མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་རང་བཞིན་གྱི་གླེང་སྟེཊ་ཤིག་ཆཊ་པའི་དམིཊ་ཡུལ་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༠༤/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲ་རྒྱ་དང་། ཉམས་ཞིབ་ཁང་གིས་བཏོན་པའི་༼ད་ལྟའི་བོད་ནང་གི་དབང་འཛིན་པ༽ཞེས་པའི་དཔེ་དེབ་དབུ་འབྱེད་བཅས་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༠༠ ཐོག་གངས་སྐྱིད་བཀའ་ཤག་ཚོགས་ཁང་དུ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལཊ། ཉམས་ཞིབ་ཁང་གི་གྲོས་སྟོན་པ་བློ་བཟང་ལཊ། ཟུང་དྲུང་འཕགས་པ་ཚེ་རིང་ལཊ་དང་དོན་འགྲུབ་རྒྱལ་པོ་ལཊ། ཉམས་ཞིབ་ཁང་གི་ལས་བྱེད་བཅས་འདུ་འཛོམས་ཐོག སྲིད་སྐྱོང་མཆོག་གིས་སྲིད་བྱུས་ཉམས་ཞིབ་ཁང་གི་དྲ་རྒྱ་དབུ་འབྱེད་དང་། བོད་རིགས་འདུས་སྡོད་བྱས་པའི་ཁུལ་དང་གྲོང་ཁྱེར་ནས་ལྗོངས་དང་ཞིང་ཆེན་རིམ་པ་བར་གྱི་དཔོན་རིགས་ངོ་སྤྲོད་ཀྱི་དེབ་༼ད་ལྟའི་བོད་ནང་གི་དབང་འཛིན་པ༽ ཞེས་པ་དབུ་འབྱེད་བཅས་གནང་སོང་།

མཛད་སྒོའི་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཟུང་དྲུང་དོན་འགྲུབ་རྒྱལ་པོ་ལགས་ཀྱིས། དྲ་རྒྱ་དེའི་ནང་སྲིད་བྱུས་ཉམས་ཞིབ་ཁང་གི་བགྲོ་གླེང་ཚོགས་འདུ་རིམ་པའི་གནས་ཚུལ་དང་རྩོམ་ཡིག  དེ་བཞིན་ཁོང་ཚོས་འགྲེམས་སྤེལ་བྱས་པའི་དཔེ་དེབ་སོགས་ཡོད་སྐོར་ངོ་སྤྲོད་དང་འབྲེལ་བརྗོད་དོན། “ བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲ་རྒྱ་ལ་དམིཊ་བསལ་ག་རེ་སྟོན་རྒྱུ་ཡོད་ཟེར་ན། ང་ཚོས་ཟླ་རེ་བཞིན་ཉམས་ཞིབ་པའི་ལྟ་སྟངས་ཀྱི་ཐོག་ནས་བོད་དང་འབྲེལ་བའི་གནས་ཚུལ་གལ་ཆེན་ཁག་གི་རྒྱབ་ལྗོངས་ལ་མཁས་པའི་དཔྱད་གླེང་གི་བརྙན་ཐུང་རེ་བཟོ་བཞིན་ཡོད། ད་རེས་བོད་མིའི་རང་ལུས་མེར་བསྲེགས་སྐོར་བཟོས་ཡོད། ཟླ་བ་རྗེས་མར་དཔྱད་གླེང་གི་བརྗོད་གཞི་གཞན་ཞིག་འདེམས་རྒྱུ་ཡིན། གནས་ཚུལ་དང་བསྟུན་ནས་བོད་སྐད་དང་རྒྱ་སྐད་གང་གི་ཐོག་དགོས་མིན་གོ་བསྡུར་བྱ་འཆར་ཡོད། ད་ལྟའི་ཆར་ང་ཚོའི་དྲ་རྒྱ་(www.tibetpolicy.net) ཐོག་གི་གཙོ་བོ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་ཀ་ག་རེ་གནང་གི་ཡོད་པ་དེ་ང་ཚོ་བོད་པའི་ཆེད་དུ་འགྲེམས་སྤེལ་བྱེད་བཞིན་ཡོད་པ་རེད། ཡིན་ནའང་། ང་ཚོའི་ཕུགས་རྒྱང་རིང་པོའི་དམིགས་ཡུལ་རྒྱལ་སྤྱིའི་ནང་བོད་ཀྱི་མཁས་པ་ཚོར་བགྲོ་གླེང་དང་བསམ་ཚུལ་བརྗེ་ལེན་བྱེད་པའི་གླེང་སྟེགས་ཤིག་ཆགས་ཐུབ་རྒྱུ་དེ་ཡིན། ”ཞེས་བརྗོད་སོང་།

སྲིད་སྐྱོང་མཆོག་གིས་དྲ་རྒྱ་དབུ་འབྱེད་དང་འབྲེལ་བའི་གསུང་བཤད་གནང་སྐབས།  “ ད་ལྟའི་བར་གྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཚོགས་འདུ་རིམ་པའི་གནས་ཚུལ་དྲ་རྒྱའི་ནང་བླུགས་ཡོད་པ་རེད། བརྙན་པར་བརྒྱུད་དེ་གཟིགས་རྒྱུ་དང་བོད་དབྱིན་གཉིས་ཀྱི་ཐོག་ཡོད་སྟབས། བོད་གཞིས་བྱེས་གཉིས་ཀྱི་བོད་མི་དང་རྒྱལ་སྤྱིའི་ཐོག་ནས་ཀྱང་རིམ་པས་སྲིད་བྱུས་ཉམས་ཞིབ་ཁང་གི་དྲ་རྒྱ་བརྒྱུད་དེ། བོད་དོན་ཐད་ཀྱི་བདེན་པ་གང་ཡིན་གསལ་པོ་ཆགས་ཡོང་གི་རེད་བསམ་པའི་ཡིད་ཆེས་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། རྒྱ་ནག་གཞུང་གིས་ཧམ་བཤད་ཁོ་ནར་ཨ་སྒོར་ཐེར་འབུམ་ལྷག་བཏང་སྟེ། བོད་དོན་ཐད་རྫུན་གཏམ་མང་པོ་སྤེལ་གྱི་ཡོད། བརྙན་འཕྲིན་བརྒྱུད་དེ་རང་ལུས་མེར་བསྲེགས་གཙོས་པའི་བོད་ཀྱི་ལོ་རྒྱུས་ཐད་ཁོ་ཚོས་བཟོས་བཞག་པའི་ལོ་རྒྱུས་མང་པོ་ཞིག་འགྲེམས་སྤེལ་བྱེད་ཡོང་སྐབས། མི་མང་པོས་རྒྱ་གཞུང་གི་བཤད་པ་དེ་བདེན་པ་ཨེ་ཡིན་བསམ་མཁན་ཡོང་གི་ཡོད་པ་རེད། གཞི་རྩའི་རྒྱ་གཞུང་ལྟར་ང་ཚོར་འགྲོ་སོང་ཕོན་ཆེན་གཏོང་རྒྱུ་མེད་ཀྱང་། བདེན་པ་ང་ཚོར་ཡོད་པ་དེར་ང་ཚོའི་ངོས་ནས་ལན་འདེབས་བྱས་ཏེ། ཕྱི་གསལ་ནང་གསལ་གྱིས་བཤད་ཐུབ་རྒྱུ་གལ་ཆེན་རེད། དེར་བརྟེན། དྲ་རྒྱ་འདི་བརྒྱུད་བརྒྱུད་ལམ་ཁག་ནང་ཐོན་པའི་ཉིན་རེའི་གསར་འགྱུར་གཅིག་པུ་མ་ཡིན་པར་གཏིང་ཟབ་ཏུ་ཕྱིན་ཏེ། རྒྱ་གཞུང་གིས་ཁོར་ཡུག་དང་འགྲོ་བ་མིའི་ཐོབ་ཐང་། ཆོས་དད་རང་དབང་། ཤེས་ཡོན་སོགས་ཀྱི་སྲིད་བྱུས་འཛིན་སྟངས་ཐོག་དཔྱད་གཏམ་སྤེལ་གྱི་ཡོད་པ་དེར་ལན་འདེབས་དང་སྦྲགས། བདེན་པ་གང་ཡོད་པ་དེར་ཉམས་ཞིབ་པ་ཚོས་སྐུ་ལས་བསྐྱོན་ཏེ་གང་ཐུབ་ཀྱིས་བདུན་ཕྲག་དང་ཟླ་བ་རེ་རེའི་ནང་དྲ་རྒྱའི་ཐོག་བཀོད་ཐུབ་པ་ཡིན་ན། ཉུང་མཐར་བོད་པའི་སྤྱི་ཚོགས་ནང་དཀར་ནག་དབྱེ་འབྱེད་ཐུབ་པ་དང་། རྒྱལ་སྤྱིའི་ཐོག་གསར་འགོད་པ་དང་མཁས་པ་ཚོར་ཐུགས་ཕན་གསོ་ཐུབ་ཀྱི་རེད་བསམ་པའི་ཡིད་ཆེས་བྱེད་ཀྱི་ཡོད། ” ཅེས་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་གིས་༼ད་ལྟའི་བོད་ནང་གི་དབང་འཛིན་པ༽ཞེས་པའི་དཔེ་དེབ་ཀྱི་སྐོར་ལ་གསུངས་དོན། “རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་གཙོས་བོད་ས་ཡོངས་ཀྱི་ལས་བྱེད་པའི་བརྒྱ་ཆ་ ༩༢ བོད་རིགས་དང་། བརྒྱ་ཆའི་ ༨ རྒྱ་རིགས་ཡིན་ཞེས་བཤད་ཀྱི་ཡོད་པ་རེད། དེ་ལྟར་ཡིན་ན་རང་སྐྱོང་ལྗོངས་ཀྱི་ཏང་གི་སྒྲིག་འཛུགས་མཐོ་ཤོས་དེའི་ནང་རྒྱ་རིགས་བརྒྱ་ཆ་ ༨ ཀྱིས། དབང་ཆའི་བརྒྱ་ཆའི་ ༦༥ ནས་ ༧༠ བཟུང་བསྡད་པ་ཡིན་ན། རང་སྐྱོང་ལྗོངས་ནང་བོད་པར་དབང་ཆ་གང་འདྲ་ཡོད་པ་རེད། དེབ་འདིའི་ཞིབ་འཇུག་གི་རྒྱུ་ཆ་མང་ཆེ་བ་རྒྱ་ནག་གཞུང་གི་ཚགས་པར་སོགས་ནས་ཐོན་པ་ཡིན་སྟབས། བདེན་པ་ཁུངས་སྐྱེལ་བྱེད་པར་ཐུཊ་ཕན་གསོ་ཐུབ་པ་དང་། གསར་འགྱུར་བརྒྱུད་ལམ་ཁག་གིས་རྒྱ་ནག་གི་མགོ་ཁྲིད་ཚོའི་གནས་ཚུལ་སྤེལ་སྐབས་ཀྱང་ལོ་རྒྱུས་ཆ་ཚང་བ་ཞིག་ཤེས་རྒྱུར་ཕན་གྱི་རེད། ང་ཚོས་རྒྱ་ནག་གི་འགྲོ་ལུགས་འགྲོ་སྟངས་ག་ཚོད་ཅིག་ཤེས་པ་ཡིན་ན། དེ་ལ་དཔག་པའི་གདོང་ལེན་དང་ཐབས་ཇུས་འདོན་པར་ཡང་ཕན་ཐོགས་ཡོད་པ་རེད། ” ཅེས་གསུངས་སོང་།

སྐབས་དེར་དཔེ་དེབ་རྩོམ་སྒྲིག་པ་དང་སྲིད་བྱུས་ཉམས་ཞིབ་ཁང་གི་དྲུང་འཕར་འཕགས་པ་ཚེ་རིང་ལགས་དང་གྲོས་སྟོན་པ་བློ་བཟང་ལགས་གཉིས་ཀྱིས། དཔེ་དེབ་དེ་ནི་རྒྱ་གཞུང་གིས་བོད་མི་གནས་སྡོད་ས་ཁུལ་གྱི་དབང་འཛིན་པའི་ཁྲོད་བོད་རིགས་མང་བ་ཡོད་ལུགས་བསྒྲགས་ཀྱི་ཡོད་ཀྱང་། དོན་དངོས་སུ་ག་འདྲ་ཡོད་མེད་ཚང་མས་ཤེས་རྟོགས་ཡོང་བའི་ཆེད་དུ་དེབ་དེ་རྩོམ་སྒྲིག་བྱས་པ་ཡིན་སྐོར་དང་། དེབ་དེའི་ནང་དུ་བོད་རང་སྐྱོང་ལྗོངས་གཙོས་བོད་རིགས་འདུས་སྡོད་ཀྱི་ཁུལ་དང་གྲོང་ཁྱེར། ཞིང་ཆེན་རིམ་པ་བར་གྱི་དཔོན་རིགས་ནང་བོད་རིགས་ག་ཚོད་ཡོད་མེད་དང་། རྒྱ་རིགས་ཀྱི་གཙོས་པའི་མི་རིགས་གཞན་ག་ཚོད་ཡོད་མེད། དེ་བཞིན། ཁོང་ཚོའི་ལོ་རྒྱུས་མདོར་བསྡུས་བཅས་བཀོད་ཡོད་སྐོར་སོགས་ངོ་སྤྲོད་གནང་སོང་།

དེབ་ཀྱི་གླེང་གཞིའི་ནང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ཀྱི་གླེང་བརྗོད་ནང་མི་རིགས་ས་ཁོངས་རང་སྐྱོང་ཞེས་པ་ནི། རྒྱལ་ཁབ་ཀྱི་གཅིག་གྱུར་མགོ་ཁྲིད་འོག གྲངས་ཉུང་མི་རིགས་ཁག་འདུས་སྡོད་བྱེད་སར་ས་ཁོངས་རང་སྐྱོང་དངོས་སུ་བྱས་ནས་རང་སྐྱོང་ལས་ཁུངས་བཙུགས་ཏེ་རང་སྐྱོང་བྱེད་དབང་ལོངས་སུ་སྤྱོད་རྒྱུ་དེ་ཡིན། མི་རིཊ་ས་ཁོངས་རང་སྐྱོང་དངོས་སུ་བྱས་པ་དེའི་ཐོག་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིཊ་ཁག་གི་མི་རིཊ་སོ་སོའི་ནང་ཁུལ་གྱི་ལས་དོན་བདག་སྐྱོང་བྱེད་དབང་ལོངས་སུ་སྤྱོད་པར་བརྩི་འཇོག་དང་འགན་སྲུང་ལེགས་པར་བྱེད་པའི་དགོངས་དོན་མཚོན་ལུགས་གསལ་ཡོད་ཀྱང་། རྒྱ་དམར་གཞུང་ནི་དབང་ཆ་གཅིག་སྡུད་དང་སྲིད་དབང་སྒེར་འཛིན་པ་ཡིན་སྟབས། ས་ཁོངས་རང་སྐྱོང་གི་དབང་ཆ་རྒྱ་ནག་དམར་ཤོག་ཚོགས་པའི་མགོ་ཁྲིད་དང་མང་ཆེ་བ་རྒྱ་རིགས་ཀྱིས་དབང་འཛིན་བྱས་ཏེ་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་དང་གྲོང་ཁྱེར་ ༧ དང་།

མཚོ་སྔོན་ཞིང་ཆེན་ཟེར་བའི་རང་སྐྱོང་ཁུལ་ ༦། དཀར་མཛེས་དང་རྔ་བ། ཀན་ལྷོ། ཡུན་ནན་བདེ་ཆེན་བཅས་རང་སྐྱོང་ཁུལ་ ༤ བཅས་ཀྱི་དམར་ཤོག་དྲུང་ཆེ་ ༡༧ ཁྲོད། བོད་རིགས་ ༧ དང་། རྒྱ་རིགས་ ༡༠ ཡོད་པ་དང་།  བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་རྒྱུན་ལས་ ༡༥ ནང་བོད་རིགས་ ༦ དང་། རྒྱ་རིགས་ ༩ ། དེ་བཞིན་གོང་གསལ་ས་ཁུལ་ཁག་ ༡༧ གྱི་དམར་ཤོག་རྒྱུན་ལས་ ༣༣༩ ཡོད་པའི་ནང་། བོད་རིགས་ ༧༨ དང་རྒྱ་རིགས་ ༡༡༠ ། ཁ་ཆེ་ ༧ ། དབྱིས་རིགས་ ༡། ཐུའུ་ཅ་རིགས་ ༡། ཧོར་རིགས་ ༨ ། སོག་རིགས་ ༡། ཟ་ལར་རིགས་ ༡། ཆང་རིགས་ ༡། ལི་སུའུ་རིགས་ ༡ བཅས་དང་། མཚོ་སྔོན་ཞིང་ཆེན་ཟེར་བའི་དམར་ཤོག་དྲུང་ཆེ་རྒྱ་རིགས་དང་། དམར་ཤོག་རྒྱུན་ལས་ ༡༣ ནང་བོད་རིགས་ ༣ ལས་མེད་པ་དང་། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་ས་ཁུལ་གྱི་དམར་ཤོག་དྲུང་ཆེ་རྒྱ་རིགས་ཡིན་པ་དང་། དེ་དག་གི་དམར་ཤོག་རྒྱུན་ལས་ནང་བོད་རིགས་གཅིག་ཀྱང་མེད་ཚུལ་བཀོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན།

ཆུ་ཚོད་ ༡༢ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༡༡
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་།

ཆུ་ཚོད་ ༡༢ སྔོན་ལ།
བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་སྐབས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོ་དེབ་ནས་བླངས།
Mobile App

ཨ་རིར་ཉིན་གྲངས་གཉིས་རིང་བོད་དོན་ཞུ་གཏུག་བྱས། 

ཆུ་ཚོད་ ༡༣ སྔོན་ལ།
Advertisement for App

རྩོམ་སྒྲིག་པའི་ས་མིག་གསལ་བསྒྲགས།

༢༠༢༦/༠༦/༡༠
Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

༢༠༢༦/༠༦/༡༠
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩

མཆན། 1

  1. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    རྒྱ་མིའི་གང་བྱས་ཀྱང་ང་ཚོས་ཀྱང་རང་སྲུང་རྒོལ་ལེན་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese