མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ང་ཚོར་འཕྲད་བཞིན་པའི་དཀའ་ངལ་མང་དག་ཅིག་སེམས་དང་འབྲེལ་བ་ཆཊ་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༠༤/༡༤
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་སེམས་ཀྱི་རྣམ་གཞག་སྐོར་གྱི་བགྲོ་གླེང་ལྷན་ཚོགས་ཐོག་བཀའ་སློབ་གནང་སྟེ། དེང་སྐབས་ང་ཚོར་འཕྲད་བཞིན་པའི་མི་གསོད་ཁྲག་སྦྱོར་དང་མུ་གེ དབུལ་ཕྱུག་གི་བར་ཁྱད། ལྐོག་ཟ་རུལ་སུངས། གཞན་ལ་བརྙས་བཅོས་སོཊ་ཚང་མ་འཕྲུལ་ཆས་མིན་པར། བྱེད་གཏེ་གཙོ་བོ་མིའི་བསམ་བློ་ཆཊ་ཡོད་སྐོར་གསུངས་འདུག

ཉེ་བའི་ཆར་༧གོང་ས་མཆོག་གིས་ཉི་ཧོང་ནང་ཆོས་ཕྱོཊ་ཀྱི་མཛད་འཕྲིན་ཁག་སྐྱོང་བཞིན་པ་ལྟར། ཟླ་འདིའི་ཚེས་ ༡༣ དང་ ༡༤ བཅས་ཉིན་གཉིས་རིང་༸གོང་ས་མཆོག་གིས་ཉི་ཧོང་གི་གྲོང་ཁྱེར་ཀོ་ཡ་སེན་ནང་གི་ཀོན་ཀོ་བྷི་ཇི་དགོན་ (Kongobuji Temple) དུ་ཆིབས་བསྒྱུར་གནང་སྟེ་བློ་སྦྱོང་ཚིགས་བརྒྱད་མ་དང་། ལམ་རིམ་བསྡུས་དོན། རྣམ་སྣང་སྔོ་ལྗང་གི་དབང་བཅས་སྩལ་ཡོད་པ་དང་། ཉིན་དེའི་ཆོས་འབྲེལ་དབུ་འཛུཊ་མ་གནང་གོང་༧གོང་ས་མཆོག་གིས་ཆོས་བརྒྱུད་ཚང་མས་མིར་ཕན་གྱི་ཡོད་ལ། འཛམ་གླིང་འདིའི་སྟེང་ཞི་བདེ་བསྐྲུན་རྒྱུའི་ནུས་པ་ཡོད་པ་རེད། ལྟ་གྲུབ་ཀྱི་ཐོག་ནས་མི་འདྲ་བ་ཆེན་པོ་ཡོད། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་བྱམས་བརྩེ་སྒོམ་པའི་རྒྱུ་མཚན་གཙོ་བོ་སྣོད་བཅུད་སྤྱི་དང་ལྷག་པར་མི་ཚང་མ་འཇིག་རྟེན་བཀོད་པ་པོས་བཀོད་པ་རེད། ཇི་ཙམ་གྱིས་འཇིག་རྟེན་བཀོད་པ་པོར་གུས་བརྩི་ཡོད་པ་དེ་བཞིན་འཇིག་རྟེན་བཀོད་པ་པོས་བཀོད་པའི་སྣོད་བཅུད་སྤྱི་དང་ལྷག་པར་མི་ཚང་མས་བྱམས་བརྩེ་སྟོན་དགོས་རེད་ཅེས་པའི་རྒྱུ་མཚན་ཏག་ཏག་འགྲོ་གི་ཡོད།

འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱིས་རྒྱུ་དང་འབྲས་བུ་ཞེས་བཤད་ཀྱི་ཡོད། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱིས་རྒྱུ་མེད་ལས་བྱུང་བ་ཁས་ལེན་གྱི་མེད། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་ནང་སྤྱི་ཡོངས་བཤད་ན་རྒྱུ་མེད་འདོད་མཁན། རྟག་པའི་རྒྱུ་ལས་སྐྱེས་པ་འདོད་མཁན། མི་རྟག་པའི་རྒྱུ་ལས་སྐྱེ་བ་འདོད་མཁན་འདི་ལྟ་བུ་མི་འདྲ་བ་ཡོང་བཞིན་ཡོད། གང་ལྟར་འདི་དག་གིས་སོ་སོ་རང་ཉིད་ཀྱི་བྱ་སྤྱོད་ཀྱི་ཐོག་ནས་འབྲས་བུ་བཟང་ངན་ཡོང་གི་ཡོད་པ་དེ་རྒྱུ་མཚན་དུ་བཀོད་ནས་གཞན་ལ་འཚེ་བ་བྱེད་རྒྱུ་མེད་པ་དང་། གཞན་ལ་བརྩེ་བ་བྱེད་དགོས་རེད་ཅེས་པའི་སྐད་ཆ་བསླེབས་ཀྱི་ཡོད། ལྟ་གྲུབ་མི་འདྲ་བ་གཉིས་ཀའི་བྱམས་བརྩེ་སྤེལ་རྒྱུ་རྒྱུ་མཚན་ལ་བགྲངས་ཡོད། ཅེས་གསུངས་འདུག

ཚེས་ ༡༡ དང་ ༡༢ བཅས་ཉིན་གཉིས་རིང་༧གོང་ས་མཆོག་ཀྱོ་ཏོ་གཙུག་ལག་སློབ་གྲྭའི་ཀོ་ཀོ་རོ་ཉམས་ཞིབ་ཚན་པ་དང་ཨ་རིའི་ནང་ཡོད་པའི་སེམས་དང་སྲོག་གི་བསྟི་གནས་ཁང་གཉིས་ཀྱི་གོ་སྒྲིག་གནང་བའི་སེམས་ཀྱི་རྣམ་གཞག་སྐོར་གྱི་བགྲོ་གླེང་ལྷན་ཚོགས་ཐོག་ཆིབས་བསྒྱུར་གྱིས་ཚན་རིག་པ་དང་ལྷན་བགྲོ་གླེང་གནང་ཡོད་པ་མ་ཟད། ལྷན་ཚོགས་ཐོག་བཀའ་སློབ་གནང་སྐབས། སེམས་ཀྱི་རྣམ་གཞག་སྐོར་རྒྱ་ཆེ་བ་རྒྱ་གར་གྱི་སྲོལ་རྒྱུན་ནས་དར་བའི་སེམས་ཁམས་རིག་པའི་རྣམ་གཞག་ཐོག་ནས་ཡོང་བཞིན་ཡོད། ངོས་ལ་མཚོན་ནའང་ངོས་ཀྱིས་སེམས་ཀྱི་རྣམ་གཞག་ཐོག་གང་ཤེས་པ་དེ་དག་ནང་པའི་སེམས་ཁམས་རིག་པའི་རྣམ་གཞག་ཐོག་ནས་ཤེས་པ་ཞིག་རེད། སྐབས་རེ་བགྲོ་གླེང་ལྷན་ཚོགས་འདི་ལྟ་བུ་གོ་སྒྲིག་ཞུ་མཁན་བསྟི་གནས་ཁང་འགའ་ཤས་ཀྱིས། ནང་ཆོས་དང་ཚན་རིག་དབར་གྱི་བགྲོ་གླེང་ལྷན་ཚོགས་ཞེས་འབོད་མཁན་བྱུང་། སྐབས་དེར་ངོས་ཀྱིས་ནང་པ་དང་ཚན་རིག་དབར་བགྲོ་གླེང་བྱས་པ་དེ་འདྲ་གང་ཡང་མ་རེད། དཔེར་ན། འདས་པའི་ལོ་བཅུ་ཕྲག་འགའ་ཤས་རིང་ང་ཚོས་ཚན་རིག་པ་དང་ལྷན་སྐྱེ་བ་སྔ་ཕྱིའི་སྐོར་དང་མཐར་པའི་གོ་འཕང་། སྟོང་ཉིད་སྐོར་སོགས་གང་ཡང་བགྲོ་གླེང་བྱེད་མྱོང་མེད། གནད་དོན་དེ་དག་གཙོ་བོ་ནང་པ་སངས་རྒྱས་པ་ཚོས་བྱེད་དགོས་པའི་ལས་ཀ་རེད། ང་ཚོས་སེམས་དང་ཕྱི་དངོས་པོའི་སྐོར་བགྲོ་གླེང་བྱེད་བཞིན་ཡོད་སྟབས། ནང་ཆོས་ནས་གསུངས་པའི་ཚན་རིག་གི་རྣམ་གཞག་དང་དེང་དུས་ཚན་རིག་བར་གྱི་བགྲོ་གླེང་ཞིག་ཆགས་ཡོད། ཅེས་གསུངས་འདུག

༧གོང་ས་མཆོག་གིས་ཐེངས་འདིའི་ལྷན་ཚོགས་ཐད། ལྷན་ཚོགས་འདིར་མཚོན་ན། ནང་པ་སངས་རྒྱས་པའི་ནང་སེམས་རྒྱུད་དང་འབྲེལ་བའི་ཚན་རིག་དང་དེང་དུས་ཀྱི་ཕྱིའི་དངོས་པོའི་རྣམ་གཞག་གི་ཚན་རིག་བར་བགྲོ་གླེང་བྱས་པ་ཞིག་ཆགས་ཡོད། འདས་པའི་ལོ་ ༣༠ ཙམ་གྱི་རིང་ང་ཚོས་བགྲོ་གླེང་ཐེངས་མང་ཚོཊ་པའི་དབང་གིས་ང་ཚོ་ནང་པ་ཚོར་མཚོན་ན། འཇིག་རྟེན་ཁམས་ཀྱི་རིག་པ་ (Cosmology) དང་། ལྷག་པར་ཀོན་ཊམ་རྣམ་གཞག་ (quantum Physics) ཐོག་གནས་ཚུལ་ཤེས་རྒྱུར་ཕན་ཐོགས་བྱུང་། ཀོན་ཊམ་རྣམ་གཞག་ལ་མཚོན་ན། ཕྱི་དངོས་པོའི་གནས་ཚུལ་ལ་དཔྱད་པ་བྱེད་རྒྱུར་ཧ་ཅང་ཕན་ཐོགས་ཡོད། ནང་པའི་གཞུང་ནས་གསུངས་པའི་རང་བཞིན་གྱི་གྲུབ་པའི་ཆོས་རྡུལ་ཙམ་ཡང་མེད་པ་ཞེས་པ་དང་འགྲོ་སྟངས་གཅིག་པ་ཆགས་ཡོད། ཕྱོགས་མཚུངས་དེང་དུས་ཚན་རིག་པ་ཚོས་སེམས་དང་སེམས་ཚོར་གྱི་རྣམ་གཞག དེ་བཞིན་ཀླད་རྩའི་བྱེད་ལས་ཞིབ་ཕྲའི་སྐོར་འགྲེལ་བརྗོད་རྒྱག་སྐབས་ང་ཚོས་གནད་དོན་དེ་དག་ཐོག་བསམ་བློ་བསྐྱར་དུ་གཏོང་དགོས་པ་ལྟ་བུ་ཧ་ཅང་ཕན་ཐོགས་ཆེན་པོ་འདུག ཅེས་གསུངས་འདུག

༧གོང་ས་མཆོག་གིས་ཚན་རིག་པ་ཚོར། “ ཚན་རིག་པ་ཚོར་མཚོན་ན། སེམས་ནི་གཞན་ལ་ལྟོས་པ་མེད་པའི་ཆོས་གཅིག་ཁོ་ན་ལྟ་བུའི་སྟབས་བདེ་ཞིག་མིན་པར་ཧ་ཅང་རྒྱ་ཆེན་པོ་ཡོད། དེར་བརྟེན། ངོས་ཀྱིས་དེ་སྔ་སྐབས་ཤིག་ལ་སེམས་ཀྱི་ས་ཁྲ་ཞེས་བརྗོད་རྒྱུ་བྱུང་། དེང་སྐབས་ང་ཚོར་འཕྲད་བཞིན་པའི་དཀའ་ངལ་མང་དག་ཅིག་སེམས་དང་འབྲེལ་བ་ཆགས་ཡོད། དཔེར་ན། མི་གསོད་ཁྲག་སྦྱོར་དང་མུ་གེ། དབུལ་ཕྱུག་གི་བར་ཁྱད། ལྐོག་ཟ་རུལ་སུངས། གཞན་ལ་བརྙས་བཅོས་སོགས་ཚང་མ་སེམས་ལ་ཐུག་ཡོད། འཕྲུལ་ཆས་ཀྱིས་དེ་རིགས་བྱེད་མི་ཐུབ། འཕྲུལ་ཆས་ཀྱིས་ང་ཚོར་ལས་ཀ་ལས་སླ་རུ་གཏོང་རྒྱུའི་མཐུན་འགྱུར་བྱེད་བཞིན་པ་ལས་བྱེད་གཏེ་མིའི་བསམ་བློ་ཆགས་ཡོད། ང་ཚོས་བསམ་བློར་དོ་སྣང་མ་བྱས་པ་ཡིན་ན། ཀླད་པའི་ནང་ཤེས་བྱ་ཡོན་ཏན་ཇི་ཙམ་ཡོད་ཀྱང་མཚམས་རེ་རྙོག་གཞི་ལྟ་བུ་ཆགས་ཀྱི་ཡོད། ཅེས་གསུངས་འདུག

གསར་འགོད་པ། དོན་གོ

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist