མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཤག་གིས་ཨ་མ་ལྡོམ་པོ་སྐྱིད་ལ་འཚམས་འདྲི།

བོད་ཀྱི་དུས་བབ།
༢༠༡༤/༠༤/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཚེས་ ༡༧ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤ ཙམ་ལ་བཀའ་ཤག་གི་དྲུང་འཕར་ཚེ་རིང་སྟོབས་རྒྱལ་ལགས་དང་སྤྱི་འཐུས་རྨོག་རུ་བསྟན་པ་རྣམ་གཉིས་རྡ་རམ་ས་ལའི་ཨ་མདོའི་གྲོང་གསེབ་ཏུ་གནས་སྡོད་གླིང་ཚ་ཚེ་བརྟན་རྡོ་རྗེ་ཡི་ཨ་མ་ལྡོམ་པོ་སྐྱིད་ཀྱི་སྡོད་གནས་སུ་ཆེད་བཅར་ཞུས་ཏེ། སེམས་གསོའི་ཆེད་ཧིན་སྒོར་ ༥༠༠༠ དང་སྔོན་ཆད་གླིང་ཚས་སྲིད་སྐྱོང་མཆོག་ལ་ཕུལ་བའི་དཔེ་དེབ་མ་ཟིན་གྱི་མཐེབ་སྡེར་དེ་ཕྱིར་སློག་གནང་ཡོད་འདུག

དེ་རིང་སྔ་དྲོར་གསར་འགོད་པས་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་སུ་དེའི་སྐོར་བཅར་འདྲི་ཞུས་པར། ཁ་སང་བཀའ་ཤག་གི་དྲུང་འཕར་ཚེ་རིང་སྟོབས་རྒྱལ་ལགས་བཀའ་ཤག་དང་སྲིད་སྐྱོང་མཆོག་གི་ངོ་ཚབ་གཅིག་ལྕོགས་ཀྱི་མཚན་ཐོག་ནས་ཨ་མ་ལྡོམ་པོ་སྐྱིད་ཀྱི་སྡོད་གནས་སུ་ཕེབས་ཏེ། གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་བོད་དོན་ཆེད་བོར་བརླག་ཏུ་ཕྱིན་པར་སེམས་གསོའི་ཆེད་ཧིན་སྒོར་ ༥༠༠༠ གནང་སོང་ལ། དེ་དང་མཉམ་དུ་དེ་སྔའི་གླིང་ཚའི་དཔེ་དེབ་ཀྱི་མ་ཟིན་བཅུག་ཡོད་པའི་མཐེབ་སྡེར་དེ་ཡང་ཕྱིར་སློག་གནང་སོང་། དྲུང་འཕར་མཆོག་གིས་ཨ་མ་ལྡོམ་པོ་སྐྱིད་སྡོད་གནས་ཤེས་ཀྱི་མེད་སྟབས་ང་རང་ལ་རོགས་པ་བྱེད་རོགས་གསུངས་ཏེ་ངེད་གཉིས་ཕྱིན་པ་ཡིན། སྐུ་ངོ་མཆོག་གིས་ཨ་མ་ལགས་ལ། ང་རང་བཀའ་ཤག་དང་སྲིད་སྐྱོང་མཆོག་གི་ངོ་ཚབ་གཅིག་ལྕོགས་བྱས་ཏེ་ཁྱེད་རང་ལ་ལྟ་རུ་ཡོང་བ་ཡིན། མ་འོངས་བར་ཁྱེད་ལ་དཀའ་ངལ་ག་རེ་ཡོད་ན་ཐད་ཀར་གསུང་རོགས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དུས་ཚོད་དང་སྟབས་བསྟུན་ནས་ཁྱེད་རང་ལ་མཇལ་རྒྱུ་ཡིན་གསུང་གི་འདུག་གསུངས་སོང་ཟེར།

རྨོག་རུ་བསྟན་པ་ལགས་ཀྱིས་མུ་མཐུད་དུ་བརྗོད་དོན། ཨ་མ་ལགས་ཀྱིས་ཀྱང་དྲུང་འཕར་ལགས་ལ་ག་རེ་བརྗོད་སོང་ཟེར་ན། ད་ལྟའི་ཆར་མོ་རང་སྒེར་ལ་དཀའ་ངལ་གང་ཡང་མི་འདུག ཡིན་ནའང་གླིང་ཚའི་བཟའ་ཟླ་ཨི་སི་རེལ་(Israel)རྒྱལ་ཁབ་ནང་ཡོད་པ་དང་། ཁོང་གཉིས་ཀྱི་ཕྲུ་གུ་གཉིས་བོད་པའི་ཤ་ཁྲག་ཡིན་སྟབས། ཁོང་ཚོ་ལ་འབྲེལ་བ་ཞིག་འཛུགས་ཐུབ་རྒྱུ་ཧ་ཅང་གལ་ཆེན་རེད། ང་རང་གིས་སྐད་བརྡ་སྤྲོད་ཐུབ་ཀྱི་མེད་སྟབས་ང་ཚོའི་བར་འབྲེལ་བ་ཆད་བསྡད་ཡོད། དེ་ཨ་མ་ང་རང་ལ་མཚོན་ན་སེམས་ཁྲལ་དང་དཀའ་ངལ་ཆེ་ཤོས་ཤིག་ཆགས་འདུག གཞུང་གི་ངོས་ནས་ཕྲུ་གུ་དེ་གཉིས་ཀྱི་སློབ་ཡོན་ཟེར་ན་འདྲ། ཁོང་མ་བུ་གསུམ་གྱི་འཚོ་བའི་ཐོག་གཟིགས་རྟོགས་རེ་གནང་ཐུབ་ན་ཐུགས་རྗེ་ཆེ་ལབ་སོང་། ཞེས་བརྗོད་བྱུང་།

གསར་འགོད་པས་ཐེངས་འདིར་བཀའ་ཤག་གིས་ཕྱིར་སློག་བྱས་པའི་མཐེབ་སྡེར་དེའི་སྐོར་དྲིས་པར། བཀའ་ཤག་གིས་ཕྱིར་སློག་བྱས་པའི་མཐེབ་སྡེར་དེ་ཁ་འབྱེད་ཐུབ་ཀྱི་མི་འདུག དེ་སྔོན་ཁྱོད་ཀྱིས་སྐད་ཆ་འདྲི་སྐབས་ངས་དེབ་དེའི་མིང་བཤད་པ་ཅུང་ནོར་འདུག གླིང་ཚས་ང་ལ་བཞག་པའི་ཡིག་ཆུང་དེའི་ནང་དེབ་ཀྱི་མིང་ལ་༼ ཞི་བའི་ལམ།༽ཞེས་བཀོད་འདུག དེབ་ཀྱི་ནང་དོན་ག་རེ་ཡིན་པ་ད་དུང་ཤེས་ཀྱི་མི་འདུག ང་ལྡི་ལིར་ཕྱིན་ཏེ་མཐེབ་སྡེར་ཀྱི་ཁ་འབྱེད་ཐབས་བྱེད་རྒྱུ་ཡིན།

གླིང་ཚས་རྨོག་རུ་བསྟན་པ་ལགས་སུ་བཞག་པའི་ཡི་གེའི་ནང་ “ གལ་སྲིད། སྲིད་སྐྱོང་ལ་སྤྲད་པའི་༼ཞི་བའི་ལམ་༽ཞེས་པའི་བརྗེད་ཐོའི་དེབ་དེ། བཀའ་ཤག་ནས་ད་ལོ་ ༧/༦ བར་གྲགས་འགུལ་མ་ཡོང་ཚེ། ༡༠/༡༢/༢༠༡༣ ཉིན་ལ་དཔར་བསྐྲུན་བྱེད་ཐབས་ཤིག་གནང་རྒྱུ་མཁྱེན། ཨ་ཁུ་བསྟན་པ་ལོ་ལོ། གླིང་ཚ་ནས་ ༩/༣/༡༣ བྲིས་”ཞེས་བཀོད་འདུག

དེའི་རྗེས་གསར་འགོད་པས་ཨ་མ་ལྡོམ་པོ་སྐྱིད་ལགས་སུ་བཀའ་ཤག་གི་སྐུ་ཚབ་ཐུག་འཕྲད་དུ་ཕེབས་པར་ཚོར་བ་ཅི་བྱུང་དྲིས་པར་ཁོང་མོས་འདི་ལྟར་བརྗོད་བྱུང་། ང་རང་ཧ་ཅང་དགའ་བོ་བྱུང་སོང་། ཁོང་གིས་ཁོ་རང་སྲིད་སྐྱོང་མཆོག་གིས་མངགས་པ་ཡིན། སྲིད་སྐྱོང་མཆོག་ད་སྔ་ཁོམ་པ་མི་འདུག་ཀྱང་རྗེས་མ་ཁྱེད་རང་ལ་མཇལ་དུ་ཡོང་གི་ཡིན་གསུངས་པ་དེས་ང་བདེ་བོ་མེད་པ་ཞིག་ཆགས་སོང་། ངས་སྲིད་སྐྱོང་མཆོག་ལ་རེ་བ་གཉིས་ཞུས་པ་ཡིན། ཕྱི་རྒྱལ་དུ་ཡོད་པའི་ཚེ་བརྟན་རྡོ་རྗེ་ཡི་བཟའ་ཟླ་བུ་ཕྲུག་ཚོར་བཀའ་ཤག་གིས་འབྲེལ་བ་ཞིག་གནང་རྒྱུ་དང་། གཉིས་པ་ཚེ་བརྟན་རྡོ་རྗེ་རྒྱ་གར་ནང་ཡོད་མེད་རྩད་གཅོད་ཅིག་གནང་རོགས་ཞུས་པ་ཡིན། ཞེས་བརྗོད་བྱུང་།

གོང་གསལ་པར་དང་པོ་དེ་ཚེས་ ༡༧ ཉིན་བཀའ་ཤག་གི་སྐུ་ཚབ་ཨ་མ་ལྡོམ་པོ་སྐྱིད་ལགས་སུ་ཐུག་འཕྲད་གནང་སྐབས་དང་། པར་གསུམ་པ་དེ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་བཟའ་ཟླ་བུ་ཕྲུག་གསུམ་ཡིན། གོང་་གསལ་པར་དང་པོ་དང་གསུམ་པ་གཉིས་སྤྱི་འཐུས་རྨོག་རུ་བསྟན་པའི་ངོ་དེབ་ལས་འདྲེན་བཀོད་བྱས།

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༢༡ སྔོན་ལ།
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

༢༠༢༦/༠༥/༢༢
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠

མཆན། 12

  1. ཨ says:
    ལོ་ 12 སྔོན།

    དཔའ་ང་བལ་ལ་ནས་བན་ལ་བ་་་སར་ད་ང་། ད་ང་ལགས་ས་་ཞབས་ང་ཚར་དགས་བསལ་ར་ས་ནས་ག་འད་ས་པ་མ་ཟད། ང་ཚ་(་བ་འཐབ་ད་)དམ་་བ་ལམ་ས་པ་བ་་པར་འང་ག་་ངས་ནས་བ་་པར་ན་་་ཞལ་བས་གནང་ད་ར་་། ་ཆར་་གསར་འར་ག་ན་པ་ན་ས་ས་པ་་ད། ས་ན། བས་་ས་ད་ང་ལགས་ས་་ར་་ཞབས་ང་ཚར་དགས་བསལ་ག་འད་དང་དགས་བསལ་ཞལ་བས་་དག་བས་པ་ན་ནམ། ་བ་་ཐད་ནས་ད་ང་ལགས་ལ་བས་ར་བསམ་་དང་་མཚན་གས་་ག་ད་པ་ན་ནམ། ད་་འར་ལ་བ་གནས་ལ་་ད་པ་། ད་ང་ལགས་་་ཚབ་ག་དཔའ་ང་་མ་མ་སར་འཚམ་འ་ད་་ངས་པ་དང་ར་དཔའ་ང་ས་ད་ང་ལ་ལ་བ་ད་་བ་་པར་འང་ར་ད་ད་པ་གནས་ལ་འ་ད། ས་ན། ད་ང་ལགས་ས་ངས་འར་་ཚབ་་ད་་བཏང་བ་ད་དམ། ང་ཚ་བ་་པར་་ར་ག་དས་པར་་མཚན་་ག་ད་པ་ད། ན་་མ་་གག་་གས་བར་ན་་ག་ས་ད་པ་ད། ་ཡང་་ས་པ་་་ང་འ་ར་ང་་ན་དག་་་ར་ཁ་གསལ་ང་ས། ་བ་མང་་ང་ན་འག་ལ་ན་དག་་ར་ས་ཁ་གསལ་ག་ང་་ན་འད་ན་ད།

    Reply
  2. ཚེ་རིང་ལྷ་མོ། says:
    ལོ་ 12 སྔོན།

    སྤྱི་འཐུས་རྨོག་རུ་བསྟན་པ་ལགས་སུ་ཐུགས་རྗེ་ཆེ་ཞུ། བཙན་བྱོལ་ནང་གི་མི་སུ་དང་སུ་ཡིན་ནའང་གླིང་ཚ་ཚང་ལ་རོགས་རམ་རེ་གནང་རྒྱུ་མཁྱེན། ཡང་སྒོས་གླིང་ཚའི་ཤུལ་གྱི་མ་སྨད་གཉིས་དང་ཕྱི་རྒྱལ་དུ་ཡོད་པའི་ཁོ་རང་གི་བཟའ་ཟླ་བུ་ཕྲུག་ཚོར་སེམས་གསོ་རེ་གནང་རོགས། སྐུ་མཁྱེན།།

    Reply
  3. བསམ་གྲུབ། says:
    ལོ་ 12 སྔོན།

    བཀའ་ཤག་གིས་གླིང་ཚ་ཚང་དང་ལྷག་པར་དུ་གླིང་ཚའི་ཨ་མ་ལྡོམ་པོ་སྐྱིད་ལགས་སུ་འཚམས་འདྲི་ཞུས་ན་ཧ་ཅང་འོས་འཚམས་རེད། ཡིན་ནའང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཁོ་རང་གི་སྐུ་ཚབ་མངག་གཏོང་གིས་འཚམས་འདྲི་གནང་བ་ཙམ་གྱིས་འགྲིག་གི་མི་འདུག ཁོ་རང་སྐུ་དངོས་སུ་ཨ་མ་ལྡོམ་པོ་སྐྱིད་ལགས་ཀྱི་ནང་དུ་ཕེབས་ཏེ་དགོངས་སེལ་ཞུ་དགོས་ཀྱི་འདུག

    Reply
  4. ཨ says:
    ལོ་ 12 སྔོན།

    སྲིད་སྐྱོང་ལགས་ཀྱིས་སྐུ་ཞབས་གླིང་ཚར་དེབ་དེ་པར་དུ་བསྐྲུན་རྒྱུ་ཁས་བླངས་ཡོད་པ་རེད་དམ་མ་རེད། གལ་ཏེ་ཁས་བླངས་ཡོད་ན་ཅི་ཞིག་ལ་སྲིད་སྐྱོང་ལགས་ཀྱིས་རང་གི་ཇི་ལྟར་དམ་བཅས་པ་བཞིན་མ་སྒྲུབ་པ་རེད། དེ་མིན་དོན་དག་འདིའི་ཐད་ནས་སྲིད་སྐྱོང་ལགས་ལ་ཅི་ཕྱིར་གསལ་བཤད་ཅིག་ཡིག་ངག་གང་རུང་ནས་དེའི་བར་བྱེད་ཁོམ་མ་བྱུང་བ་རེད།

    Reply
  5. རྨོག་རུ་བསྟན་པ། says:
    ལོ་ 12 སྔོན།

    དྲ་ལམ་དུ་གཟིགས་མཁན་དང་དགོངས་འཆར་གནང་མཁན་ཡོངས་སུ་འཚམས་འདྲི་ཞུ། བཀའ་ཤག་ནས་ཕྱིར་འབུལ་བྱས་པའི་འཐེབ་སྡེར་དེ་གླིང་ཚས་བཀའ་ཤག་ལ་ཕུལ་བ་དེ་ཡིན་པ་དངོས་ར་འཕྲོད་ཀྱིན་འདུག དེའི་ནང་གླིང་ཚ་དང་འབྲེལ་ཡོད་ཀྱི་པར་ཡོད་པ་མ་ཟད། ཞི་བའི་ལམ་ཞེས་ཁ་བྱང་དུ་འཁོད་པའི་ཡིག་སྣོད་ཞིག་ཀྱང་འཐེབ་སྡེར་ནང་གསལ་པོར་མཐོང་གིན་འདུག ཁ་སང་དུས་བབ་གསར་འགོད་པ་ལའང་འཐེབ་སྡེར་ནང་གི་ཡིག་སྣོད་དེ་མིག་སྟོན་བྱས་ཡོད། དྲ་གྲོགས་ཚེ་རིང་ལྷ་མོ་ལགས། སྐུ་ཉིད་ནས་གླིང་ཚའི་སྐྱེས་སྨན་དང་འབྲེལ་བ་གནང་འདོད་ཚེ་ཁ་པར་ཨང་གྲངས་འདིའི་ཐོག་འབྲེལ་བ་ཞིག་གནང་རོགས། ངས་ཉིད་ལ་འབྲེལ་བ་བྱེད་ཡུལ་ཞིག་ཕུལ་ཆོག 08679068999

    Reply
  6. ཚེ་རིང་ལྷ་མོ། says:
    ལོ་ 12 སྔོན།

    གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་སྐྱེས་དམན་བུ་ཕྲུག་དག་གི་པར་དེ་མཐོང་སྟེ་སེམས་ནང་རྨ་ཁ་བཟོས་སོང་། དྲ་གྲོགས་སུ་ཞིག་གིས་བཟའ་མི་འདི་དག་ལ་འབྲེལ་བ་གནང་ས་ཞིག་ཧ་གོ་གི་ཡོད་ན་འདིར་འགོད་པར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་་་་

    Reply
  7. སྦྲ་ནག says:
    ལོ་ 12 སྔོན།

    སེང་གེའི་བཀའ་ཤག་གི་སྐྱོན་འཚང་ཕྲ་མོ་རེ་རགས་ན་དགའ་སྤྲོའི་ཞབས་བྲོ་རྒྱག་བཞིན་པའི་དྲ་འབུ་དག་ལ་འགུ་བའི་ཉིན་མོ་ནི་རང་ཉིད་ལ་སྒེར་གྱི་ཁེ་ཕན་ཐོབ་པའི་ཉིན་མོ་རེད། ༧ཀུན་གཟིགས་པན་ཆེན་རིན་པོ་ཆེ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས། གཙོས་པའི་རྒྱལ་གཅེས་པ་དག་གི་གནས་སྟངས་ཤེས་ཀྱང་དབང་ཤུགས་ཆེ་ཆུང་ཤོར་སྟབས་སྐྱོབ་མི་ཐུབ་པ་ནི་མིག་མཐོང་ལག་ཟིན་རེད། དེ་མཚུངས་གླིང་ཚ་དཔའ་བོའང་བདེ་སྲུང་གིས་ཉམས་ཞིབ་ཀྱི་གྲུབ་དོན་ལ་གཞིགས་རྒྱ་གར་དུ་མེད་པ་གསལ་འདུག་པས་བོད་དུ་ཡོད་ན་ལས་སླ་བོས་བློ་སེང་གིས་ཇི་ལྟར་སྐྱོབ། འདི་དག་གི་སྐབས་གསང་བའི་ཐོག་ནས་བསྒྲུབ་རྒྱུ་ལས་མངོན་གསལ་དོད་པོས་ཇི་ལྟར་བསྒྲུབ། སྐྱེས་མ་ལྡོམ་པོ་སྐྱིད་དང་བཀའ་ཤག་བར་མ་དཀྲུག་རོགས། དཔལ་འབྱོར་གྱི་རོགས་རམ་ཆེན་པོ་དགོས་རབས་བཤད་མཁན་འདུག་ཀྱང་རྒྱུ་གྲོན་ཕལ་མོ་ཆེ་གྲོས་ཚོགས་ཀྱི་བཀའ་འཁྲོལ་ཞུ་དགོས་པའི་དོན་གནད་རྣམས་སྔོན་རྩིས་གྲོས་ཚོགས་ཀྱི་ཚོགས་ཆེན་ལ་ཐུགས་སྣང་གནང་ན་གཟིགས་ངེས་རེད། ཐུགས་གསོའི་ཆེད་བཀའ་དྲུང་ཨ་མ་ལྡོམ་པོ་སྐྱིད་སར་ཕེབས་པ་ཚུལ་དང་མཐུན་ལ་དོན་སྙིང་ལྡན་པ་རེད། བདེ་སྲུང་གཙོས་པའི་བཀའ་ཤག་གིས་གླིང་ཚ་དཔའ་བོ་འཚོལ་ཞིབ་བྱེད་ཀྱི་མེད་པའི་དཔང་རྟགས་གང་ཡོད། སྐྱེས་མ་ལྡོམ་པོ་སྐྱིད་ཀྱི་རེ་འདུན་ལྟར་ཤུལ་ལུས་མ་བུ་གསུམ་ལ་བཀའ་ཤག་གིས་རོགས་རམ་གནང་ཐུབ་པའི་རེ་བ་ངས་ཀྱང་ཞུ་བཞིན་ཡོད། ཚོགས་ཟིན་མ་ཐག་པའི་གྲོས་ཚོགས་ཀྱི་སྐབས་སུ་འཐུས་མི་ཚོས་དོན་ཚན་འདི་དག་གྲོས་ཚོགས་སུ་ཁྱེར་དགོས་ངེས་སུ་མཐོང་ཡང་ཁྱེར་མེད་བཟོ་འདུག གང་ལྟར་བརྒྱུད་རིམ་འདི་དག་གི་ཁྲོད་ནས་ནོར་འཁྲུལ་ཡོད་ངེས་ཀྱང་བཀའ་ཤག་གཅིག་པོའི་ནོར་བ་ག་ལ་ཡིན།

    Reply
  8. གངས says:
    ལོ་ 12 སྔོན།

    སྐུ་མཁྱེན་དེ་འདྲའི་གཟིགས་རྟོགས་ཤིག་གནང་གི་ཡོད་ན། སྒོར་ལྔ་སྟོང་ལས་བུ་རྒོད་པོ་གླིང་ཚ་གར་ཡོད་ལ་རྩད་གཅོད་རེ་གནང་རོགས། དེ་མིན་སེམས་གསོ་སྟོང་པ་ཞིག་གིས་མགོ་གཡོག་ཐུབ་བྱེད་པ་ནི་ཆེས་ཐབས་སྡུག་གི་ལས་ཀ་རེད། གླིག་ཚའི་ཡིག་ཆ་དེ་བརླག་གཏོར་འདྲ་བྱུང་མེད་པར་ཀུན་གྱི་མིག་ལ་སྟོན་ཐུབ་པའི་རེ་བ་ཆེ།

    Reply
  9. ཉི་མ་དོན་འགྲུབ། says:
    ལོ་ 12 སྔོན།

    ཐེངས་འདིར་སྲིད་སྐྱོང་སེང་གེ་ཡིས་ངོ་མ་ཞབས་འདྲེན་བཞག་སོང་ལ། སེང་གེ་བཀའ་ཤག་གི་དྲུང་ཆེ་ཀརྨ་དགེ་ལེགས་དང་སྒེར་དྲུང་འཇིགས་མེད་གཉིས་ནས་ཀྱང་བཤད་སྟངས་ཤོབ་སྟངས་མ་ཤེས་པར། ཁ་ཡར་དཀྱོག་མར་དཀྱོག་དང་ཆབ་སྲིད་ཡར་འཁྲབ་མར་འཁྲབ་བྱས་ཏེ་ངོ་ཚ་ཉོས་སོང་། སྲིད་སྐྱོང་དང་བཀའ་ཤག་གི་ཕྱག་ལས་གནང་སྟངས་འདི་འདྲ་ཡིན་ན་དངོས་གནས་ཡིད་ཆད་གི སེམས་སྐྱོ་གི
    ད་གང་ལྟར་དཔེ་དེབ་ཀྱི་དཔར་རྩའི་ཡིག་སྣོད་དེ་ཕྱིར་རེག་པར་དགའ་སྤྲོ་བྱེད་དགོས་པ་ཞིག་རེད་དེ། ང་ལ་དོགས་པ་ཞིག་ཡོད་པ་ནི་ཐེངས་འདིར་ཕྱིར་སློག་བྱས་པའི་ཡིག་སྣོད་དེ་གླིང་ཚས་སྲིད་སྐྱོང་ལ་སྤྲད་པ་དེ་ཡིན་མིན་དང་། གལ་སྲིད་ཡིན་པའི་དབང་དུ་བཏང་ན་ཁ་མ་ཕྱེས་པར་ལོ་གཅིག་ལྷག་ཕྱིན་ཡོད་སྟབས་དེའི་ནང་གི་ཡིག་ཆ་རྣམས་འཕྲོ་བརླགས་སུ་ཕྱིན་ཡོད་མེད་དེ་རེད།
    མཐའ་དོན་བཀའ་ཤག་གིས་གླིང་ཚའི་ཤུལ་ལུས་མ་རྒན་དེ་དང་བོད་པའི་ཤ་ཁྲག་གཅིག་པའི་ཕྲུ་གུ་གཉིས་སོགས་ལ་བདག་པོ་ཞིག་བསྐྱོན་གནང་རོགས།
    ཞོར་དུ་བོད་ཀྱི་དུས་བབ་ཚང་གི་མགོ་ལས་ཡོངས་ཕྱག་ལས་གྲུབ་འབྲས་ལ་བསྔགས་བརྗོད་དང་མུ་མཐུད་འབད་བརྩོན་གནང་རྒྱུར་རེ་སྐུལ་དང་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ང་ཚོ་བོད་པའི་གསར་འགོད་པ་ཚོའི་ལས་དོན་དངོས་གནས་དེ་བོད་ནང་གི་གནས་ཚུལ་ཕྱོགས་རེ་བ་ཐོས་ཚད་ཕན་གནོད་ཅི་བྱུང་ལ་མ་ལྟོས་པར་འགོད་རྐྱང་བྱེད་པ་ལས་བཙན་བྱོལ་བོད་པའི་སྤྱི་ཚོགས་རང་ལ་ཞབས་ཞུ་བསྒྲུབ་ཐུབ་ན་ལས་འགན་གཙོ་བོ་དེ་འདི་རེད་བསམ་གྱི་འདུག

    Reply
  10. རིག་རང་སྐྱེས། says:
    ལོ་ 12 སྔོན།

    བཀའ་ཤག་གིས་འཁྲབ་སྟོན་འཁྲབ་ཀྱི་འདུག ཡང་ཨ་མ་ལྡོམ་པོ་སྐྱིད་ལ་ཁ་ཡག་འདྲ་བཤད་ནས་ཁ་འགོག་ན་འདོད་གོ་གིི

    Reply
  11. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་ གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་བོད་དོན་ཆེད་བོར་བརླག་ཏུ་ཕྱིན་པར་སེམས་གསོའི་ཆེད་ཧིན་སྒོར་ ༥༠༠༠ གནང་སོང་ལ། དེ་དང་མཉམ་དུ་དེ་སྔའི་གླིང་ཚའི་དཔེ་དེབ་ཀྱི་མ་ཟིན་བཅུག་ཡོད་པའི་མཐེབ་སྡེར་དེ་ཡང་ཕྱིར་སློག་གནང་སོང་། ་་་་་

    Reply
  12. བློ་བཟང་། says:
    ལོ་ 12 སྔོན།

    བཀའ་ཤག་ལ་ངོ་མ་གད་མོ་ཤོར་གི འཚམས་འདྲི་དང་ཧིན་སྒོར་ལྔ་སྟོང་དེ་ཕྱི་དྲགས་པ་རེད། ས་གྲགས་གནམ་གྲགས་ཆགས་པའི་རྗེས་ལ་རྒྱུག་འདུར་བྱེད་ཀྱིན་འདུག
    དེ་ལས་ཨ་མ་ལྡོམ་པོ་སྐྱིད་ཀྱིས་རེ་སྐུལ་ཞུས་པ་ནང་བཞིན་བོད་པ་དང་ཤ་ཁྲག་གཅིག་པའི་ཕ་དམ་པ་རུས་ཁོག་ཅན་དེའི་ཕྲུ་གུ་གཉིས་ལ་བདག་པོ་རྒྱག་དགོས་པ་དང་། བུ་སྙིང་རུས་ཅན་གླིང་ཚ་ཚེ་རྡོར་གར་སོང་ཅི་ཆགས་ལ་འཚོལ་ཞིབ་གནང་རོགས་ཞེས་རེ་སྐུལ་ཞི་བཞིན་ཡོད་དོ།།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese