མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་ཡོན་དང་མཐོང་རྒྱ་ཡོད་ཀྱང་ལྷག་བསམ་ཐད་རིམ་གྱིས་བལྟ་དགོས།

བོད་ཀྱི་དུས་བབ།
༢༠༡༤/༠༤/༡༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གངས་སྐྱིད་གཉའ་ཁྲི་ཚོཊ་ཁང་དུ་བོད་མིའི་སྒྲིག་འཛུཊ་ཀྱིས་རྒྱལ་སྤྱིའི་ནང་འབད་བརྩོན་གནང་ཕྱོགས་སྐོར་བགྲོ་གླེང་ཞིག་ཚོཊ་སོང་བ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་གཞོན་སྐྱེས་ཚོ་རྒན་པ་ལས་ཤེས་ཡོན་དང་མཐོང་རྒྱ་ཆེ་ཡང་ལྷག་བསམ་ཐད་རིམ་གྱིས་བལྟ་དགོས་སྐོར་གསུངས་སོང་།

 དེ་རིང་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་ནང་འབད་བརྩོན་གནང་ཕྱོགས་སྐོར་གྱི་བགྲོ་གླེང་ཞིག་ཚོགས་སོང་བ་དང་། བགྲོ་གླེང་དབུ་འབྱེད་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་གཙོས་ཡོ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག ཨ་རིའི་སྐུ་ཚབ་དོན་གཅོད་སྐལ་རྡོར་ལགས། ཐའེ་ཝན་དོན་གཅོད་ཟླ་བ་ཚེ་རིང་ལགས། ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོཊ་ལཊ་སོཊ་ཀྱིས། བཙན་བྱོལ་བོད་མིའི་སྒྲིག་འཛུཊ་ཀྱིས་རྒྱལ་སྤྱིའི་ཐོག་བོད་དོན་ཁྱབ་བསྒྲཊ་གནང་བའི་བརྒྱུད་རིམ་དང་ད་ལྟའི་འཕོ་འགྱུར་སོཊ་ཀྱི་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་སོང་། 

 བགྲོ་གླེང་དབུ་འབྱེད་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཚོགས་འདུའི་དགོས་དམིགས་སོགས་གསུངས་དོན། “དེ་རིང་བགྲོ་གླེང་འདི་གོ་སྒྲིག་གནང་དགོས་པའི་ཐོག་མའི་དམིགས་ཡུལ་ནི། རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཕྱིར་མིག་ཅིག་གཟིགས་པ་ཡིན་ན། གྲུབ་འབྲས་གང་འཚམ་ཐོན་པ་དེར་བསྐྱར་ཞིབ་ཅིག་བྱས་ཏེ། སློབ་གསོ་ག་རེ་ལེན་རྒྱུ་ཡོད་ན་བླངས་ནས་མ་འོངས་པར་བོད་མིའི་སྒྲིག་འཛུགས་ཀྱིས། རྒྱལ་སྤྱིའི་སྟེང་བོད་དོན་ཐད་འབད་བརྩོན་གནང་བར་ཐུགས་ཕན་གསོ་བའི་ཆེད་དུ་རེད། ཉེ་ཆར་ང་ཝ་ཤིན་ཊོན་དུ་ཐེངས་འགར་བཅར་བ་དང་། སྐབས་དེར་ཁོང་ཚོས་ཨ་རིས་བོད་དོན་ལ་གཞན་ལས་ལྷག་རྒྱབ་སྐྱོར་བྱེད་དགོས་དོན་གཙོ་བོ་ ༧གོང་ས་མཆོག་གི་མཚན་སྙན་གྲགས་དང་། བོད་པ་ཟེར་དུས་ཡ་རབས་བཟང་སྤྱོད་དང་དྲང་བདེན་ཅན། དཀའ་ལས་རྒྱག་མཁན་ཡིན་སྟབས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མ་གཏོགས་ཁྱེད་ཚོའི་སྐད་འབོད་ཤུགས་ཆེ་བ་དང་མི་འབོར་མང་དྲག་པ། ཨ་རིའི་གཞུང་ལ་ཐད་ཀར་ཁེ་ཕན་ཡོད་པའི་རྐྱེན་གྱིས་མིན་ཞེས་ལབ་ཀྱི་འདུག གང་ཡིན་ཟེར་ན། ང་མི་གསར་པ་ཞིག་བསླེབས་བསྡད་ཡོད་པ་རེད། ང་ཚོ་སྲི་ཞུ་བའི་ནང་དུའང་གཞོན་སྐྱེས་མང་པོ་ཡོད་པ་རེད། རྒན་པ་ཚོ་དང་བསྡུར་བ་ཡིན་ན། ཕལ་ཆེར་ཤེས་ཡོན་དང་མཐོང་རྒྱའི་ཐད་གཞོན་སྐྱེས་ཚོ་ཡག་བོ་ཡོད་སྲིད་པ་རེད། ཡིན་ནའང་། ལྷག་བསམ་རྣམ་དག་དང་ཡ་རབས་བཟང་སྤྱོད། དཀའ་ལས་རྒྱག་གི་ཡིན་བསམ་པའི་དམ་བཅའ་དེ་རྒན་པ་ལས་ལྷག ཡང་ན་ཁོང་ཚོ་དང་མཉམ་པ་ཡོད་མེད་རིམ་པས་གཟིགས་དགོས་པ་རེད་བསམ་གྱི་འདུག “ཅེས་སོགས་གསུངས་སོང་།

དེ་རྗེས་ཡོ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས་བོད་རྒྱ་འབྲེལ་མོལ་དང་། ཡོ་རོབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགན་འཁུར་ཞེས་པའི་བརྗོད་གཞིའི་ཐོག་གསུངས་དོན། “བོད་ཀྱི་དཀའ་རྙོག་དེ་རྒྱ་ནག་དང་མཉམ་དུ་ཞི་མོལ་ལ་བརྟེན་ནས་སེལ་དགོས་ན། ཞི་མོལ་གྱི་ཐབས་ལམ་ལ་ཁྱད་ཆོས་ཁ་ཤས་ཤིག་ཚང་དགོས་ཀྱི་འདུག་བསམ་གྱི་ཡོད། བོད་པའི་ལྟ་ཕྱོགས་ཀྱི་ཐོག་ནས་ཁྱད་ཆོས་གཙོ་བོ་དེ་བོད་ཀྱི་ཛ་དྲག་གི་གནས་སྟངས་དང་རན་པའི་ལམ་ཀ་ཞིག་རྙེད་དགོས་ཀྱི་ཡོད་པ་རེད། དང་པོ་གང་མགྱོགས་ཀྱི་ཐབས་ལམ་ཞིག་གི་ཐོག་ནས་དཀའ་རྙོག་སེལ་ཐབས་འཚོལ་དགོས་པ་དང་། གཉིས་པ་ཐབས་ལམ་དེ་ཡང་བོད་པའི་ཆོས་དང་རིག་གཞུང་ལ་མཐུན་པ་ཞིག་དགོས་ཀྱི་ཡོད། གསུམ་པ་ཐབས་ལམ་དེའི་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་དོན་དང་མ་འགལ་བ་ཞིག་དགོས་པ་རེད། བཞི་པ་ཐབས་ལམ་དེར་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་རག་ཐུབ་པ་ཞིག་དང་། ཐབས་ལམ་དེའི་ཐོག་ནས་བོད་ཀྱི་དཀའ་ངལ་སེལ་བར་རོགས་འདེགས་གནང་ཐུབ་པ་ཞིག་དགོས་ཀྱི་ཡོད་པ་རེད། “ཅེས་གསུངས་སོང་།

ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་བོད་དང་ཨ་ཧྥེ་རི་ཁ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་དོན། “ཕྱི་ལོ་ ༡༩༩༠ ནས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་བོད་དོན་གླེང་སློང་གནང་སྟེ། ༡༩༩༥ ལོར་བོད་དོན་ལ་ལག་པ་འཆང་དགོས་ཟེར་མཁན་གྱི་ཚོགས་མི་ ༢༢ དང་འཆང་མི་དགོས་ཟེར་མཁན་ ༢༢ བཅས་གྲངས་འབོར་འདྲ་མཉམ་བསླེབས་ཡོད་པ་དང་། དེ་ནི་བོད་དོན་འཐབ་རྩོད་ཀྱི་བརྒྱུད་རིམ་ཁྲོད་ནས་རྒྱལ་ཁ་ཆེ་ཤོས་ཤིག་ཏུ་བརྩིས་ཡོད་ཀྱང་། ཕྱིས་སུ་བོད་དོན་ལ་ལག་པ་འཆང་དང་མ་འཆང་གི་གྲོས་ཆོད་འཇོག་པའི་ལས་རིམ་ནང་བསླེབས་སྐབས། གྲོས་ཆོད་འཇོག་དགོས་ཀྱི་འདུག་ཟེར་མཁན་ ༢༠ དང་འཇོག་དགོས་ཀྱི་མི་འདུག་ཟེར་མཁན་ ༢༡ བྱུང་སྟེ་འོས་གཅིག་གིས་ཤོར་བ་རེད། གང་འདྲ་བྱས་ནས་ཤོར་བ་རེད་ཟེར་ན། ཨུ་རུ་སུ་བོད་ཀྱི་གནད་དོན་ལ་ལག་པ་འཆང་དགོས་ཀྱི་འདུག་ཟེར་མཁན་ནང་ཡོད་ཀྱང་། གྲོས་ཆོད་འཇོག་སྐབས་གྲོས་ཆོད་འཇོག་དགོས་ཀྱི་མི་འདུག་ཟེར་ནས་འོས་ཤོར་བ་རེད། དང་ཐོག་ཚོགས་མིའི་ནང་བར་ཞུགས་ ༩ ལས་མེད་ཀྱང་། ཧྥེ་ལི་པིན་དང་ཨེ་ཅིབ། དེ་བཞིན་རྒྱལ་ཁབ་གཞན་ཞིག་བཅས་བར་ཞུགས་ཏུ་ཕྱིན་ཏེ་ ༡༢ ཆགས་པ་རེད། དེ་འདྲའི་རྒྱལ་སྤྱིའི་ཐོག་བོད་པའི་ཆབ་སྲིད་ཀྱི་གནད་དོན་གླེང་སློང་ཆེན་པོ་དང་གོ་སྐབས་གསར་པ་ཞིག་ལ་འཕྲད་སྐབས། འོས་ཤོར་བའི་གནད་དོན་གང་ལ་ཐུག་ཡོད་ཞིབ་འཇུག་བྱེད་སྐབས། འགྲོ་བ་མིའི་ཐོབ་ལྷན་ཚོགས་ཀྱི་ཚོགས་མི་ ༥༥ ནང་ལྷོ་ཨ་ཧྥེ་རི་ཁའི་ཚོགས་མི་ ༡༥ ཡོད་པ་ཚང་མས་བོད་དོན་ལ་རྒྱབ་སྐྱོར་བྱས་མེད་པ་དང་། དེ་བཞིན་དཀྱིལ་ཤར་ཨེ་ཤ་ཡའི་ཁུལ་གྱི་ཚོགས་མི་ཚོས་ཀྱང་རྒྱབ་སྐྱོར་བྱས་མེད་པ་ཤེས་རྟོགས་བྱུང་སྟབས། བོད་པའི་འཐབ་རྩོད་དེ་ནུས་པ་དང་གྲུབ་འབྲས་ལྡན་པ་ཞིག་ཡོང་དགོས་ན། ཁུལ་དེ་གཉིས་གལ་ཆེན་དུ་མཐོང་ནས་འབྲེལ་བ་མགོ་བཙུགས་ཏེ། ༡༩༩༧ ལོར་ལྷོ་ཨ་ཧྥེ་རི་ཁའི་སྐུ་ཚབ་དོན་གཅོད་ཁང་གསར་འཛུགས་གནང་བ་དང་། ༸གོང་ས་མཆོག་ཐེངས་ ༣ ལ་ཁུལ་དེར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཐུབ་པ་སོགས་འབྲེལ་ལམ་ལ་ཡར་རྒྱས་ཕྱིན་ཡོད་པ་རེད། “ཅེས་གསུངས་སོང་།

ཨ་རིའི་སྐུ་ཚབ་དོན་གཅོད་སྐལ་རྡོར་ལགས་ཀྱིས་བྱང་ཨ་རིའི་སྐུ་ཚབ་ཀྱི་ལས་ཁུར་ཞུས་ནས་ཟླ་བ་ ༨ ལྷག་གི་རིང་༧གོང་ས་མཆོག་གི་ཆིབས་བསྒྱུར་ཐེངས་གཉིས་དང་། སྲིད་སྐྱོང་མཆོག་གི་ཆིབས་བསྒྱུར་ཐེངས་ ༢། དེ་བཞིན། ཝ་ཤིང་ཊོན་དུ་དོན་གཅོད་ཁང་གནས་སྤོར་བཅས་ཀྱི་ཆེད་བྲེལ་བ་ཆེན་པོ་བྱུང་སྐོར་དང་། མ་འོངས་པར་དོན་གཅོད་ཀྱི་ལས་གཞི་ཆེ་ཤོས་དེ། ཨ་རིའི་བོད་དོན་དམིགས་བསལ་སྐུ་ཚབ་གསར་པ་དང་མཉམ་དུ་བོད་དོན་ཐད་ལས་ཀ་ཤུགས་ཆེ་ཙམ་བྱེད་རྒྱུ་དང་། ༢༠༠༢ ལོར་ཨ་རིའི་གྲོས་ཚོགས་ཀྱིས་གཏན་འབེབས་གནང་བའི་སྲིད་བྱུས་( Tibetan Policy Act) ལ་འགྱུར་བ་གཏོང་ཐབས་ཀྱི་ལས་གཞི་གསར་པ་ཞིག་བཟོ་བཞིན་ཡོད་པ་ལྟར། ལས་གཞི་དེ་ཚར་ན་ཨ་རིའི་གྲོས་ཚོགས་སུ་ཕུལ་ཏེ་རྒྱབ་སྐྱོར་རག་ཐབས་སུ་འབད་བརྩོན་བྱེད་རྒྱུ། སྤྱིར་བཏང་དེང་སང་ཨ་རིའི་ནང་རྒྱ་ནག་གི་ཤུགས་རྐྱེན་ཆེན་པོ་ཡིན་ཡང་མུ་མཐུད་རྒྱབ་སྐྱོར་འཚོལ་ཐབས་དང་། དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ལས་འཆར་མང་པོ་ཡོད་སྐོར་གསུངས་སོང་།

ལྷོ་ཨ་རིའི་འབྲེལ་མཐུད་པ་ཚེ་དབང་ཕུན་ཚོགས་ལགས་ཀྱིས་བོད་དང་ལྷོ་ཨ་རིའི་འབྲེལ་ལམ་ཐོག  སྤྱིར་བཏང་རྒྱ་གར་གཞུང་གི་འཕྲོས་བཙན་བྱོལ་བོད་མིར་རྒྱབ་སྐྱོར་ཤུགས་ཆེ་ཤོས་གནང་མཁན་ཨ་རི་ཆགས་ཡོད་ཀྱང་། ཉེ་བའི་ལོ་མང་ནས་བཟུང་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་ཚོང་ལས་འབྲེལ་བ་ཤུགས་ཆེ་རུ་ཕྱིན་ཏེ།  ༢༠༠༨ ལོ་ནས་ལཱ་ཌེན་ཨ་མེ་རུ་ཁའི་ནང་རྒྱ་ནག་གི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།  དེའི་རྒྱུ་མཚན་གཅིག་རྒྱ་ནག་ནང་གི་བཟོ་གྲྭ་མང་པོའི་ཐོན་ཁུངས་ལཱ་ཌེན་ཨ་མེ་རུ་ཁ་ཆགས་བསྡད་ཡོད་པ་དང་། རྒྱུ་མཚན་གཞན་ཞིག་རྒྱ་ནག་གི་བརྒྱ་ཆ་ ༥༠ གྲོང་ཁྱེར་ཅན་དུ་གྱུར་ཏེ། ཟས་རིགས་ཀྱི་ཐོན་ཁུངས་ཇེ་ཞན་དུ་སོང་སྟབས།  ལཱ་ཌེན་ཨ་མེ་རུ་ཁ་རྒྱ་ནག་གི་ཟས་རིགས་ཐོན་ཁུངས་གཙོ་བོ་ཞིག་ཆགས་ཡོད། དེ་བཞིན། ལཱ་ཌེན་ཨ་མེ་རུ་ཁར་ཚོང་ལས་ཀྱི་མ་རྩ་ཕོན་ཆེན་དགོས་བ་ལྟར་རྒྱ་ནག་མ་རྩ་འཇོག་མཁན་ཆེ་ཤོས་ཆགས་ཡོད་པ་ལྟར། ཕྱོགས་གཉིས་ཀྱི་ཚོང་འབྲེལ་ཤུགས་ཆེ་རུ་ཕྱིན་པ་དང་བསྟུན་ལཱ་ཌེན་ཨ་མེ་རུ་ཁའི་ནང་བོད་དོན་ཐད་མངོན་གསལ་དོད་པོའི་རྒྱབ་སྐྱོར་གནང་མཁན་ཇེ་ཉུང་དུ་ཕྱིན་ཡོད་སྐོར་སོགས་གསུངས་སོང་།

ཉིན་རྒྱབ་ཏུ་ཐའེ་ཝན་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་བོད་དང་ཐའེ་ཝན་ཞེས་པའི་བརྗོད་གཞིའི་ཐོག་གསུངས་དོན། “ཐའེ་ཝན་བོད་བརྒྱུད་ནང་པས་བཙན་བྱོལ་ནང་གི་དགོན་པ་ཁག་ལ་ཞབས་འདེབས་རྒྱུད་ནུས་པ་ཆེན་པོ་འདོན་གྱིན་ཡོད་པ་མ་ཟད། བོད་ནང་གི་དགོན་སྡེ་དང་སློབ་གྲྭ་སོགས་ལ་རོགས་སྐྱོར་ཤུགས་ཆེན་གནང་བཞིན་ཡོད་པ་དང་། དེ་བཞིན། ཐའེ་ཝན་ནང་པ་གཙོས་པའི་ཞབས་འདེབས་ཀྱིས་དོན་གཅོད་ཁང་གི་འགྲོ་སོང་མང་ཆེ་བ་དང་། འདས་པའི་ལོ་ཤས་ནང་དེབ་སྔོན་པོའི་ཞབས་འདེབས་ཧིན་སྒོར་ས་ཡ་གཉིས་བརྒལ་བ་སོགས། འདས་པའི་ལོ་ཤས་ནང་ཐའེ་ཝན་གྱི་དཔལ་འབྱོར་ཉམས་རྒུད་དུ་སོང་ཡོད་ཀྱང་། བོད་མིར་མུ་མཐུད་དུ་རྒྱབ་སྐྱོར་གནང་བཞིན་ཡོད་པ་མ་ཟད། ཐའེ་ཝན་མི་མང་གི་གོ་རྟོགས་གོང་འཕེལ་ཕྱིན་པ་དང་བསྟུན་ཏེ། བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་བཞིན་འདུག “ཅེས་གསུངས་སོང་།

ཨུ་རུ་སུའི་སྐུ་ཚབ་དོན་གཅོད་ངག་དབང་རབ་རྒྱལ་ལགས་དངོས་སུ་ཕེབས་ཐུབ་མེད་ཀྱང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་བསོད་ནམས་བསྟན་འཛིན་ལགས་ཀྱིས་ཁོང་གི་གསུང་བཤད་རྩོམ་ཡིག་སྒྲོག་སྦྱངས་གནང་བའི་ནང་། ཕྱི་ལོ་ ༡༩༧༩ ལོར་ ༧གོང་ས་མཆོག་རྒྱལ་ཁབ་དེའི་ནང་ཆིབས་བསྒྱུར་བསྐྱངས་བ་ནས་བཟུང་སྟེ། ཨུ་རུ་སུའི་མི་མང་དང་བོད་མིའི་བར་རིག་གཞུང་གི་འབྲེལ་ལམ་མགོ་བཙུགས་ཏེ་ཡར་རྒྱས་གོང་འཕེལ་དུ་ཕྱིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱེད་སྐབས་ཨུ་རུ་སུ་གཞུང་གིས་བོད་རྒྱ་ནག་གི་ཁོངས་གཏོགས་སུ་ངོས་འཛིན་བྱས་ཡོད་པ་དང་། ཕྱི་ལོ་ ༡༩༦༠ དང་ ༡༩༧༠ ནང་རྒྱ་ནག་དང་ཨུ་རུ་སུ་བར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་གྱུར་རྗེས། ཨུ་རུ་སུའི་བོད་ཐོག་བཟུང་བའི་ལངས་ཕྱོགས་ལ་ཕྲན་ཙམ་འགྱུར་བ་ཕྱིན་ཡོད་པ་དང་། ཕྱིས་སུ་ཨུ་རུ་སུའི་རྒྱལ་ས་གཙོས་མངའ་སྡེ་དང་གྲོང་ཁྱེར་ཁག་གི་ནང་བོད་དོན་རྒྱབ་སྐྱོར་གྱི་རྣམ་པ་དར་ཁྱབ་ཏུ་ཕྱིན་ཡོད་ཀྱང་། ༢༠༡༢ ལོར་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཊེན་རྒྱ་ནག་ནང་ཕེབས་པ་དེ་རྒྱལ་ཁབ་གཉིས་བར་འབྲེལ་འདྲིས་ཀྱི་རྣམ་པ་གསར་པ་ཞིག་ཏུ་ངོས་འཛིན་བྱེད་དགོས། ཡིན་ནའང་། རྒྱལ་སྤྱིའི་ཐོག་རྒྱ་ནག་དེ་ཁྲོམ་ར་ཆེན་པོ་ཞིག་ཏུ་རྩི་བཞིན་ཡོད་སྟབས། དེའི་ཚོད་ཀྱིས་རྒྱ་ནག་ལ་འབྲེལ་བ་བྱེད་བཞིན་ཡོད་པ་དུས་ཚོད་ཀྱི་འགྱུར་བ་ཞིག་ཡིན་ལ། སྤྱི་ཡོངས་ནས་ཨུ་རུ་སུའི་ནང་བོད་ཀྱི་ཆོས་དང་རིག་གཞུང་། ལྷག་པར་དུ་གསོ་བ་རིག་པར་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་སྟབས། གོ་སྐབས་དེ་དང་བསྟུན་ནས་བོད་མིའི་ཕྱོགས་ནས་གོམ་པ་མདུན་དུ་སྤོ་དགོས་པ་ཧ་ཅང་གལ་ཆེན་ཡིན་སྐོར་བཀོད་འདུག

བགྲོ་གླེང་ཉིན་དང་པོ་ཕྱི་ཚེས་ ༡༧ ཉིན། བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ་སྐུ་ཞབས་གྷེབ་རིལ་ལཱ་ཕི་ཊི(Gabriel lafitte)ལགས་ཀྱིས་ཁྱད་དུ་འཕགས་པའི་བོད་ཅེས་པའི་ཐོག་གསུང་བཤད་གནང་ཡོད་པ་དང་། དེ་བཞིན། སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚོས་སོ་སོའི་དཔྱད་རྩོམ་སྒྲོག་སྦྱངས་དང་བསམ་ཚུལ་བརྗེ་རེས་བཅས་གནང་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༩ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༢༠ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༢༠ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

༢༠༢༦/༠༣/༡༡
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 2

  1. ཆོས་འཕེལ། says:
    ལོ་ 12 སྔོན།

    པདྨ་མཚོ་ལགས་ཀྱིས་ཀློག་རིན་ཡོད་པའི་གསར་འགྱུར་ཞིག་བྲིས་འདུག་ཐུགས་རྗེ་ཆེ། གསར་འགྱུར་འབྲི་སྐབས་ཕྱོགས་རེ་བ་ཙམ་མ་ཡིན་པར་ཞིབ་འབྲི་ཧ་ཅང་གལ་ཆེན་པོ་རེད་དེ་ནས་མི་སུ་ཞིག་གིས་སྐད་ཆ་ཅི་ཞིག་བཤད་པའང་མགོ་རྔ་ཚར་བར་ཞིབ་ཚགས་མོས་འབྲི་རྒྱ་ཧ་ཅང་གལ་ཆེན་རེད

    Reply
  2. བློ་བཟང་རྡོ་རྗེ། says:
    ལོ་ 12 སྔོན།

    ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་བ་ཡུ་རོབ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གི་གསུངས་བཤད་ལ་ཧ་ཅང་དོན་སྙིང་ཆེན་པོ་ལྡན་འདུག (བོད་ཀྱི་དཀའ་རྙོག་དེ་རྒྱ་ནག་དང་མཉམ་དུ་ཞི་མོལ་ལ་བརྟེན་ནས་སེལ་དགོས་ན། ཞི་མོལ་གྱི་ཐབས་ལམ་ལ་ཁྱད་ཆོས་ཁ་ཤས་ཤིག་ཚང་དགོས་ཀྱི་འདུག་བསམ་གྱི་ཡོད། བོད་པའི་ལྟ་ཕྱོགས་ཀྱི་ཐོག་ནས་ཁྱད་ཆོས་གཙོ་བོ་དེ་བོད་ཀྱི་ཛ་དྲག་གི་གནས་སྟངས་དང་རན་པའི་ལམ་ཀ་ཞིག་རྙེད་དགོས་ཀྱི་ཡོད་པ་རེད། དང་པོ་གང་མགྱོགས་ཀྱི་ཐབས་ལམ་ཞིག་གི་ཐོག་ནས་དཀའ་རྙོག་སེལ་ཐབས་འཚོལ་དགོས་པ་དང་། གཉིས་པ་ཐབས་ལམ་དེ་ཡང་བོད་པའི་ཆོས་དང་རིག་གཞུང་ལ་མཐུན་པ་ཞིག་དགོས་ཀྱི་ཡོད། གསུམ་པ་ཐབས་ལམ་དེའི་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་དོན་དང་མ་འགལ་བ་ཞིག་དགོས་པ་རེད། བཞི་པ་ཐབས་ལམ་དེར་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་རག་ཐུབ་པ་ཞིག་དང་། ཐབས་ལམ་དེའི་ཐོག་ནས་བོད་ཀྱི་དཀའ་ངལ་སེལ་བར་རོགས་འདེགས་གནང་ཐུབ་པ་ཞིག་དགོས་ཀྱི་ཡོད་པ་རེད། )

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese