མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་སྐྱོད་གོམ་བགྲོད་པ་གླིང་ཚ་བོར་སོང་། ཞི་བའི་འཐབ་རྩོད་ཀྱི་དཔེ་དེབ་བརླཊ་སོང་།

བོད་ཀྱི་དུས་བབ།
༢༠༡༤/༠༤/༡༨
Share on FacebookShare on TwitterShare on EmailShare on Whatsapp

གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ཁོ་རང་གི་ཞི་བའི་འཐབ་རྩོད་སྐོར་གྱི་དཔེ་དེབ་མ་ཡིག་ཅིག་སྲིད་སྐྱོང་མཆོག་ལ་ཕུལ་ཏེ་དཔར་སྐྲུན་ཡོང་བའི་རེ་སྐུལ་ཞུས་ཡོད་ཀྱང་། བར་ལམ་སྲིད་སྐྱོང་མཆོག་གིས་དེབ་ཀྱི་མ་ཟིན་བོར་བརླག་ཕྱིན་པའི་གནས་ཚུལ་བྱུང་ཡོད་ཀྱང་། རྗེས་སུ་བཀའ་དྲུང་མཆོག་གིས་གསལ་བཤད་གནང་བ་ལྟར་ན་དེབ་ཀྱི་མ་ཟིན་སླར་རྙེད་སོན་བྱུང་ཡོད་ཀྱང་ཡིག་ཆ་ཁ་འབྱེད་ཐུབ་ཀྱི་མི་འདུག་ཟེར།

བོད་སྐྱོད་ཞི་བའི་གོམ་བགྲོད་པའམ། ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ ༢༠༡༣ ཟླ་ ༣ ཚེས་ ༡༠ ཉིན་བཞུགས་སྒར་ངྷ་རམ་ས་ལ་ནས་ཐེངས་གཉིས་པའི་བོད་སྐྱོད་གོམ་བགྲོད་གནང་སྟེ་ལོ་གཅིག་འཁོར་བ་དང་། ལྷག་པར་དུ་སྔར་ལོའི་ཕྱི་ཟླ་ ༦ ཚེས་ ༨ ཉིན་གྱི་ཞོགས་པར་ཀ་ལོན་སྦུག་སྲད་རྒྱུད་དགོན་པ་ནས་ཁོང་བོར་བརླག་སོང་སྟེ་ཡུན་རིང་ཕྱིན་པ་དང་བསྟུན་ཏེ། སྤྱི་ཚོགས་དྲ་འབྲེལ་སྐད་འཕྲིན་དང་ངོ་དེབ་སོགས་སུ་ཁོང་གི་སྐོར་ལ་གླེང་སློང་མང་པོ་འགྲོ་བཞིན་ཡོད་པ་དང་། ཉེ་ལམ་ངྷ་སར་གནས་སྡོད་ལྷ་ཆབ་སྦྱིན་པ་ལགས་ཀྱིས། གླིང་ཚའི་གོམ་བགྲོད་ཐེངས་གཉིས་པའི་སྔོན་ཙམ་ལ་ཁོང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དྲུང་དུ་བཅར་ཏེ། ཁོང་རང་ཉིད་ཀྱིས་བརྩམས་པའི་༼ཞི་བའི་འཐབ་རྩོད།༽ཅེས་པའི་དཔེ་དེབ་ཀྱི་མ་ཟིན་བཅུག་ཡོད་པའི་མཐེབ་སྡེར་ (Pen Drive)ཞིག་སྲིད་སྐྱོང་མཆོག་ལ་ཕུལ་ཏེ། དཔེ་དེབ་དེ་བཀའ་ཤག་གི་ངོས་ནས་དཔར་སྐྲུན་ཞུ་རྒྱུར་རེ་སྐུལ་ཞུས་དོན་ལྟར་བཀའ་ཤག་གིས་ཞལ་བཞེས་གནང་ཡོད་ཀྱང་། ཕྱིས་སུ་གྲགས་འགུལ་གང་ཡང་མ་བྱུང་སྟབས་གླིང་ཚའི་ཨ་མ་ལྡོམ་པོ་སྐྱིད་ལགས་ཀྱིས་བོད་མི་མང་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ལ་རེ་སྐུལ་ཞུས་པ་དང་། དེ་སྔོན་གླིང་ཚས་ཀྱང་རྨོག་རུ་བསྟན་པ་ལགས་སུ་ཡི་གེ་ཞིག་བཞག་ཡོད་པ་བཅས་ལ་བརྟེན་ཏེ། རྨོག་རུ་བསྟན་པ་ལགས་བཀའ་ཤག་ཏུ་བཅར་ཏེ་གླིང་ཚའི་དཔེ་དེབ་སྐོར་བཀའ་འདྲི་ཞུ་སྐབས། སྲིད་སྐྱོང་མཆོག་གི་སྒེར་དྲུང་གི་ངོས་ནས་དེབ་ཀྱི་མ་ཟིན་དེ་རག་གི་མི་འདུག་བོར་བརླགས་སུ་ཕྱིན་འདུག་ཅེས་ལན་སྤྲད་ཡོད་སྐོར་བརྗོད་འདུག

ཟླ་འདིའི་ཚེས་ ༡༤ ཉིན་གསར་འགོད་པ་ལྷ་ཆབ་སྦྱིན་པ་ལགས་སུ་དེའི་སྐོར་བཅར་འདྲི་ཞུས་པར་ཁོང་གིས། གནས་ཚུལ་དེ་དངོས་ཡོད་རེད། གླིང་ཚས་གོམ་བགྲོད་ཐེངས་གཉིས་པ་མགོ་འཛུགས་མ་བྱས་པའི་སྔོན་ལ། ཁོང་སྲིད་སྐྱོང་མཆོག་གི་མདུན་ལ་བཅར་ཏེ་དེབ་དེའི་མ་ཟིན་ཕུལ་འདུག དེབ་དེའི་ནང་དོན་གཙོ་བོ་ཁོ་རང་གི་ཞི་བའི་འཐབ་རྩོད་སྐོར་ཡིན་ས་རེད། ཁ་བྱང་ལ་༼ཞི་བའི་འཐབ་རྩོད།༽ཞེས་བཏགས་འདུག ཁོང་གིས་དེབ་དེ་གལ་ཆེན་དོན་ཆེན་དུ་བརྩིས་ཏེ་སྲིད་སྐྱོང་མཆོག་ལ་ཞུ་སྐབས། སྲིད་སྐྱོང་མཆོག་གིས་དེབ་དེ་འདྲ་ཞིག་བྲིས་ཡོད་ན་ཡག་པོ་འདུག གཞུང་གིས་ངོས་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཉིན་མོའི་བར་དཔར་འགྲེམ་བྱ་རྒྱུ་ཡིན་ཟེར་ནས་ཞལ་བཞེས་གནང་ཡོད་ས་རེད། ཅེས་བརྗོད་སོང་།

ལྷ་ཆབ་ལགས་ཀྱིས་མུ་མཐུད་དུ་བརྗོད་དོན། གླིང་ཚས་དེབ་དེའི་སྐོར་ཁོ་རང་གི་ཨ་ཕར། ང་ལ་མཚོན་ན་དེབ་དེ་གལ་ཆེན་པོ་ཡིན། གལ་སྲིད་གཞུང་གིས་དཔར་སྐྲུན་ཞུ་མ་ཐུབ་པ་ཡིན་ན། པ་ལགས་ཀྱིས་དེབ་ཀྱི་མ་ཟིན་ཕྱིར་བླངས་ཏེ་བོར་བརླག་ཏུ་མ་སོང་བ་གནང་རོགས་ཞེས་ལབ་འདུག པ་ལགས་ན་ནིང་བོད་དུ་འགྲོ་སྐབས་ཨ་མ་ལྡོམ་པོ་སྐྱིད་ལ་མངགས་བཅོལ་བྱས་འདུག ཞི་བདེའི་གཟེངས་རྟགས་སྐབས་དེབ་དེའི་སྐོར་གྲགས་འགུལ་མ་བྱུང་སྟབས། ཨ་མ་ལྡོམ་པོ་སྐྱིད་སྲིད་སྐྱོང་མཆོག་གི་མདུན་ལ་བཅར་ཏེ་བཀའ་འདྲི་ཞུས་སྐབས། ཉིན་གཅིག་གཉིས་རྗེས་ལན་སྤྲད་ཆོག་ཅེས་གསུངས་འདུག རྗེས་སུ་ཨ་མ་ལྡོམ་པོ་སྐྱིད་ལགས་ཀྱིས་སླར་ཡང་སྤྱི་འཐུས་རྨོག་རུ་བསྟན་པ་བཀའ་ཤག་ཏུ་བཏང་སྟེ་སྐད་ཆ་འདྲི་བཅུག་སྐབས་དེབ་ཀྱི་མ་ཟིན་བརླག་འདུག་ཅེས་བཀའ་ལན་གནང་འདུག ཅེས་བརྗོད་སོང་།

གསར་འགོད་པས་ལྷ་ཆབ་ཁོ་རང་དེབ་དེ་དང་འབྲེལ་བ་ཇི་ལྟར་ཆགས་མིན་སྐོར་དྲིས་པར་ཁོང་གིས། གླིང་ཚ་ངེད་གཉིས་གྲོགས་པོ་རྒྱུས་ཡོད་ཡིན། འོན་ཀྱང་། ངས་སྔོན་མ་དེབ་དེའི་སྐོར་ཤེས་ཀྱི་མེད། ཉེ་ལམ་ཨ་མ་ལྡོམ་པོ་སྐྱིད་ལགས་ཀྱིས་དེའི་སྐོར་ང་ལ་བཤད་དེ། དེབ་དེའི་མ་ཟིན་བརླག་མི་ཉན་པའི་གནས་ཚུལ་བཤད་བྱུང་། དེ་ནས་ངས་རྨོག་རུ་བསྟན་པ་ལགས་ཡང་བསྐྱར་བཀའ་ཤག་ཏུ་སོང་ནས་རྩད་གཅོད་ཅིག་གནང་རོགས་ཞུས་པ་ཡིན། ཞེས་བརྗོད་བྱུང་།

གསར་འགོད་པ་ཨ་མ་ལྡོམ་པོ་སྐྱིད་ལགས་སུ་ཐུག་འཕྲད་བྱས་ཏེ་བཅར་འདྲི་ཞུས་པར་ཁོང་མོས། ཚེ་བརྟན་རྡོ་རྗེས་དེབ་དེར་རྩ་ཆེན་པོ་བྱེད་ཀྱི་འདུག གལ་སྲིད་བཀའ་ཤག་གིས་དེབ་དེ་དཔར་སྐྲུན་མ་གནང་བ་ཡིན་ན། ཁྱེད་ཕ་མ་གཉིས་ཀྱིས་མི་གཞན་ཞིག་ལ་རེ་བ་ཞུས་ཏེ་དེབ་དེ་ངེས་པར་དུ་དཔར་སྐྲུན་བྱེད་ཐབས་གནང་དགོས་ལབ་སོང་། ཞི་བདེ་གཟེངས་རྟགས་སྐབས་གྲགས་འགུལ་མ་བྱུང་སྟབས། ང་སྲིད་སྐྱོང་མཆོག་ལ་མཇལ་དུ་འགྲོ་སྐབས་རྒད་པོ་ཞིག་གིས་ངའི་བརྒྱབ་ནས་འཇུས་ཏེ་འདི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་བཞུགས་གནས་རེད་ཟེར་ནས་ང་ཁོང་ལ་དངོས་སུ་མཇལ་བཅུག་མ་སོང་། དེའི་རྗེས་ཨ་ཁུ་རྨོག་རུ་བསྟན་པ་ལགས་ལ་རེ་སྐུལ་ཞུས་པ་ཡིན། ཞེས་བརྗོད་བྱུང་།

གསར་འགོད་པས་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་སུ་བཅར་འདྲི་ཞུས་པར། སྔར་ལོའི་ཕྱི་ཟླ་ ༡༠ པའི་ནང་གླིང་ཚའི་པ་ལགས་བོད་ནང་མ་སོང་སྔོན་ཏག་ཏག་ལ་ཁོང་གིས་ང་ལ་ཡི་གེ་ཞིག་བཞག་འདུག ཡི་གེ་ནང་ངའི་ཞི་བའི་འཐབ་རྩོད་ཟེར་བའི་དེབ་ཅིག་སྲིད་སྐྱོང་མཆོག་ལ་ཕུལ་ཏེ། ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་ཏེ་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཉིན་མོ་དང་བསྟུན་ཏེ་དཔར་འགྲེམས་ཡོང་བའི་སྐྱབས་འཇུག་ཞུས་ཡོད། གལ་སྲིད། ཁོང་ཚོས་དཔར་སྐྲུན་བྱེད་མ་ཐུབ་པ་ཡིན་ན། ཁྱོད་ཀྱིས་ཐབས་ཤེས་གཞན་ཞིག་གནང་སྟེ་ ༢༠༡༤ ཟླ་ ༣ ཚེས་ ༡༠ ཉིན་བར་དཔར་ཐུབ་གནང་རོགས་ཞེས་འཁོད་འདུག དེ་ནས་ང་བཀའ་ཤག་ཏུ་བཅར་ཏེ་སྲིད་སྐྱོང་མཆོག་གི་སྒེར་དྲུང་འཇིགས་མེད་ལགས་སུ་བཀའ་འདྲི་ཞུས་པ་ཡིན། འཇིགས་མེད་ལགས་ཀྱིས་ང་ཚོས་དེབ་ག་འདྲ་ཞིག་སྲིད་སྐྱོང་མཆོག་ལ་ཕུལ་ཡོད་མེད་ཧ་གོ་ཡི་མེད་ལ། དེབ་དེའི་མ་ཟིན་ཡང་རག་མ་སོང་གསུངས་སོང་། དེ་ནས་ངས་གླིང་ཚས་ང་ལ་བཞག་པའི་ཡི་གེ་དེ་ཕུལ་ནས་དེབ་ཀྱི་མ་ཟིན་རག་ཐབས་གནང་རོགས་ཞེས་ཞུས་པ་ཡིན། ཉིན་གཉིས་གསུམ་རྗེས་ང་རང་ཡང་བསྐྱར་བཀའ་ཤག་ཏུ་བཅར་ཏེ་འདྲི་སྐབས་དེབ་དེ་རྩ་བ་ནས་རག་གི་མི་འདུག་གསུངས་སོང་། དེ་ནས་ཐེངས་གསུམ་པར་བཅར་སྐབས་སྔར་བཞིན་རག་ཐབས་མེད་སྐོར་གསུངས་སོང་། ཞེས་བརྗོད་བྱུང་།

ཚེས་ ༡༥ ཉིན་གསར་འགོད་པ་བཀའ་ཤག་ཏུ་བཅར་ཏེ་སྲིད་སྐྱོང་མཆོག་གི་སྒེར་དྲུང་འཇིགས་མེད་ལགས་སུ་གནས་ཚུལ་དེའི་སྐོར་ཞུ་སྐབས། ད་ལྟ་བཀའ་ཤག་ཚོགས་འདུ་འཚོགས་ཡོད་པས་སང་ཉིན་ལན་སྤྲད་ཆོག་ཟེར། ཚེས་ ༡༦ ཉིན་གྱི་སྔ་དྲོར་ཡང་བསྐྱར་འབྲེལ་བ་ཞུ་སྐབས་བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་དེའི་སྐོར་ལ་གསལ་བཤད་གནང་དོན། “ དེ་བཀའ་ཤག་མ་རེད། གནད་དོན་དེའི་ཐོག་ཁོ་རང་སྐུ་ངོ་སྲིད་སྐྱོང་མཆོག་ལ་མཇལ་བ་དང་། མཇལ་དུས་ཕུལ་བ་དེ་ད་ལྟ་ག་རེ་ཆགས་ཡོད་ཟེར་ན། ཁོ་རང་སྐུ་ངོར་ཏན་ཏན་མཇལ་བ་རེད། མཇལ་བའི་སྐབས་ཞུ་དོན་གཙོ་བོ་གཅིག་ཁོ་རང་གི་ལོ་རྒྱུས་ཤིག་དཔར་རྒྱག་པའི་འཆར་གཞི་ཡོད་པ་དེ། གལ་སྲིད་བཀའ་ཤག་དང་གཞུང་གི་ངོས་ནས་དཔར་རྒྱག་ཐུབ་ན་ཡག་པོ་འདུག་ཟེར་ནས་སྙན་སེང་ཞུས་འདུག དེ་ལ་ཕྱིར་ལན་བརྒྱབ་པ་དེ་སྒེར་གྱི་ལོ་རྒྱུས་དཔར་རྒྱག་རྒྱུ་དེ་བར་ལམ་གཞུང་འབྲེལ་གྱིས་གནང་གི་མེད་པ་བཀའ་ལན་གསལ་བོ་གནང་འདུག མ་ཡིག་མཐེབ་སྡེར་ (Pen Drive)ཡིན་ན་འདྲ། ཤོག་བུའི་སྟེང་ཡོད་ནའང་འདྲ། དཔར་རྒྱག་ཐུབ་གི་མ་རེད་གསུང་བཞིན་དུ་མ་ཡིག་ཅིག་འབུལ་རྒྱུ་ཁག་པོ་འདྲ་ཞིག་རེད་དེ། མཐེབ་སྡེར་ཞིག་སྐུ་ངོ་ལ་ཕུལ་བ་དང་བཞེས་པ་དྲན་གནང་གི་ཡོད་སྟབས། དེ་ནས་ང་ཚོས་སྒེར་དྲུང་དང་བཀའ་དྲུང་ལས་ཁུངས་ནང་ཚང་མར་བཙལ་ཡང་། དེ་འདྲ་ཞིག་ཁྱོན་ནས་རྙེད་མ་སོང་། ཡིན་ནའང་ང་ཚོའི་ལས་ཁུངས་ནས་སྣང་མེད་དུ་ཕྱི་ལ་གྱར་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། ད་དུང་མུ་མཐུད་དུ་བཙལ་ཆོག་གི་རེད། གང་ལྟར་ངོ་བཤུས་ཤིག་ཕུལ་བར་ངོས་འཛིན་བྱེད་ཀྱི་ཡོད། གང་ཡིན་ཟེར་ན་ང་ཚོས་དཔར་རྒྱག་གི་མིན་ལབ་དུས་མ་ཡིག་ངོ་མ་ཞིག་ཕུལ་ཤེས་གི་མ་རེད” ཅེས་གསུངས་སོང་།

ཉིན་དེའི་ཉིན་རྒྱབ་སླར་ཡང་བཀའ་ཤག་ནས་ཞལ་པར་འབྱོར་བ་བཞིན་གསར་འགོད་པ་བཅར་སྐབས། བཀའ་དྲུང་མཆོག་གིས་གླིང་ཚའི་དེབ་དང་འབྲེལ་བའི་མཐེབ་སྡེར་དེ་རྙེད་སོང་། ཡིན་ནའང་འདྲ་འབུ་སོགས་ཀྱི་དབང་གིས་ད་ལྟ་ཁ་འབྱེད་ཐུབ་ཀྱི་མི་འདུག་མོད། ང་ཚོས་བསྐྱར་གསོ་ (Restore)བྱས་ཏེ་ཁ་འབྱེད་ཐབས་བྱེད་ཀྱིན་ཡོད། ཅེས་གསུངས་སོང་།

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་པར། ༢༠༢༥།༦།༣༠
Mobile App

༧གོང་ས་རྒྱལ་བ་རིན་པོ་མཆོག་ལ་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་དེ་དབུལ་དགོས་པའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༢ སྔོན་ལ།
རྒྱ་གར་ཡུལ་མི་རྣམས་ཀྱིས་བོད་རིགས་བྱིས་པའི་བྲིས་པའི་རི་མོར་གཟིགས་ཞིབ་གནང་བཞིན་པ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༥།༧།༧
Mobile App

བརྩེ་བའི་སྐུ་མདུན་ཞེས་པའི་རི་མོའི་འགྲེམས་སྟོན་བྱེད་བཞིན་འདུག 

ཆུ་ཚོད་ ༡༣ སྔོན་ལ།
བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཝང་ཡུང་།
གསར་འགྱུར།

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཞིག་ལ་སྲོག་ཁྲིམས་གཅད་རྒྱུ་ཡིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
Ren Quanniu said the Henan Provincial Justice Department revoked his licence over comments he made in court in a 2018 case [File: Leo Ramirez/ AFP]
Mobile App

རྒྱ་ནག་ནང་གི་ཁྲིམས་ཀྱི་ཁོར་ཡུག་རིག་གནས་གསར་བརྗེའི་དུས་སྐབས་དང་འདྲ་བོ་ཆགས་ཡོད་སྐོར་བརྗོད།

༢༠༢༥/༠༧/༠༨
Foreign Ministry Spokesperson Mao Ning 
Mobile App

རྒྱ་ནག་གི་མགྲིན་ཚབ་པས་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ལ་སྐྱོན་བརྗོད་བྱས།

༢༠༢༥/༠༧/༠༨
A group of foreign tourists takes in the Palace Museum in Beijing, on April 7, 2024. (PROVIDED TO CHINA DAILY)
Mobile App

རྒྱ་ནག་གིས་རྒྱལ་ཁབ་ ༧༠ ལྷག་ལ་ཐོངས་མཆན་རིན་མེད་སྤྲོད་ཀྱི་ཡོད་ཀྱང་བོད་མི་ཁག་ཅིག་གནམ་ཐང་ནས་ཕྱིར་ལོག་བཏང་འདུག

༢༠༢༥/༠༧/༠༨

མཆན། 20

  1. ཨ says:
    ལོ་ 11 སྔོན།

    ་ང་མ་གགས་ས་བབ་ཚང་་གསར་འར་འ་ངས་མ་མང་། མ་ན། ད་ང་ཚབ་་་ས་གསར་འད་པར་ལན་བཏབ་པ་ནང་ན། འ་བན་པ་ད་བསམ་ད་གཙང་མ་ག་ངས་་འག་ར་ན་ན། ག་པར་་<་་ས་ག་པར་ན་་བ་ར་བ་ད་>ས་པ་་་བན་དཔང་གག་ང་ད་པ་ད་ཆ་འ་འ། ་ས་འ་བ་ག་ན་ན་མ་གགས་ས་ང་ཁ་ནས་འད་་ག་མ་རེད། གང་ལྟར། ཐུབ་ཚོད་རང་རེད་་་་་་

    Reply
  2. འབྲུག་གྲགས་རྒྱལ་པོ། says:
    ལོ་ 11 སྔོན།

    རྣམ་པ་ཚོ། འདི་ལ་དེ་འདྲའི་འགྲེལ་བརྗོད་དགོས་པ་མ་མཐོང་། གླིང་ཚའི་དེབ་ཀྱི་ངོ་བཤུས་ཤིག་སྲིད་སྐྱོང་ལ་པར་འདེབ་ཆེད་ཕུལ་ཡོད་པའི་མ་ཟིན་མེད་པ་མི་སྲིད། དོན་མེད་ལབ་གླིང་མ་མང་རོགས།

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 11 སྔོན།

    དོགས་པ་ཟ་བྱུང། འཚིག་པ་ཟ་སོང། སེམས་པ་ཕམ་སོང། སྙིང་རྗེ་སྐྱེས་བྱུང། ཨ་ཁ་ཁ་་་་

    Reply
  4. གནས་ཚང་། says:
    ལོ་ 11 སྔོན།

    བློ་སེང་སོགས་ཀྱིས་བོད་ཕར་ཞོག བོད་མི་གཅིག་གི་རེ་བཅོལ་ལའང་བདག་པོ་རྒྱག་མི་ཐུབ་པའི་ཆ་ནས་གོང་ས་མཆོག་གིས་བོད་མིའི་འཐུས་ཚབ་ཐུབ་ཀྱི་མ་རེད་གསུངས་པ་རྒྱུ་མཚན་དང་ལྡན་པ་ཆགས་འདུག

    Reply
  5. ཡར་ཀླུང་པ། says:
    ལོ་ 11 སྔོན།

    གླིང་ཚའི་ཨ་མ་སྡོམ་པོ་སྐྱིད་ཀྱི་མིག་ཆུ་དྲོན་མོས་མ་ཁུག་ཅིང་།།
    མི་མང་འཐུས་མི་རྨོག་རུ་བསྟན་པའི་གསུང་གི་རྩལ་གྱིས་མ་རེག་པའི།།
    གླིང་ཚའི་ཞི་བའི་འཐབ་རྩོད་སྐོར་གྱི་གཞུང་ལུགས་ཟབ་མོའི་གླེགས་བམ་དེ།།
    མ་མཐོང་མ་ཤེས་ཁུལ་དུ་གཡུག་པའི་སེང་གེའི་གད་སྣོད་གཏིང་ནག་ལས།།
    དུས་བབ་ཚང་གི་དྲི་བ་གཅིག་གིས་བཀའ་ཤག་སྔོག་ནས་ཕྱི་ལ་བཏོན།།

    Reply
  6. Lobsangnyima says:
    ལོ་ 11 སྔོན།

    ད་ལོའི་ལོ་གསར་ཡས་མས་ཤིག་ལ་ངས་གནས་ཚུལ་འདི་སྐད་འཕྲིན་ནང་ནས་གོ་སོང་། ཚོགས་མི་བརྒྱ་ཡོད་པའི་སྐད་འཕྲིན་གྱི་ཚོགས་པ་ཞིག་ནང་དུ་གླང་ཚའི་སྐོར་བགྲོ་གླེང་གནང་གི་འདུག སྐབས་དེར་ཚོགས་མི་ཞིག་གིས་གླིང་ཚའི་དཔེ་དེབ་ཀྱི་མ་ཡིག་ཅིག་སྲིད་སྐྱོང་ལ་ཕུལ་ཏེ་རྗེས་སུ་བོར་བརླག་ཕྱིན་པ་ཞིག་ལབ་སོང་། སྤྱིར་གཏང་གླིང་ཚའི་སྐོར་མང་པོ་གླེང་སོང་ཡང་གནས་ཚུལ་གཙོ་བོ་དེ་དེང་སྐབས་གླིང་ཚའི་ཨ་མ་སྡོམ་པོ་སྐྱིད་ལགས་སུ་འཚོ་བའི་དཀའ་ངལ་འཕྲད་ཀྱི་ཡོད་པའི་སྐོར་ལ་བགྲོ་གླེང་གནང་སོང་། འདི་དང་མཉམ་དུ་གཏོང་ཕོད་ཅན་དག་ལ་ཞལ་འདེབས་ཤིག་ཀྱང་བསྡུས་སོང་། ང་རང་གི་རེ་བར་བོད་གཞུང་བཀའ་ཤག་དང་ནང་སྲིད་ལས་ཁུངས་གང་རུང་ཞིག་གིས་གླིང་ཚའི་ནང་མི་ཚོར་བདག་པོ་རྒྱག་རྒྱུ་གལ་ཆེན་རེད་བསམ་གྱི་འདུག

    Reply
  7. ཚེ་རིང་རྡོ་རྗེ། says:
    ལོ་ 11 སྔོན།

    གླིང་ཚ་ལགས་ཀྱིས་དཔེ་དེབ་དེའི་མ་ཟིན་འདྲ་བཤུས་ཤིག་མཐེབ་རྡེལ་དུ་བཅུག་ནས་བློ་འཁེལ་བའི་གཉེན་ཉེའམ་གྲོགས་པོ་ཞིག་ལ་བཅོལ་ཡོད་དམ།

    Reply
  8. ཤག་སྒང་པ། says:
    ལོ་ 11 སྔོན།

    བདེན་པ་དཀྱིལ་ལ་བཞག་ནས་གཟུ་གཏམ་སྨྲ་དགོས་པ་ལས། སྒྲིག་འཛུགས་ལ་སྐྱོན་འཛུགས་རྐྱང་རྐྱང་བྱས་ནས། ཆིག་སྒྲིལ་གྱི་ནུས་པར་ཉམས་དམས་བཏང་བ་ནི། སྒེར་ལ་ནག་ཉེས་དང་། སྤྱི་ལ་གྱོང་གུད་ཡིན།

    བཀའ་ཤག་གི་སྲིད་བྱུས་ཇི་སྲིད་དུ་མ་འགྱུར་བ་་དེ་སྲིད་དུ། དཔེ་དེབ་དེ་ལ་བརྒྱུད་ལམ་འདྲ་མིན་ནས་འགྲོ་སྒྲོན་འཐོབ་ངེས་རེད།

    དྲྭ་འབུ་འདུག་གསུངས་དུས་ཡོད་པའི་དོན་ལས་བོར་བའི་དོན་མ་རེད་པཱ།

    གལ་སྲིད་བོར་ཀྱང་ཁོང་ལ་འདྲ་བཤུས་གཅིག་ལས་མེད་པ་དེ་འདྲ་མི་སྲིད་པས། དོན་མེད་རང་ཕྱོགས་བཟུང་ནས་སྙོན་འཛུགས་མ་བྱོས་ཤིག

    གཙོག་ཀྱང་རང་གི་ཕ་ཕོར་རེད།

    Reply
  9. ཚེ་རིང་བུ། says:
    ལོ་ 11 སྔོན།

    དུས་བབ་ཚང་ལ་ཐུགས་རྗེ་ཆེ་ཞུ། སྲིད་སྐྱོང་དང་བཀའ་ཤག་ལ་ཚ་འདེད་ཅིག་བཏང་མེད་པ་ཡིན་ན་རྩ་ཆེའི་དཔེ་དེབ་དེ་གད་སྙིགས་ནང་ལ་གཡུགས་ཚར་རེད།

    Reply
  10. ཀརྨ་རིན་ཆེན། says:
    ལོ་ 11 སྔོན།

    བཀའ་དྲུང་དང་སྒེར་དྲུང་གཉིས་ལ་དོགས་འདྲི་ཞིག་ཡོད།
    སྒེར་དྲུང་འཇིགས་མེད་ཟེར་བ་དེས “ང་ཚོས་དེབ་ག་འདྲ་ཞིག་སྲིད་སྐྱོང་མཆོག་ལ་ཕུལ་ཡོད་མེད་ཧ་གོ་ཡི་མེད་ལ། དེབ་དེའི་མ་ཟིན་ཡང་རག་མ་སོང་།” ཞེས་ལབ་པ་དེ་ག་རེ་ཡིན་ནམ། ཁྱོད་རང་སྲིད་སྐྱོང་མཆོག་གི་སྒེར་དྲུང་ཡིན་ན་སྲིད་སྐྱོང་མཆོག་གི་གཞུང་འབྲེལ་ལས་དོན་རིགས་ཁྱོད་རང་ལ་འགན་ཡོད་པ་མ་རེད་དམ།
    དེ་ནས་བཀའ་དྲུང་ཀརྨ་དགེ་ལེགས་ཀྱིས “དེ་བཀའ་ཤག་མ་རེད། གནད་དོན་དེའི་ཐོག་ཁོ་རང་སྐུ་ངོ་སྲིད་སྐྱོང་མཆོག་ལ་མཇལ་བ་དང་། མཇལ་དུས་ཕུལ་བ་དེ་ད་ལྟ་ག་རེ་ཆགས་ཡོད་ཟེར་ན། ཁོ་རང་སྐུ་ངོར་ཏན་ཏན་མཇལ་བ་རེད། ” ཟེར་བ་འདི་ག་རེ་རེད། བཀའ་ཤག་གིས་ནོར་འཁྲུལ་ཤོར་བ་དང་སྲིད་སྐྱོང་མཆོག་གིས་མ་འཇོན་པ་ཞིག་བྱུང་དེར་གཡོལ་ཐབས་བྱེད་ཀྱི་ཡོད་པ་རེད་དམ། མི་ཞིག་གནས་ཚུལ་ཞིག་གི་ཆེད་དུ་བཀའ་ཤག་ལ་བཅར་ཏེ་སྲིད་སྐྱོང་མཆོག་གི་ལས་ཁུངས་ནས་གནས་ཚུལ་གང་བྱུང་བའི་རིགས་ལ་བཀའ་ཤག་ལ་འགན་ཡོད་པ་མ་རེད་དམ།
    འདི་གསུང་སྟངས་གནང་སྟངས་ཡག་པོ་མ་རེད། མ་འཁྱོང་བ་ཞིག་བྱུང་ཡོང་སྐབས་དེ་ལ་གཡོལ་ཐབས་དང་ཕན་ཚུན་གྱི་མགོ་ལ་གཡུག་ཐབས་བྱེད་པ་འདི་ཡག་པོ་མ་རེད། འདིའི་བར་དུ་མགོ་བདེ་བོ་འཁྲབ་ས་ཡོད་པ་མ་རེད། མགོ་བྱེད་ཚོས་ཐུགས་འདང་ཡག་པོ་གནང་རོགས།

    Reply
  11. ཆོས་འཕེལ། says:
    ལོ་ 11 སྔོན།

    དངོས་གནས་ཐབས་སྐྱོ་བོ་རེད། གླིང་ཚའི་བུ་རྒོད་དེས་བོད་མི་རིགས་ཀྱི་ཆེད་དུ་འདས་པའི་ལོ་གཉིས་རང་དཀའ་ལས་བརྒྱབ་སྟེ་ད་ལྟ་གར་ཡོད་འདིར་ཡོད་མི་ཤེས་པ་ཆགས་ཚར་རེད། གོ་ཐོས་ལྟར་ན་ད་ལྟ་ཤུལ་དུ་ཁོང་གི་ཨ་མ་ལགས་དང་པ་ལགས་གཉིས་ལ་འཚོ་བའི་དཀའ་ངལ་འཕྲད་ཀྱི་ཡོད་པ་ཞིག་གོ་སོང་། པ་ལགས་ཕ་ཡུལ་བོད་ནང་ཕེབས་ཚར་ཡོད་པ་དང་། ཨ་མ་ལགས་དང་སྲིང་མོ་ལྷ་མོ་མཚོ་རྣམ་གཉིས་རྡ་རམ་ས་ལར་ལྷག་ཡོད་པ་རེད། སྲིང་མོ་སློབ་གྲྭའི་འགྲོ་བའི་མཐུན་རྐྱེན་ཐད་ལའང་དཀའ་ངལ་འཕྲད་ཀྱི་ཡོད་པ་ཞིག་གོ་སོང་། འདི་ལ་བོད་གཞུང་གིས་མ་གོ་མ་ཤེས་མདོག་མདོག་གིས་བདག་པོ་ཞིག་མི་རྒྱག་དོན་ག་རེ་ཡིན་ནམ།

    Reply
  12. བློ་དགའ། says:
    ལོ་ 11 སྔོན།

    ངས་ཚོད་དཔག་བྱས་པ་ནོར་མེད་ན་བཀའ་ཤག་ཟེར་ན་འདྲ་སྲིད་སྐྱོང་ཟེར་ན་འདྲ་གང་ལྟར་དཔེ་དེབ་མ་ཟིན་དེ་སྔ་མོ་ནས་བརླགས་ཚར་འདུག་བསམ་གྱི་འདུག གད་སྙིགས་ནང་དུ་བླུགས་ཚར་རེད། ད་ལྟ་བརྙེད་ཡོད་མདོག་མདོག་དང་ཡིག་ཆ་ཁ་འབྱེད་ཐུབ་ཀྱི་མི་འདུག་མདོག་མདོག་སོགས་ཁ་གཡོར་ས་ཙམ་རེད།

    Reply
  13. རིག་པ་ཅན། says:
    ལོ་ 11 སྔོན།

    སྲིད་སྐྱོང་མཆོག་ལ་སྐྱོན་བརྗོད་བྱས་བསྡད་དེ་ཡོང་ཡོད་པ་མ་རེད། གང་ལྟར་དུས་བབ་ཚང་གིས་བཀའ་ཤག་ལ་བརྡ་འདེད་བཏང་སྟེ་དཔེ་དེབ་ཀྱི་དཔར་རྩ་དེ་རྙེད་སོན་བྱུང་བ་ཡག་པོ་བྱུང་འདུག འདི་གསར་འགོད་པ་དང་གསར་འགྱུར་བརྒྱུད་ལམ་གྱི་ནུས་པ་རེད་བསམ་གྱི་འདུག དེ་མ་གཏོགས་བོར་བརླག་ཕྱིན་ཚར་བ་རེད། འོན་ཀྱང་བཀའ་ཤག་གིས་དཔེ་དེབ་དཔར་རྩ་དེ་ངོ་བོ་གང་འདྲ་ཞིག་གི་ཐོག་ནས་ཕྱིར་འདོན་མིན་དེ་བལྟ་རྒྱུ་བསྡད་ཡོད་པ་རེད།

    Reply
  14. བཀྲ་རྣམ། says:
    ལོ་ 11 སྔོན།

    བློ་བཟང་སེང་གེ་དབུ་མའི་ལམ་ལ་ཐུགས་མོས་མེད་པ་དེ་འདི་ནས་གསལ་བོ་ཆགས་པ་རེད། གླིང་ཚ་ལགས་ཀྱིས་ཐོག་མ་ནས་དབུ་མའི་ལམ་ལ་ཤར་སྐྱོད་གནང་རྒྱུ་ཡིན་པ་དང་། ལྷག་པར་དུ་དབུ་མའི་ལམ་གྱི་དགོས་འདུན་འོག་ནས་བར་ལམ་རྒྱ་ནག་གི་རྒྱལ་དར་འཕྱར་བ་བཅས་ལ་བརྟེན་ཏེ་བློ་བཟང་སེང་གེ་མཆོག་གིས་མོས་མཐུན་མ་གནང་བར་དཔེ་དེབ་དེ་ནག་གསུབ་གཏོང་ཐུབ་དང་མེད་བརླག་བཟོ་ཐབས་བྱས་པ་རེད། དཔེ་དེབ་དེའི་ནང་དུ་དབུ་མའི་ལམ་གཞིར་བཞག་གི་ཞི་བའི་འཐབ་རྩོད་སྐོར་འཁོད་ཡོད་པ་རེད།

    Reply
  15. བློ་བཟང་རྡོ་རྗེ། says:
    ལོ་ 11 སྔོན།

    འདི་དངོསོ་གནས་ཐབས་སྐྱོ་བོ་རེད། ངས་བསམ་ན་དཔེ་དེབ་དེའི་ནང་དུ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ཞི་བའི་འཐབ་རྩོད་ཀྱི་གཞུང་ལུགས་ཡོད་པ་རེད་བསམ་གྱི་འདུག ཁོང་ད་ལྟ་བོར་བརླག་ཕྱིན་ཏེ་ལོ་གཅིག་འགྲོ་བཞིན་ཡོད་པ་རེད་དེ་བཀའ་ཤག་ལ་བློ་ཚབ་གང་ཡང་མེད་པར་ཁུ་སིམ་མེར་བཞག་ཡོད་པ་དེས་ག་རེ་མཚོན་གྱི་འདུག་གམ་་

    Reply
  16. ལུ་ཐང་གྲགས་པ། says:
    ལོ་ 11 སྔོན།

    ངས་བསམ་བློ་བཏང་བ་ཡིན་ན་བཀའ་ཤག་གིས་དཔེ་དེབ་མ་ཟིན་དེ་བོར་བརླག་བཏང་བ་དངོས་ཡོད་རེད། ཡིན་ནའང་ད་ལྟ་བོར་བརླག་ཕྱིན་འདུག་ཟེར་ན་ཡག་པོ་མི་འདུག་བསམ་ནས་ཡིག་སྣོད་དེ་ཁ་འབྱེད་ཐུབ་ཀྱི་མི་འདུག་ཟེར་རྒྱུ་དང་། ཡང་ན་དེའི་ནང་དུ་གང་ཡང་མི་འདུག་ཚང་མ་འཕྲོ་བརླག་ཏུ་ཕྱིན་ཚར་འདུག་ཟེར་རྒྱུའི་གྲ་སྒྲིག་རེད་བསམ་གྱི་འདུག

    Reply
  17. མི་རྒོད། says:
    ལོ་ 11 སྔོན།

    བོད་མི་ཚོ་འདི་འདྲ་བའི་གནས་ཚུལ་ད་ལྟ་གཞིས་ནས་གླེང་བ་ནི་ཆབ་སྲིད་དགོས་མཁོ་ལ་བེད་སྤྱད་པ་གཅིག་དང་ དགྲ་དགའ་བའི་གཏམ་གཅིག་ཆགས་པ་རེད། དེང་རང་ཉིད་ནི་བདེན་པ་གང་ཡོད་ལ་དགའ་རྒྱུ་མ་གཏོགས་ཕྱོགས་ལྷུང་ལ་ཉག་ཕྲའི་དུས་ནམ་ཡང་མི་དགའ་ཡིན།། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག།

    Reply
  18. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ་་་་་་་ རྨོག་རུ་བསྟན་པ་ལགས་བཀའ་ཤག་ཏུ་བཅར་ཏེ་གླིང་ཚའི་དཔེ་དེབ་སྐོར་བཀའ་འདྲི་ཞུས་སྐབས། སྲིད་སྐྱོང་མཆོག་གི་སྒེར་དྲུང་གི་ངོས་ནས་དེབ་ཀྱི་མ་ཟིན་དེ་རག་གི་མི་འདུག་བོར་བརླགས་སུ་ཕྱིན་འདུག་ཅེས་ལན་སྤྲད་ཡོད་སྐོར་བརྗོད་འདུག ་་་་
    ་་་་་ ཚེས་ ༡༦ ཉིན་གྱི་སྔ་དྲོར་ཡང་བསྐྱར་འབྲེལ་བ་ཞུས་སྐབས་བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་དེའི་སྐོར་ལ་གསལ་བཤད་གནང་དོན། “ ་་་་་་་་ ཡིན་ནའང་ང་ཚོའི་ལས་ཁུངས་ནས་སྣང་མེད་དུ་ཕྱི་ལ་གྱར་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། ད་དུང་མུ་མཐུད་དུ་བཙལ་ཆོག་གི་རེད། གང་ལྟར་ངོ་བཤུས་ཤིག་ཕུལ་བར་ངོས་འཛིན་བྱེད་ཀྱི་ཡོད། གང་ཡིན་ཟེར་ན་ང་ཚོས་དཔར་རྒྱག་གི་མིན་ལབ་དུས་མ་ཡིག་ངོ་མ་ཞིག་ཕུལ་ཤེས་གི་མ་རེད” ཅེས་གསུངས་སོང་། ་་་་་་
    ་་་་་་ ཉིན་དེའི་ཉིན་རྒྱབ་སླར་ཡང་བཀའ་ཤག་ནས་ཞལ་པར་འབྱོར་བ་བཞིན་གསར་འགོད་པ་བཅར་སྐབས། བཀའ་དྲུང་མཆོག་གིས་གླིང་ཚའི་དེབ་དང་འབྲེལ་བའི་མཐེབ་སྡེར་དེ་རྙེད་སོང་། ཡིན་ནའང་འདྲ་འབུ་སོགས་ཀྱི་དབང་གིས་ད་ལྟ་ཁ་འབྱེད་ཐུབ་ཀྱི་མི་འདུག་མོད། ང་ཚོས་བསྐྱར་གསོ་ (Restore)བྱས་ཏེ་ཁ་འབྱེད་ཐབས་བྱེད་ཀྱིན་ཡོད། ཅེས་གསུངས་སོང་། ་་་་་

    དོན་ཚན་གསུམ་གང་བདེན་ནམ། ཆབ་སྲིད་པས། དྷ་སའི་བོད་ཀྱི་ཆབ་སྲིད་པས། ཆབ་སྲིད་ཁྲབ་ས་རྒྱ་གཞུང་ལས། ལ་རྒྱ་ཅན་གྱི་ལས་འགུལ་པ་ཚོར་མ་རེད་ཅེས་བཤད་འདོད་བྱུང་ལགས།

    Reply
  19. བསྟན་འཛིན་ཕུན་ཚོགས། says:
    ལོ་ 11 སྔོན།

    བཀའ་ཤག་གིས་གང་ཞིག་ལབ་རྒྱུར་གྲ་སྒྲིག་བྱེད་ཀྱི་ཡོད་པ་རེད་ཟེར་ན། མཐེབ་བསྡེར་དེ་ལག་ཏུ་རེག་སོང་ན་ཡང་། དེའི་ནང་དུ་དུག་འབུ་ཡོད་སྟབས་ཁ་འབྱེད་ཐུབ་ཀྱི་མི་འདུག་ཟེར་བ་དང་། ཡང་ན། དེའི་ནང་དུག་འབུ་འཛུལ་ཏེ་ཡིག་ཆ་ཚང་མ་འཕྲོ་བརླག་ཏུ་ཕྱིན་ཚར་འདུག ཅེས་སྐྱག་རྫུན་ཆེན་པོ་ཞིག་ཤོད་རྒྱུར་གྲ་སྒྲིག་བྱེད་ཀྱི་ཡོད་པ་རེད།
    ཐོག་མ་དཔེ་དེབ་དེ་མི་སྒེར་གྱི་ལོ་རྒྱུས་སྐོར་ཡིན་པའི་རྐྱེན་གྱིས་བཀའ་ཤག་གིས་དཔར་རྒྱག་ཐུབ་གི་མ་རེད་ཟེར་བ་དང་། སྲིད་སྐྱོང་བློ་སེང་ལགས་སུ་དེབ་ཀྱི་མ་ཡིག་དེ་འདྲ་ཞིག་རྩ་བ་ནས་སྤྲད་མ་སོང་ཟེར་ནས་སྐྱག་རྫུན་ཤོད་གྲབས་བྱས་པ་དེས་ཁུངས་མ་འཁྱོལ་བ་དང་། དེས་འགྲིག་ཐབས་མེད་པ་ཧ་གོ་ནས་སྐད་ཆ་བཤད་སྟངས་ལ་འགྱུར་བ་བཏང་བ་རེད།
    ངས་གོང་དུ་བཀའ་ཤག་གིས་ཞེས་ལབ་འདུག བཀའ་ཤག་གིས་ལབ་ན་འགྲིག་གི་ཡོད་པ་མ་རེད། སྲིད་སྐྱོང་བློ་བཟང་སེང་གེ་དང་དྲུང་ཆེ་ཀརྨ་དགེ་ལེགས་གཉིས་ཀྱི་གྲ་སྒྲིག་འདི་རེད།

    Reply
  20. གངས་ལྡོམ། says:
    ལོ་ 11 སྔོན།

    གལ་སྲིད་གནས་ཚུལ་འདི་དངོས་གནས་ཡིན་ཚེ།
    བློ་སེང་གིས་ཁ་གཡོར་ས་འཚོལ་གྱི་ཡོད་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese