྒྱུད་ལམ་ཁག་ཏུ་ཁོང་གི་སྐོར་གླེང་མགོ་བརྩམས། སྤྱི་ཚོགས་ནང་ཁོང་ལ་དཔྱད་འཇོག་བྱེད་སྟངས་རིགས་གཉིས་རེད། ཁག་གཅིག་གིས་ཁོང་ནི་བོད་མི་རིགས་ལ་བྱས་རྗེས་ཆེ་བའི་རླབས་ཆེན་གྱི་མི་སྣ་ཞིག་རེད་ཟེར། ཡང་ཁག་གཅིག་གིས་ཁོང་ནི་བོད་མི་རིགས་དང་རྒྱལ་ཁབ་ལ་བྱས་ཉེས་གསོག་མཁན་གྱི་རྒྱལ་ཚོང་བ་ཞིག་རེད་ཟེར། ཕུན་དབང་གླེང་སྟངས་འདིར་གནའ་ནས་ད་བར་འགྱུར་བ་གང་ཡང་ཕྱིན་མི་འདུག གླེང་གཞི་གསར་པ་ཞིག་མགོ་འབུས་པ་ནི་ཕུན་དབང་དང་དབུ་མའི་ལམ་གྱི་འབྲེལ་བ་དེ་རེད།

     གླེང་ཕྱོགས་རྙིང་པ་འདི་གཉིས་བོད་རྒྱ་ལག་ཏུ་ཚུད་པའི་སྔ་རྗེས་ལ་ཕུན་དབང་གི་ཕྱག་ལས་གནང་སྟངས་དང་རེ་འདུན་འཆང་སྟངས་ལ་གཞིགས་ཏེ་ཆབ་སྲིད་རྐྱང་པའི་ངོས་ཐད་ཀྱི་གླེང་ཕྱོགས་ཤིག་རེད། གནས་ཚུལ་འདི་གཉིས་བརྒྱུད་ནས་ཕུན་དབང་ཡག་པོ་དང་སྡུག་ཅག་གི་སྡོམ་ཚིག་འགོད་ཐབས་བྱེད་པ་ནི་ཆབ་སྲིད་པའི་གཡོ་ཐབས་ཤིག་རེད། དོན་ལ་འདི་ཙམ་གྱིས་ཕུན་དབང་གིས་བོད་མི་རིགས་ལ་འཆང་བའི་ལ་རྒྱ་དང་ལྷག་བསམ། བྱས་རྗེས་སོགས་མཚོན་མི་ཐུབ་ཅིང་། ཚོད་དཔག་དང་སྒྲོ་སྐུར་རང་བཞིན་གྱི་སྒྲུབ་བྱེད་འདིས་ཁོང་ནག་པོ་བཟོ་ཐབས་བྱེད་པའང་དྲང་བདེན་ཞིག་མིན།

    སྤྱིར་མི་ཞིག་ལ་དཔྱད་འཇོག་བྱེད་སྐབས། ཁོའི་ལྟ་བ་བསམ་བློ་དང་ཕྱག་ལས་གནང་སྟངས། མི་གཤིས་འཇོན་ཐང་སོགས་ཡུལ་དུས་གནས་བབ་ལ་སྦྱར་ནས་གླེང་དགོས། ཕུན་དབང་གིས་བོད་རྒྱའི་གནད་དོན་ཐོག་འཛིན་པའི་ལྟ་ཚུལ་དེ་མཱར་ཁེ་སི་རིང་ལུཊ་ཀྱི་མི་རིགས་སྲིད་ཇུས་དང་འབྲེལ་ཡོད་ལ། ཕུན་དབང་གི་མར་ཁེ་སིའི་མི་རིཊ་གནད་དོན་དེ་རྩོད་སྒྲུབ་དངོས་གཙོ་རིག་པའི་གཞུང་ལུགས་དང་འབྲེལ་ཡོད། ཕུན་དབང་གི་མི་ཚེ་ཧྲིལ་བོའི་ཆ་ནས་སྐབས་དོན་ཆབ་སྲིད་པ་ཞིག་ལས་བསམ་བློའི་ལྟ་གྲུབ་སྨྲ་བ་ཞིག་ཏུ་ཐག་ཉེ་བ་ཡོད། ཁོའི་མི་ཚེའི་ཕྱག་ལས་གནང་ཕྱོཊ་དང་བསམ་བློ་འཁྱེར་ཕྱོགས་ཡོངས་རྫོཊ་ལྟ་གྲུབ་ཅིག་གམ་གཞུང་ལུཊ་ཤིག་རྒྱབ་རྟེན་དུ་བྱས་པའི་བདེན་དོན་ཁོ་ན་ཡིན།

    ༡༩༣༩ ལོར་རྒྱ་ནག་ནན་ཅིན་གྱི་གོ་མིན་ཏང་གཞུང་གི་ཆབ་སྲིད་སློབ་གྲྭའི་ནང་བོད་སྤྱི་ཚོགས་རིང་ལུགས་གསར་བརྗེ་ལས་འགུལ་ཚོགས་ཆུང་བཙུགས་པ་དང་། ༡༩༤༢ ལོར་ལྷ་སར་གངས་ཅན་བོད་ཀྱི་སྤྱི་ཚོགས་རིང་ལུགས་གསར་བརྗེ་ཚོགས་ཆུང་བཙུགས་པ། དེ་བཞིན། ༡༩༤༥ ལོར་ཡུན་ནན་བདེ་ཆེན་དུ་བོད་ཤར་ཕྱོགས་མི་དམངས་རང་སྐྱོང་མནའ་མཐུན་བཙུགས་པ། ༡༩༤༩ ལོར་འབའ་ཐང་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ཁམས་ཕྱོགས་ལས་དོན་ཨུ་ཡོན་ལྷན་ཁང་བཙུགས་པ་སོགས་གང་ལ་དཔྱད་ཀྱང་། ཕུན་དབང་ནི་གསར་བརྗེ་བསམ་བློ་བ་ཞིག་དང་། མར་ཁེ་སིའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་ལ་ཡིད་ཆེས་ཡོད་པ། བོད་མི་རིགས་ཀྱི་འཕྲལ་ཕུགས་བདེ་དོན་ལ་ལྷག་བསམ་དཀར་བ་གསལ་བོར་མཐོང་ཐུབ།

    རྒྱ་ནག་གིས་བོད་སར་བཙན་འཛུལ་བྱས་སྐབས་ཕུན་དབང་གིས་ལམ་ཁྲིད་བྱས་པ་དང་། རྗེས་སུ་བོད་མི་རིགས་ཀྱི་ཆེད་དུ་བཙོན་ནས་ལོ་བཅོ་བརྒྱད་བསྡད་པ། བཙོན་གྲོལ་རྗེས་རྒྱ་ནག་གི་སྲིད་འཛིན་ཅིང་དང་ཧུའུ། ད་ལྟའི་སྲིད་འཛིན་ཞི་སོགས་ལ་ཁྲིམས་ཐོག་ནས་མི་རིགས་ཀྱི་ཐོབ་ཐང་གླེང་བ་སོགས། མདོ་བསྡུས་ན། ད་ལྟའི་དབུ་མའི་ལམ་དང་རང་བཙན་གྱི་གཡུལ་ས་ནས་ཕུན་དབང་རྒྱལ་ཞེན་ཅན་ཞིག་ཡིན་མིན་ཁ་ཚོན་གཅོད་དཀའ་ཡང་། བོད་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག ལྷག་བསམ་དང་སྙིང་སྟོབས་སོགས་སུས་ཀྱང་ནག་གསུབ་གཏོང་ཐུབ་མེད་ལ། རྒྱལ་ཞེན་ཡོད་མེད་ཀྱི་ཐེ་ཚོམ་དེས་ཁོང་རྒྱལ་ཚོང་བ་ཞིག་ཡིན་པའང་གཏན་ནས་སྒྲུབ་མི་ཐུབ་བོ།།

འབྲེལ་ཡོད་གསར་འགྱུར།

tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

ཆུ་ཚོད་ ༢ སྔོན་ལ།
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese