མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲིམས་ལུཊ་ལེཊ་བཅོས་སྐོར་ལ་སེམས་ནང་རེ་བ་ཞིག་ཡོང་གི་འདུག

བོད་ཀྱི་དུས་བབ།
༢༠༡༤/༠༤/༡༨
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་རིག་གནས་གསར་བརྗེའི་སྐབས་རྒྱ་གཞུང་གིས་རྙིང་བཞི་རྩ་གཏོར་ཞེས་ནང་ཆོས་རྩ་མེད་གཏོང་ཐབས་བྱས་ཡོད་ཀྱང་། ད་ཆ་རྒྱ་ནག་གི་མགོ་ཁྲིད་མི་རབས་ལྔ་པའི་སྐབས་ནང་ཆོས་གལ་ཆེན་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད་སྐོར་གསུངས་འདུག

ཉེ་བའི་དུས་ནས་༧གོང་ས་མཆོག་གིས་ཉི་ཧོང་དུ་མུ་མཐུད་མཛད་འཕྲིན་སྐྱོང་བཞིན་པ་ལྟར། ཁ་སང་ཚེས་ ༡༧ ཉིན་རྒྱལ་ས་ཊོག་ཀྱོའི་ནང་ཉི་ཧོང་དང་ཀོ་རི་ཡ། རྒྱ་རིགས། སོག་རིགས། བོད་རིགས་བཅས་ཀྱི་དད་ལྡན་པ་རྣམས་ལ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་༼ཆོས་དབྱིངས་བསྟོད་པ༽དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་༼ལག་ལེན་སོ་བདུན་མ༽བཅས་ཀྱིས་ཆོས་འབྲེལ་སྩལ་ཡོད་འདུག་ལ། ཆོས་འབྲེལ་གྱི་ཐོག་མར་༸གོང་ས་མཆོག་གིས། ངོས་ཀྱིས་ནམ་རྒྱུན་འཆར་ཅན་འདི་ལྟར་བརྗོད་བཞིན་ཡོད། འཛམ་གླིང་འདིའི་སྟེང་ཆོས་ལུཊ་ཧ་ཅང་མང་པོ་ཡོད་པ་དང་། ལྟ་གྲུབ་ཡོད་མེད་ཀྱི་ཐོག་ནས་ནང་གསེས་གཉིས་ཡོད། ལྟ་གྲུབ་མེད་མཁན་གྱི་ཆོས་ལུགས་འདི་མི་ལོ་སྟོང་ཕྲག་ལྔ་དྲུག་ཙམ་ཕྱིན་ཡོད། ཕལ་ཆེར་མིའི་སྤྱི་ཚོགས་ནང་རིམ་བཞིན་སྐད་འཕེལ་རྒྱས་འགྲོ་སྐབས་དད་པའི་ཐོག་ནས་མི་ལ་དཀའ་ངལ་འཕྲད་སྐབས་སྐྱབས་གཅིག་ཡོད་ཟེར་བ་དང་། རང་སྲུང་སྐྱོབ་བྱེད་མཁན་ཞིག་ཡོད་ཟེར་ནས་ལྷ་གསོལ་རྒྱུའི་རིགས་དེ་འདྲ་ཡོང་བཞིན་ཡོད། དེ་ནས་རིམ་བཞིན་དད་པ་ཙམ་མིན་པར་ལྟ་གྲུབ་ཀྱི་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་པ། ལྟ་གྲུབ་ཡོད་པའི་ཆོས་བརྒྱུད་སྡེ་ཚན་གཅིག་བྱུང་ནས་ད་བར་ཕལ་ཆེར་ལོ་སྟོང་ཕྲག་གསུམ་ཙམ་འགྲོ་བཞིན་ཡོད།

སྔ་ཤོས་འདི་ཕལ་ཆེར་རྒྱ་གར་ནང་གྲངས་ཅན་པའི་ཆོས་རྒྱུད་དེ་རེད། དེ་ནས་མར་གྲུབ་མཐའ་མང་པོ་ཕྱེ་སྟེ་དཀྱིལ་ཤར་ཡུལ་གྲུའི་ནང་ཇིའུ་དང་ཡི་ཤུ། ཁ་ཆེ། ཨི་རན་ནས་ཛོ་ར་ཛོ་ཏིན་བྱུང་ཡོད། ཛོ་ར་ཛོ་ཏིན་ལྟ་གྲུབ་ད་སྐབས་ཤུགས་ཆེ་བ་རྒྱ་གར་ནང་ཡོད། དེ་ནས་རྒྱ་གར་རང་གི་གཅེར་བུ་བའི་ཆོས་ལུགས་ལོ་ཉིས་སྟོང་དྲུག་བརྒྱའི་གོང་བྱུང་ཡོད། དེ་དང་ལོ་སུམ་ཅུ་ཙམ་ལས་ཁྱད་པར་མེད་པ་སངས་རྒྱས་པའི་ཆོས་ལུགས་བྱུང་ཡོད་སྐོརསོགས་གསུངས་ཏེ། རྩ་བའི་ལྟ་བའི་ཐོག་ནས་སངས་རྒྱས་པའི་གྲུབ་མཐའ་མི་འདྲ་བ་བཞི་གསུངས་ཡོད་པ་དང་། ནང་གསེས་ཀྱི་ཁྱད་པར་མི་འདྲ་བ་དང་ལྟ་གྲུབ་མི་འདྲ་བའི་ཆོས་ལུགས་ཡོད་ཀྱང་། རྒྱུ་མཚན་གཙོ་བོ་བྱམས་པ་དང་བརྩེ་བ། བྱམས་པ་དང་བརྩེ་བའི་འགལ་ཟླ་དེ་ཞེ་སྡང་དང་འཁོན་འཛིན་གྱིས་བྱེད་ཀྱི་ཡོད་སྟབས། ཞེ་སྡང་གི་གཉེན་པོར་བཟོད་པ་སྒོམ་རྒྱུ་དང་། འཁོན་འཛིན་གྱི་གཉེན་པོར་འཁོན་ལེན་མི་སློག་པ། འདོད་རྔམ་གྱི་གཉེན་པོ་ཆོག་ཤེས་བྱ་རྒྱུ། རང་རྒྱུ་མཚན་དུ་བྱས་ནས་ངོ་ཚ་དང་གཞན་རྒྱུ་མཚན་དུ་བྱས་ན་ཁྲེལ་ཡོད་པ་བྱེད་ཆེད་རང་ཁྲིམས་སྡོམ་རྒྱུ་བཅས་བསླབ་བྱ་དེ་དག་ཆོས་ལུགས་ཚང་མའི་ནང་ཡོད་སྟབས། ལྟ་གྲུབ་མི་འདྲ་བ་ཡོད་པ་དེའང་མིའི་ཁམས་དང་མོས་པ་སྣ་ཚོགས་ཡོད་པར་དགོས་མཁོ་ཡོད་སྐོར་གསུངས་ཡོད།

ཚེས་ ༡༦ ཉིན་རྒྱལ་སར་སོ་ཏོ་ (Soto sect) ཆོས་ལུཊ་ཀྱི་དགེ་འདུན་པ་ཚོས་བཙོན་པར་སློབ་གསོའི་ལས་འགུལ་སྤེལ་ནས་ལོ་ ༥༠ འཁོར་བའི་དུས་དྲན་བགྲོ་གླེང་ཐོག་ཆིབས་བསྒྱུར་གནང་སྟེ། འགྲོ་བ་མིའི་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད་པ་དང་། སྐབས་དེར་༸གོང་ས་མཆོག་གིས་དགེ་འདུན་པ་རྣམས་ཀྱིས་ལོ་ངོ་ ༥༠ རིང་བཙོན་པ་རྣམས་ལ་སློབ་གསོའི་ལས་འགུལ་སྤེལ་བར་བསྔགས་བརྗོད་དང་འབྲེལ། གང་ཉིད་འཛམ་གླིང་ས་ཕྱོགས་གང་དུ་བསྐྱོད་ཀྱང་འགྲོ་བ་མིའི་བཟང་པོའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ་གོ་འཕེལ་གཏོང་ཐབས་བྱེད་བཞིན་ཡོད་པ་དང་། འཛམ་གླིང་ནང་མི་འབོར་འཐེར་འབུམ་བདུན་ཡོད་པ་ཚང་མས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་མ་ཟད། མི་ཚེ་བདེ་སྐྱིད་ལྡན་པ་ཞིག་བསྐྲུན་པར་བྱམས་བརྩེ་དང་བཟོད་སྲན། ཆོག་ཤེས་སོགས་མིའི་བཟང་པོའི་རིན་ཐང་དེ་དག་གོང་མཐོར་བཏང་སྟེ་ཡོང་དགོས་སྟབས། ཆོས་ལུགས་ཚང་མས་རིན་ཐང་དེ་དག་གོང་མཐོར་གཏོང་ཐབས་དང་། ཆོས་ལུགས་ཕན་ཚུན་གུས་བརྩི་དང་འཆམ་མཐུན་ངང་གནས་རྒྱུ་གལ་ཆེན་པོ་ཆགས་ཡོད་སྐོར་སོགས་གསུངས་འདུག

ཡང་ཉིན་དེར་རྒྱལ་ས་ཊོག་ཀྱོ་ནང་རྒྱ་གར་གྱི་ཚོང་པ་ཁག་ཅིག་དང་རྒྱ་རིཊ། སོ་ཏོ་ཆོས་ལུཊ་ཀྱི་རྗེས་འབྲང་པ་བཅས་ལ་མཇལ་འཕྲད་གནང་སྐབས། ༧གོང་ས་མཆོག་གིས་རྒྱ་རིགས་ཚོར་དེང་སྐབས་འཛམ་གླིང་གི་ནང་པ་མང་ཤོས་རྒྱ་ནག་ནང་ཡོད་པ་དང་། པེ་ཅིང་གཙུག་ལག་སློབ་གྲྭས་ཉམས་ཞིབ་སྙན་ཐོ་ཞིག་བཏོན་པའི་ནང་རྒྱ་ནག་ནང་རྒྱ་རིཊ་ནང་པ་ས་ཡ་ ༣༠༠ ལྷག་ཡོད་ཚུལ་བཀོད་ཡོད་པར་མ་ཟད། ཉེ་ལམ་སྲིད་འཛིན་ཞི་ཅིན་ཕིན་གྱིས་ནང་ཆོས་རྒྱ་ནག་གི་ཆོས་ལུགས་གཙོ་གྲས་ཤིག་ཡིན་པའི་ངོས་འཛིན་བྱས་ཡོད། ཁོང་གིས་གསུངས་པའི་སྐད་ཆ་འདི་གནད་འགག་ཆཊ་ཡོད། གང་ཡིན་ཞེ་ན། རིག་གནས་གསར་བརྗེའི་སྐབས་རྙིང་བཞི་རྩ་གཏོར་ཞེས་ནང་ཆོས་རྩ་མེད་གཏོང་ཐབས་བྱས་ཡོད་ཀྱང་། ད་ཆ་རྒྱ་ནག་མགོ་ཁྲིད་མི་རབས་ལྔ་པའི་སྐབས་ནང་ཆོས་གལ་ཆེན་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད་ཅེས་གསུངས་འདུག

ཡང་༧གོང་ས་མཆོག་གིས་རྒྱ་ནག་ནང་གི་དབུལ་ཕྱུག་གི་བར་ཁྱད་དང་དཀའ་ངལ་གྱི་སྐོར་ལ། དེང་སྐབས་རྒྱ་ནག་ནང་དབུལ་ཕྱུག་གི་བར་ཁྱད་ཧ་ཅང་ཆེན་པོ་འདུག ང་རང་རྒྱ་ནག་ནས་ཡོང་བའི་ཞིང་པ་ཁག་ཅིག་དང་ཐུག་སྐབས། ཁོང་ཚོས་དེང་སྐབས་རྒྱ་ནག་ནང་ཞིང་པར་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་བཞིན་ཡོད་ཀྱང་། དཀའ་ངལ་ཞུ་གཏུག་བྱེད་ས་མེད་སྐོར་བརྗོད་བྱུང་ལ། ས་གནས་དཔོན་རིགས་ཚོས་དབང་ཆ་དང་དངུལ་ཁོ་ན་བསམ་བསྡད་ཀྱི་ཡོད་སྟབས། ཉེ་ལམ་ཏང་གི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྐབས་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཞིང་པ་ཚོའི་དཀའ་ངལ་སེལ་ཐབས་དང་། ཁྲིམས་ཀྱི་ལམ་ལུགས་ལ་ལེགས་བཅོས་གཏོང་རྒྱུའི་སྐོར་བཤད་ཡོད་པ་དག་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་སྟབས། སེམས་ནང་རེ་བ་ཞིག་ཡོང་གི་འདུག་ཅེས་གསུངས་འདུག ཅེས་གསུངས་འདུག

ཚེས་ ༡༥ ཉིན་༸གོང་ས་མཆོག་གིས་ཀོ་ཡ་སེན་གཙུག་ལག་སློབ་གྲྭའི་ཚོགས་ཁང་དུ་དུས་རབས་ཉེར་གཅིག་ནང་མི་ཚེ་བཟང་སྤྱོད་ལྡན་པའི་ཐོག་ཇི་ལྟར་སྐྱེལ་དགོས་མིན་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་བཀའ་སློབ་གནང་ཡོད་པ་མ་ཟད། ཉིན་དེར་ཀོ་རི་ཡའི་དད་ལྡན་པར་མཇལ་ཁ་གནང་སྐབས། བོད་པ་དང་ཀོ་རི་ཡ་གཉིས་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འཇུག་ཡིན་པ་གཅིག་པ་ཡིན་སྟབས། བཅོམ་ལྡན་འདས་ཀྱི་བཀའ་དང་བཀའི་དགོངས་པ་རྒྱ་གར་གྱི་དཔལ་ན་ལེནྜའི་མཁས་པས་མཛད་པའི་འགྲེལ་བ་རྣམས་ལ་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆཊ་ཡོད་པ་དང་། ང་ཚོས་ནང་ཆོས་དང་དེང་དུས་ཤེས་ཡོན་ཟུང་འབྲེལ་ཐོག་དུས་རབས་ ༢༡ ནང་པ་ཞིག་ཆཊ་ཐབས་དང་། ནང་ཆོས་ནས་གསུང་པའི་ཚན་རིག་དང་དེང་དུས་ཀྱི་ཚན་རིག་བར་འབྲེལ་བ་བྱས་ནས་འཛམ་གླིང་བདེ་སྐྱིད་ལྡན་པ་ཞིག་བཟོ་ཐུབ་རྒྱུའི་ནུས་པ་ཡོད་སྐོར་སོགས་བཀའ་སློབ་གནང་ཡོད་པ་མ་ཟད། སྐབས་དེར་ཚོགས་བཅར་བ་རྣམས་ཀྱིས་༸གོང་ས་མཆོག་ཀོ་རི་ཡར་གདན་འདྲེན་ཞུ་རྒྱུའི་མདུན་པ་ཡོད་སྐོར་ཞུས་སྐབས། འདས་པའི་ལོ་མང་རིང་ཀོ་རི་ཡའི་ཆོས་གྲོགས་ཚོས་མགྲོན་འབོད་བྱ་རྒྱུའི་ཐབས་ཤེས་གང་མང་གནང་ཡོད་ཀྱང་། གཙོ་བོ་སྲིད་གཞུང་གི་ཆབ་སྲིད་དང་དཔལ་འབྱོར་གྱི་གནས་བབ་ཐོག་བསམ་བློ་བཏང་སྟེ་ཐག་གཅོད་དགོས་པ་ཆགས་ཡོད། ནང་པའི་རྒྱལ་ཁབ་མང་པོ་ཡོད་ཁོངས་ནས་ངོས་རང་དཀའ་ངལ་གང་ཡང་མེད་པར་ཡོང་ཐུབ་ཡུལ་ཉི་ཧོང་གཅིག་པུ་ཡིན། ངོས་རང་ནང་པ་སངས་རྒྱས་པ་ཞིག་ཡིན་ནའང་ནང་པའི་རྒྱལ་ཁབ་ནང་འགྲོ་ཐུབ་ཀྱི་མེད། ཅེས་གསུངས་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

ཆུ་ཚོད་ ༡༢ སྔོན་ལ།
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

ཆུ་ཚོད་ ༡༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

ཆུ་ཚོད་ ༡༦ སྔོན་ལ།
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

༢༠༢༦/༠༥/༡༤

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་ པེ་ཅིང་གཙུག་ལག་སློབ་གྲྭས་ཉམས་ཞིབ་སྙན་ཐོ་ཞིག་བཏོན་པའི་ནང་རྒྱ་ནག་ནང་རྒྱ་རིཊ་ནང་པ་ས་ཡ་ ༣༠༠ ལྷག་ཡོད་ཚུལ་བཀོད་ཡོད་པར་མ་ཟད། ཉེ་ལམ་སྲིད་འཛིན་ཞི་ཅིན་ཕིན་གྱིས་ནང་ཆོས་རྒྱ་ནག་གི་ཆོས་ལུགས་གཙོ་གྲས་ཤིག་ཡིན་པའི་ངོས་འཛིན་བྱས་ཡོད། ཁོང་གིས་གསུངས་པའི་སྐད་ཆ་འདི་གནད་འགག་ཆཊ་ཡོད། གང་ཡིན་ཞེ་ན། རིག་གནས་གསར་བརྗེའི་སྐབས་རྙིང་བཞི་རྩ་གཏོར་ཞེས་ནང་ཆོས་རྩ་མེད་གཏོང་ཐབས་བྱས་ཡོད་ཀྱང་། ད་ཆ་རྒྱ་ནག་མགོ་ཁྲིད་མི་རབས་ལྔ་པའི་སྐབས་ནང་ཆོས་གལ་ཆེན་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད་་་་་་་་
    ་་་་་ ང་པའི་རྒྱལ་ཁབ་མང་པོ་ཡོད་ཁོངས་ནས་ངོས་རང་དཀའ་ངལ་གང་ཡང་མེད་པར་ཡོང་ཐུབ་ཡུལ་ཉི་ཧོང་གཅིག་པུ་ཡིན། ངོས་རང་ནང་པ་སངས་རྒྱས་པ་ཞིག་ཡིན་ནའང་ནང་པའི་རྒྱལ་ཁབ་ནང་འགྲོ་ཐུབ་ཀྱི་མེད། ཅེས་གསུངས་ཡོད་འདུག ་་་་་

    Reply
  2. གནས་ཚང་། says:
    ལོ་ 12 སྔོན།

    ཞིས་ཅིན་ཕེན་ལ་རེ་བ་རྒྱག་ས་མི་འདུག ཁོ་རང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ཨང་དང་པོར་བཞག་ནས་དམག་དཔུང་རྒྱ་བསྐྱེད་ལ་ཤུགས་སྣོན་རྒྱག་གིན་པས། དབུལ་ཕྱུག་དོ་མི་མཉམ་པ་འདུ་བའི་རྒྱ་ནག་ནང་གི་འགལ་བ་ཆ་ཚང་ལ་དྲག་གནོན་དང་མི་རིགས་རིང་ལུགས་ཀྱི་བསམ་བློ་གོང་དུ་སྤེལ་སླད་ཉི་ཧོང་ལ་དམག་འཁྲུག་ཆུང་ཚེགས་ཀྱང་རྒྱག་སྲིད་པ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese